| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀ་ལ་ཡ་ན་ཀཱ་མ་དྷེ་ནུ། བོད་སྐད་དུ། དགེ་བའི་འདོད་འཇའོ།། བདུད་ཀྱི་སྟོབས་བཅོམ་པ་ལ་ཕྱག་འཚལ་ལོ།། ངན་འགྲོའི་ལམ་ནི་བཟློག་མཛད་པ།། སངས་རྒྱས་མཆོག་ལ ་ཕྱག་འཚལ་ལོ།། ཡིད་ཆེས་ལུང་ནི་ཇི་བཞིན་དུ།། དགེ་བའི་འདོད་འཇོ་རྣམ་པར་དབྱེ།། རིན་ཆེན་བྱུ་རུའི་མཛོད་གྱུར་པ།། དཔའ་བོ་གཅིག་སྒྲུབ་བསྔགས་ཡན་ལག། སྤྲོས་པ་རིན་ཆེན་མྱུ་གུ་ཅན།། དགེ་བའི་འདོད་འཇོ་བསྟ། ་པར་བྱ་ཞེས་བྱ་བ་ལ། མངོན་དུ་བྱ་བས་རིན་ཆེན་དེ་དངོས་གྲུབ་བོ།། དེ་ཉིད་བྱུ་རུ་སྟེ་ནོར་བུའི་ཁྱད་པར་རོ།། མཛོད་ནི་དེའི་གནས་སུ་གྱུར་པའི་མཛོད་དོ།། དཔའ་བོ་གཅིག་སྒྲུབ་སྔགས་ཡན་ལག་ཅེས་བྱ་བ་ལ། དཔའ་བོ ་གཅིག་ཅེས་བྱ་བ་ནི་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པ་ལ་ལྟོས་པ་མེད་པ་སྟེ་སྔགས་སོ།། སྔགས་དེའི་སྦྱོར་བ་ལས་ཡོན་ཏན་རྣམས་འཇོམས་ན། ཡན་ལག་སྟེ་ནུ་སེར་ལྟ་བུའོ།། སྤྲོས་པ་དང་ནི་དངོས་གྲུབ་ཀྱི ་སྒྲུབ་ཐབས་ཀྱི་བྱེ་བྲག་གོ།། དེ་ཉིད་འདོད་པའི་དོན་རྫོགས་པར་བྱེད་པས་ན་རིན་པོ་ཆེའོ།། དེའི་མྱུ་གུ་བའི་ཡང་མྱུ་གུ་དང་འདྲ་བའི་རྭ་ཡོད་པ་སྟེ་བསྟན་བཅོས་སོ།། དེ་ཉིད་གང་ཞེ་ན། དགེ་བའི་འདོད་འཇོ་ཞེས་བྱ་བ་སྨོས ་དེ་དགེ་བའི་ཆོས་ཀྱི་རྗེསུ་འགྲོ་བའི་ཡེ་ཤེས་སོ།། འདོད་པ་ནི་དེར་འདུན་པའོ།། འདོད་པ་དེ་ཡོངས་སུ་རྫོགས་པར་འཇོ་བས་ན་བཞོ་བ་སྟེ། བསྟན་བཅོས་ཀྱི་བ་ལས་བཞིའི་རྐང་ལག་བཞི་དང་ལྡན་པའོ།། ། ་སྔགས་ཀུན་མང་དུ་ཕྱག་འཚལ་དང་།། སྭཱ་ཧཱ་སྦྱར་བའི་རང་བཞིན་ཅན།། དེ་བས་ལུང་དུ་མ་བསྟན་ཡང་།། ཐོག་མ་ཐ་མར་སྦྱར་བར་བྱ་ཞེས་བྱ་བ་ལས། སྔགས་ཀུན་ཞེས་བྱ་བ་ནི་སྦྱར་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ཕྱག ་འཚལ་དང་སྭཱ་ཧཱ་སྦྱོར་ཞེས་བྱ་བ་ནི་དང་པོར་ཨོཾ་དད་ཐ་མར་སྭཱ་ཧཱ་ལྡན་པར་བྱའོ།། ལུང་དུ་མ་བསྟན་ཀྱང་ཞེས་བྱ་བ་ནི་དངོས་སུ་བསྟན་པ་མེད་ཀྱང་ངོ་།། ཐོག་མ་ཐ་མ་ཞེས་བྱ་བ་ལ་སོགས་པས་གཞན་འདི་ཡང་སྟོནྡ་ཏེ། སྟྭ་ཌ ་ཀྱི་དེ་ཁོ་ཉིད་རིག་བློབླ་ནཱི་མཱན?་ངག་ལས་སྔགས་སྤེལ་བ་དང་། སྔགས་སྠིར་དང་། སྔགས་གཟི་བྱིན་བསྐྱེད་པ་དང་། སྔགས་ཚིམ་པར་བྱ་བ་དང་། སྔགས་ཉེ་བར་བྱ་བ་ཤེས་པ་དག་གོ།། དེ་ལ་སྔགས་སྤེལ་བ་ནི། ཨོཾ་སཏྭ ་གེ་མོའི་ཨུ་པ་སརྦ་ཨེ་དྷི་རཀྵ་ཞེས་བྱ་བྷྱཱཾ་ནི་བྱཱ་སྲུང་བ་ལའོ།། ཞི་བ་ལ་ནི་ཨོཾ་ཨ་མྱཱ་ཀ་སྱཱ་ཤཱ་ཏཽ་ཀུ་ར་སྲྀ་ཏཱ་བྷེས་སོ།། ཉེ་བར་བྱ་བ་ནཾ། ཨོཾ་སཱ་དྷ་སིནྣ་རྔ་པ་ནཱ་མ་ཀུ་རུ་སྭཱ་དྷཱ་ཝས་སོ།། སྔགས་སྒྲུབ་པཱ་ལ་ནི། ཨོཾ་སྱཱ་ཏྭཱ་མནྟ་སིདདྷི ་མེ་ཀུ་རུ་སྭཱ་ཧཱཾ། ནད་བསལ་བ་ལ་ནི། ཨོཾ་ན་མོ་ན་མཿབྱཱ་དྷི་མེ་ཨ་པ་ན་ཡ་སྭཱ་ཧཱ། ཞེས་སོ།། རྒྱས་པ་ལ་ནཾ། བཽ་ཥ་པུཥྚི་མེ་ཀུ་རུ་སྣི་ཧཱ། ཞེས་སོ།། བསེད་པ་ནི། ཨོཾ་ཕཊ་ཨ་མུ་ཀཾ་ཧ་ན་ཧེ་ན་ཧཱུཾ་ཕཊ་ཅེསོ།། བསྐད་པ་ནི། ཧཱུཾ་ཨཾ་མུ་ཀ ་མུཙྪ་ཏཪྴ་ཡུ་ཧཱུཾ་ཞེས་སོ།། ཉེར་གཞུག་པ་ནི། ཨོཾ་ཨ་མྱ་ཀ་སྱེ་ཨ་མུ་གནྡྷ་པ་ཡ་སྭཱ་ཧཱ། ཞི་བ་ཆེན་པོ་ལ་ནི་ཨོཾ་སཱུ་ཧཱ་ཨ་མུ་ཀ་སྱ་ཨ་མུ་ཀཾ་ཨུ་པ་དྲ་བ་ཀྵ་ཡེ་སྭཱ་ཧཱ། ཞེས་སོ།། ཕུར་བུ་གདབ་པ་ནཱི། ཨོཾ་ཀཱི་ལི་ཀཱི་ལ་ཡ་སརྦན་ཧཱུཾ་ཞེསོ།། ་དྲི་དག་ལ་སོགས་པ་ཤེས་པར་བྱའོ།། སྦྱར་བ་ལ་ནི་སྔགས་ཐམས་ཅད་ལ་སྤྱི་བོར་ཐིག་ལེ་སྦྱིན་ནོ།། གཟི་བྱིན་བསྐྱེད་པ་ལ་ནི་ནཱ་ད་སྦྱིན་ནོ།། ཚིམ་པར་བྱེ་བ་ལ་ནི་ཁཾ་ངོ་།། ཉེ་བར་བྱ་བ་དཀྱིལ་འཁོར་གྱིས་ཏེ། ས་དང་ཆུ་དང ་མེ་དང་རླུང་གིས་དཀྱིལ་འཁོར་རྣམས་ལ་གཽ་རིམས་བཞིན་དུ་ཤེས་པར་བྱའོ།། ནང་སྟོང་གཟི་ལ་དབྱིག་གོམས་པས།། མངོན་པར་མཐོ་འགྱུར་ཐེ་ཚོམ་མོད།། རྨུགས་འཛིན་ཆུ་དབང་གིས་ཀྱང་ནི།། སྐྱེས་བུ་གང་ཡིན་དེ་འདྲར ་འགྱུར། ཞེས་བྱ་བ་ནི། ནང་ཞེས་བྱ་བའི་སྒྲས་ནི་ལུས་ཀྱི་ནང་གཟུང་ངོ་།། སྟོང་ཞེས་བྱ་བ་ནི་བདག་མེད་པའི་སྟོང་པའོ།། གཟི་ཞེས་བྱ་བ་ནི་གཟི་བརྗིད་དེ་མེའི་དཀྱིལ་འཁོར་རོ།། དབྱིག་ཅེས་བྱ་བ་ནི་ནོར་རྒྱུན་མ་སྟེ་གོམས་པར ་བསླབས་པའོ།། མངོན་པར་མཐོ་བ་ནི་མངོན་པར་མཐོ་བའི་དཔལ་ལོ།། འགྱུར་བ་ནི་འཐོབ་པའོ།། དེ་བཞིན་དུ་རྨུགསུ་འཛིན་ཆུ་དབང་གོམས་པས་ཀྱང་།། མཐོ་བ་ཐོབ་འགྱུར་རོ།། འདིར་སྦྱོར་བ་ནི་འདི་ཡིན་ཏེ། སྙིང་གར་དཀྱིལ ་འཁོར་གྲུ་གསུམ་མེའི་མདོག་ཅན་བསམས་ལ་དེའི་སྟེང་པདྨ་དཀར་པོ་འདབ་མ་བརྒྱུད་པ། དེའི་བདབ་མ་རྣམས་ལྀ། ཨོཾ་པ་སུ་དྷི་རི་ན་སྭཱ་ཧཱ། ཞེས་བྱ་བ་ནོར་རྒྱུན་མའི་ཡི་གེ་བརྒྱད་དགོད་དོ།། ལྟེ་བ་ལ་ནི་ཡི་གོ་བྲུཾ་གསུམ་བཀོད་ལ་ཡི ་གེ་རེ་རེ་ཞིང་ཡཾ་རཾ་གཉིས་དང་སྤེལ་ལོ།། ཕྱོགས་བརྒྱད་དུ་ནི་གནོད་སྦྱིན་ཆེན་པོ་བརྒྱད་ཀྱི་ས་བོན་བྲིས་ཏེ། མ་ཎི་བྷ་དྲ་དང་། པཱུརྞ་བྷ་དྲ་དང་། དྷ་ན་ད་ཡ་དང་། བཻ་ཤྲ་བཱ་ཎཱ་རྣམས་ནི་ཕྱོགས་བཞིར་རོ།། ཀ ་ལི་མཱ་ལི་དང་། པི་ཙི་ཀུན་ཌ་ལི་དང་། མུ་ཁེནྡྲཱ་ཡ་དང་། ཙ་རེ་ན་དྲཱ་ཡཽ་རྣམས་ནི་མཚམས་རྣམས་སུ་སྟེ། ཐམས་ཅད་ཀྱང་སྭཱ་ཧཱའི་མཐའ་ཅན་ནོ།། ཨོཾ་ཛཾ་བྷེ་ལ་ཛ་ལེན་དྲཱ་ཡ་ཞེས་བྱ་བའི་ཛཾ་བྷ་ལའི་ཡི་གེ་བརྒྱད་ནི་ཡང་པདྨ་འདབ་མ ་བརྒྱད་པ་ལ་དགོད་དོ།། ཡང་དབུས་ཀྱི་ལྟེ་བ་ལ་ཛཾ་མོ། གལ་ཏེ་བསམ་གཏན་བྱ་བར་མི་ནུས་ན་ནི་གསེར་ལ་སོགས་པའི་བྱང་བུ་ལ་འཁོར་ལོ་གཉིས་ནི་ཇི་ལྟ་བ་བཞིན་དུ་བྲིས་ལ་ཁ་སྦྱར་ཏེ་མར་དང་སྦྲང་རྩིའི་ནང་དུ་བཞག ་ལ་མཆོད་པ་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་དེར་བསྟིམས་ནས་ཉིན་རེ་ཞིང་དྲི་ཞིམ་པའི་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ།། ཡང་ན་གུར་ཀུམ་གྱི་ཆུའི་ནང་དུ་བཞག་སྟེ་མཆོད་ན་མུཐོ་རིས་ཀྱི་དཔལ་འཐོབ ་པར་འགྱུརརོ།། ཚིནྡ་ཚིནྡ་ཚིནྡ་ཞེས་བྱ་བར་བསྟན་པ་དང་། ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་གང་ཡིན་འབྲུ་ཚུགས་སུ་ན་མ་ན་ནི། ཤེས་གོམས་ཁྲོག་དང་ཤ་འགུགས་འགྱུར་ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཚི་སྙིང་ག་ར་ཧཱུཾ་ཕཊ། ་དམར་ཞིང་འབར་བ་དང་བཅས་པ་བསམས་ལ་སྲོག་གཉིས་གཅིག་ཏུ་བྱས་ཏེ། སྣ་སྒོ་གཡས་ནས་སྐུད་པ་དང་འདྲ་བར་ཕྱུང་ནས་བསྒྲུབ་བྱ་མདུན་དུ་བསམས་ལ། སྲོག་རྩེ་མོ་ལྔར་གྱུར་པ་དེས་བསྒྲུབ་བྱའི་དཔྲལ་བ་དང་། ཁ་དང ་སྙིང་ག་དང་། དཔུང་མགོ་གཉིས་ཀྱི་རྩ་རྣམས་ཕུག་སྟེ། བར་བར་དུ་སྔགས་བཟླས་ནས་དབུགས་རྔུབ་པས་སླར་དྲངས་ན་ཁ་འམ་སྣོད་ཀྱི་ནང་དུ་ཁྲག་དགུག་པར་བྱའོ།། གོམས་པ་ནི་གོམས་པར་བསླབས་པ་སྟེ། དང་པོར་ཤིང ་ཏོག་གང་ཡང་རུང་བ་རང་གིས་ལག་ཏུ་བཞག་ལ། སྔར་བསྟན་པའི་རྩ་སྔགས་ཀྱི་སྦྱོར་བས་དགུག་པར་བྱའོ།། དེ་ནས་སླར་ཡང་ཤུགས་ཀྱིས་དགུག་པར་བྱ་སྟེ། དེ་ལྟར་ཇི་སྲིད་དུ་འབྲས་བུ་རོ་ཁར་མྱོང་གི་བར་དུ་བསླབ་བོ།། ་དེ་ནས་ནིམ་པའི་ཤིང་ལ་སོགས་པ་ཐག་རིང་པོ་ན་གནས་པ་རྣམས་ཀྱང་བསྒྲུབས་ལོ། དེའི་འོག་ཏུ་ཁྲག་དགུག་པར་བྱའོ།། ནན་འདི་ནི་པ་ར་དེ་ཀྲ་ནི་ཁྱི་ནི། ཀྲཱྀ་ནི་ཁི་ནི། མ་ཧེ་ཞོན་པའི་སྙིང་པོ་འབུམ།། གུ་གུལ་རི་ལུ་སྦྱིན་སྲེག་བྱ ་སྡིག་ཅན་ཡིན་ཡང་དཔལ་འཕེལ་འགྱུར། ཞེས་བྱ་བ་ལ། མ་ཧེ་ཞེན་པའི་སྙིང་པོའི་སྔགས་ནི། ཨོཾ་ནན་ད་ན་བ་རི་ཏི་ད་ཀ་ནི་ཀཾ་ནི། ཁཾ་ནི་ཁི་ནི། ཤྲཱི་ཡཾ་མེད་ད་བཽ་ཥཊ་སྭཱ་ཧཱ། ཞེས་བྱ་བ་ཡིན་ནོ།། འདིའི་སྦྱོར་བ་ནི་འདི་ཡིན་ནོ།། རྡོ་རྗེ་ཧཱུ~ཾ་མཛད ་ཀྱི་རྣལ་འབྱོར་ལ་གནས་ནས་ཊཀྐི་རཱ་ཛི་ཐུགས་ཁོ་ནས་སྤྲོས་ཏེ། མཚོན་གྱི་མཆོག་ལྕགས་ཀྱུ་དད་ཞགས་པ་ཕྱུག་ན་བསྣམས་པ་མ་ཧེ་ལ་ཞོན་པའི་བགྲོད་དགའ་ལྷ་མོ་ཞལ་བརྒྱད་པ། ཁ་དོག་མོ་ར་ཀ་ཏ་ལྟར་སྔོ་བསངས་མི་མདུན ་དུ་དུ་བཀུག་ལ་ཨརྒྷ་བྱིན་ཏེ་སྔགས་འདི་ཉིད་ནི་བཟླས་བརྗོད་རྫོགས་ནས་མཆོད་པ་ཕུལ་ཏེ་གཤེགས་སུ་གསོལ་ལོ།། དེ་ལྟར་དུས་གསུམ་དུ་ཇི་སྲིད་འབུམ་ཕྲག་གཅིག་ཡོངསུ་རྫོགས་ཀྱི་བར་དུ་བཟླས་པས་སྔོན་དུ་བསྙེན་པ ་བྱས་པ་ལ། དེ་ནས་གུ་གུལ་གྱི་རི་ལུ་སྦྲུལ་གྱི་རུས་པའི་ཚད་ཙམ་བྱས་ལ་མར་དང་། སྦྲང་རྩི་དང་ཤ་ཁ་ར་དང་བཅས་པས་ཐབ་ཁུང་གུ་བཞི་པར་པ་ལ་ཤའི་མེ་སྦར་ལ། སྦྱིན་སྲེག་འབུམ་ཕྲག་གཅིག་བྱས ་ནདེའི་འོག་ཏུ་བདག་ཉིད་ཆེན་པོའི་དཔལ་འཐོབ་པར་འགྱུར།། དུར་འདབ་ལྷུར་ལྗང་གནོད་སྦྱིན་མ།། རྗེས་མཐུན་མཚན་མོ་བྲི་བར་བྱ།། ཡན་ལག་ཆ་ཡི་ཕྱཝ་བཀོད་ཅིང་།། ནོར་བུའི་རྒྱུན་གྱིས་འོད་འཕྲོ་བའོ་ཞེས་བྱ་བ་ལ། དུར་འདས ་ལྗང་ཞེས་བྱ་བ་དུར་བའི་འདབ་མ་ལྟུང་སྔོན་གྱི་ཁ་དོག་ཅན་ནོ།། མཚན་མོ་བྲི་བར་བྱ་བ་ནི་མ་ནཱ~ཾ་མའི་རང་བཞིན་པས་ངོ་ཚ་བ་དང་བཙོས་པའི་ཕྱིར་མཚན་མྱོ་བྲིའི་ཉིན་མོ་ནཱི་མ་ཡིན་ནོ།། རྗེས་མཐུན་ཞེས་བྱ་བ་ནི་ཡན་ལག་ཐང ་དང་ལྡན་ཞི་བའི་བཞིན་ཅན་གྱི། ཁྲོ་བར་ནི་མ་ཡིན་ནོ།། ཡན་ལག་ཆ་ཤས་ཞེས་བྱ་བ་ལ་ཁ་དང་། རྣ་བ་དང་སྣ་དང་མིག་དང་སོ་དང་མཆུ་ལ་སོགས་པའི་ཚོགས་ཏེ་ཕྲ་བཀོད་པ་ནི་དེ་རྣམས་ཀྱི་བརྒྱན་པའོ།། ཙི་འདྲ་ཞེ་ན། ནོར་བུ ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡན་ལག་གི་རྒྱུན་དེ་དག་ནི་ནོར་བུ་དང་འདྲ་བསོ་ནོར་བུ་སྟེ། ནོར་བུའི་རྒྱན་ལས་འོད་ཟེར་འཕྲོ་བ་ལྟར་ཡན་ལག་དེ་དག་གིས་བརྒྱན་པས་ཉེ་བར་འབར་ཞིང་མཛེས་པའོ།། གནོད་སྦྱིན་མ ་ཞེས་བྱ་བ་ནི་མནུའ་མ་ཞེས་བྱ་བར་གྲགས་པའི་གནོད་སྦྱིན་མའོ།། འདིའི་སྔགས་ནི་གྲུས་དྷྱཻ་བྷཱ་ར་དྷ་ར་གྲུས་ཛྱེ་སིདྡྷ་དྷཱི་ཞེས་བྱ་བའི་སྔགས་སྟོང་ཕྲག་གཅིག་བཟླས། ཕྱག་འཚལ་བསལ་ཞིང་མེ་དང་སྦྱར། སྤྲོས་ཀྱང་མནའ ་མ་མཛེས་མ་འགྲུབ་ཅེས་པའི་སྔགས་ནི། ཨ་གྲུས་ཛྱེ་བྷ་ར་བྷ་ར་གྲུས་ཛྱེ་སིདྡྷ་ས་མ་ཛྲ་ཧྱ་ཞེས་བྱའོ།། ཕྱག་འཚལ་བསལ་ཞིང་མེ་དང་སྦྱར་ཞེས་བྱ་བ་ནི་ཨོཾ་གྱི་གནས་སུ་ཨ་གདོན་པ་སྟེ། ངེས་བསྟེན་ན་དབང་དུ་འགྱུར་པ་བཞིན་དུ ་འགྲུབ་པའོ།། སྤྲོས་ཀྱང་ཞེས་བྱ་བ་ནི་བརྒྱད་བཀག་ཀྱང་ངོ་།། ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། མི་སྐྲྀ་བླ་གབ་མེད་པར་ཉལ།། ཟླ་ཕྱེད་ཁྲུས་གསུམ་གོས་གསུམ་བཛྲེ། ཛཱ་ཏིའོ་མེ་ཏོག་བརྒྱ་རྩ་བརྒྱད།། སྲེགས་ན་ཡིད་འོང་མཆོག་རྙེད ་འགྱུར། ཞེས་བྱ་བ་ལ། མི་སྨྲ་ཞེས་བྱ་བ་ནི་སྒྲུབ་པའི་གཡོག་འབའ་ཞིག་དང་སྨྲ་བར་བྱའི།། གཞན་དམ་ཚིག་མེད་པ་དག་དང་ལྡན་ཅིག་མི་སྨྲའོ།། བླ་བག་མེད་པར་ཉལ་ཞེས་བྱ་བ་ནི་སྟེང་སྐྱིབས་གཡོགས་མེད་པའི་གནས ་སུ་བ་ལང་གི་ལྕི་བས་བྱུགས་ནས་རྩཝ་ཀུ་ཤ་བཏིང་བའི་སྟེང་དུ་ཉལ་བར་བྱའོ།། ཇི་སྲིད་དུ་ཞེ་ནོ། ཟླ་བ་ཕྱེད་དུ་མར་ངོའི་ཞག་བཅོ་ལྔའི་བར་དུའོ།། གོས་གསུམ་བརྗེ་ཞེས་བྱ་བ་ནི་ཉིན་རེ་གཽས་དཀར་པོ་གཙང་མ་གསུམ་གསུམ་བཛྲེ ་བའོ།། འདིར་ཡང་སྔ་མ་བཞིན་དུ་མདུན་དུ་བཀྲི་བ་ལ་བཀུག་ལ། དྷི་དང་མེ་ཏོག་ལ་སོགས་པས་མཆོད་ལ། ཇི་སྲིད་འབུམ་ཕྲག་གཅིག་གི་བར་དུ་བཟླས་བརྗོད་བྱས་ལ་དེའི་འོག་ཏུ་ཛཱ་ཏིའི་མེ་ཏོག་བརྒྱ་རྩ་བརྒྱད་ལ་སྔགས་སོ ་སོར་བཟླས་ནས་བརྡེག་པར་བྱའོ།། ཆུང་མར་སྒྲུབ་ན་ནི་བྷཾ་ག་ལའོ།། སྲིང་མོར་སྒྲུབ་པ་ལ་ནི་ནུ་མ་ལའོ།། མར་སྒྲུབ་པ་ལོ་ནི་རྐང་པ་ལའོ།། བྲན་མོར་སྒྲུབ་པ་ལ་ནི་མགོ་ལའོ།། ཨརྐ་དཀར་ལས་མཐེབ་ཚད་ཀྱིས།། ཚོགས་བདག ་གཟུགས་བྱས་སྤྱིར་བཀན་ལ། མཐའ་ཡིག་བཟླས་ཏེ་བརྒྱན་བཀྱེ་ན།། ནམ་ཡང་འཕམ་པར་མི་འགྱུར་རོ།། ཞེས་བྱ་བ། སྐར་མ་རྒྱལ་གྱི་ཉིན་པར་ཨརྐ་དཀར་མོའི་རྩ་བ་བླངས་ཏེ།། ཚོགས་ཀྱི་བདག་པོའི་གཟུགས ་ཕྱག་བཞི་པ་གསུས་པ་འཕྱང་བ།། ཀླུའི་མཆོད་ཕྱིར་ཐོགས་ཅན་དང་།། ཕྱག་བཞིན་ཆེ་བ་དང་།། དགྲ་སྟ་དང་། ཞུགས་པོ་དང་། བགྲང་ཕྲེང་བ་བསྣམས་པ། མཐེ་བོའི་ཚད་ཙམ་བྱས་ལ། དེ་ལག་པས་བཟུང་སྟེ་དེ་ཉིད་ཀྱི་སྦྱོར་བ་འམ། ་རང་གི་ལྷའི་སྦྱོར་བས་སྔགས་འབུམ་ཕྲག་གཅིག་ཏུ་བཟླས་ཏེ། དེ་ནས་དེའི་སྦྱོར་བས་བཅིངས་ལ་ཚེ་ལོ་ལ་སོགས་པའི་རྒྱན་བཙེས་ན་ཕམ་པར་མི་འགྱུར་ཏེ་རྒྱལ་བར་འགྱུ་རོ།། མཐའི་ཡི་གེ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ ་འདིའི་མཐར་གནས་པའི་ཡི་གེ་སྟེ། ཨོཾ་གཱ་སྭཱ་ཧཱ་ཞེས་བྱ་བའོ།། ཨ་མ་ར་ནི་ཛཱི་བོན་ཏཱི་ཡེ། ཕྱག་འཚལ་སྭཱ་ཧྨ་ཁ་སྦྱར་བྱ།། རྨ་བྱ་ཆེན་པོའི་སྙིང་པོ་འདི།། བཟླས་ན་ལས་ཀུན་བྱེད་པར་འགྱུར།། ཞེས་བྱ་བ་ལ། སྔགས་ནཱི། ཨ་མ་ར་ཎི ་ཛཱི་བན་ཏཱི་ཡེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ཤིན་ཏུ་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། དེ་ལ་ནོར་ཀུན་ཏི་དང་པོ་ཙུ་མ་རྟིའི་རྩ་བ་དང་ཅོད་པན་ཁྱི་བྱ་ཁམ་པ་ཙན་གྱི་མཇུག་སྟེ་གཅིག་ཏུ་སྦྱོར་ལ་སྔགས་འདི་བརྒྱ་རྩ་བརྒྱད ་བཟླས་ཏེ། རིམས་ནད་ཀྱིས་ཟིན་པོ་ལ་བདུགས་ན། རིམས་ནད་ཐམས་ཅད་སེལ་བར་བྱེད་དོ།། གླད་གཟེར་ལ་ནི་མར་ནག་ལ་མངོན་པར་བཟླས་ཏེ་བསྐུས་ན། མགོ་བོའི་ཟུག་གཟེར་འཇོམས་སོ།། འབྲས་དང་འབྲུམ་ལ་ནི་བཟླས ་ཤིང་བྱབས་པས་ཞི་བར་འགྱུར་རོ།། ཕོལ་མིག་དང་། འབྲུམ་བུ་ལ་སོགས་པ་ནི་ཙན་ངན་གྱི་ཆུ་ལ་ལན་བདུན་བཟླས་ཏེ་བླང་ན་ཞེ་བར་འགྱུར་རོ།། སྦྱིན་སྲེག་གི་ལས་བྱས་ན་གདོན་ཐམས་ཅད་འཚེ་བ་ཞི་བར་འགྱུར་རོ།། གང ་སུ་ཡང་རུང་བའི་སྐྲ་བཟུང་ལ་གཅེར་བུ་སྐྲ་གྲོལ་བ་དང་ལྡན་པས་ཁ་ལྷོར་བལྟས་ཏེ། སྒོའི་ཐེམ་པ་ལ་འདུག་ནས་སྒྲུབ་པ་པོ་ཁྲོས་བཞིན་དུ་སྔགས་ཟློས་ཤིང་ལག་པ་གཉིས་ཀྱི་སྐུ་མཉེའོ།། དེ་ལྟར་དུས་གསུམ་དུ་བྱས་ན། ཞ ་གསུམ་གྱིས་དཔའ་བོ་ཉིད་ཀྱང་འཆི་བར་འགྱུར་རོ།། ཨེ་ཧཱ་ནཱི་མརྐཱ་ཧཱི་ཧ་ནཱི་ག་མ་ནི་ཕཊ། ཀྲྀ་ཥཱ་ས་པ་པ་ར་ཎཱཾ། ལོ་མ་ཅན་གྱི་བསྒྲུབ་བྱ་ལ།། ཀླུ་ནོར་ཞེས་བྱའི་སྔགས་འབུམ་བཟླས།། བཙུན་མོའི་སྐྱེ་གནས་ཕྱོགས་སུ་ནི།། སང་ལྡེང ་ལས་བྱས་ཕུར་པ་ལ།། བརྒྱ་བཟླས་དམར་པོ་བྱུགས་ནས་ནི།། སྦྱར་ན་དེ་མོད་འགུགས་པར་འགྱུར། ཞེས་བྱ་བ་ལ། སྔགས་ནི། ཨོཾ་ན་མ་སྐྲིཥྚོ་ས་བ་ར་ཎོ། ཨཱ་ནཱ་ནཱི་མ་ཧཱ་ནཱཾ་ཧི་ནཱ་ག་མ་ནི་ཕཊ། སྔགས་འདིའི་སྦྱོར་བ་ནི་འོད་ཡིན་ཏེ། ་དང་པོར་གཅེར་བུས་རྩུ་བ་དང་འབྲས་བུ་དག་ཟ་ཞིང་འབུམ་ཕྲག་གཅིག་བཟླས་པས་བསྙེན་པར་བྱའོ།། དེ་ནས་སྤྲ་ཚིལ་ལས་མཐོ་གང་ཙམ་གྱི་བུད་མེད་ཀྱི་གཟུགས་བརྙན་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་བྱས ་ལ། དེའི་དཔྲལ་བར་ནི་དེ་ཉིད་ཀྱི་དང་པོའི་མིང་བྲིའོ།། སྙིང་གར་ནི་སྔགས་བྲི་སྟེ། དེ་ཡང་གོ་རོ་ཙ་ན་དང་། རང་གི་སྲིན་ལག་གི་ཁྲག་དང་བསྲོས་ལ་གྲོག་ལ་མིང་སྤེལ་བ་དང་བཅས་པར་བྲི་སྟེ་དེའི་སྙིང་གར་གཞུག་གོ།། དེ་ནས་བདག ་ཉིད་ལོ་མ་ཅན་གྱི་གཟུགས་མིག་དམར་བ་རྨ་བྱའི་ཅོད་པན་གྱི་བམ་པོ་མགོ་ལ་བཅིངས་པ། གླང་པོ་ཆེའི་ཕྲུ་གུའི་མཆེ་བའི་རྩེ་མོའི་རྣ་རྒྱན་ཅན། ཤིང་ཨ་ཤོ་ཀའི་ལོ་མའི་ཕྲེང་བས་རྐེད་པ་དཀྲིས་པ། ལྷ ་ཀྱུ་དང་ཞགས་པ་ལག་ན་ཐོགས་པར་བསྒོམས་ལ། བསྒྲུབ་བྱ་ལ་ཁོ་བལྟས་ཏེ་ཟ་བཞིན་བསམས་ནས། བསྒྲུབ་བྱའི་ཕྱོགསུ་གཟུགས་བརྙན་གྱི་མགོ་བསྟོན་ཏེ། གན་རྐྱལ་དུ་བཞག་ལ་སྟེང་ལྡེང་གི་ཕུར་བུ་མཐེབ་སོར་གྱི་ཚད་ཅེ ་ལ་སྔགས་ལན་བརྒྱ་བཟླས་ཏེ་གདབ་པར་བྱའོ།། ཕུར་བུ་དེ་ཡང་གྲུ་གསུམ་པ་རྒྱ་སྐྱེགས་ཀྱི་ཁུ་བས་བྱུག་པར་རྒྱའོ།། བརྒྱ་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དེ། ཕུར་བུ་དེས་སྐྱེ་གོ་ནས་ཞེས་བྱ་བ་མོ་མཚན་དུ་བཏབ་པ་ལ་འོད་འབར་བ ་བསྒོམ་པར་བྱའོ།། དེ་ནས་མཆོད་པའི་ཡོ་བྱད་དམར་པོ་རྣམས་ཀྱིས་དེ་ལ་མཆོད་ལོ། དུས་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླས་ན། ཞག་བདུན་གྱིས་བརྒྱ་བྱིན་གྱི་ཆུང་མ་ཡིན་ཡང་འོང་བར་འགྱུར་ན་བུད་མེད་གཞན་ལྟ་སྨོས་ཀྱང ་ཅི་དགོས། ཚོ་བི་ར་ལི་ཧཱུཾ་ཕཊ་བཟླས། གྲོ་གོ་གདོང་གི་སྒྲོ་རུ་གཞུག། རི་མོ་ཁྲག་གི་མཚན་མོས་མཚྭ། མཁར་གནས་བཙུན་མོ་འགུགས་པར་འགྱུར།། གཞན་ཡང་རྒྱུ་ཞབས་ངག་ཏུ་བཞོག་ཅེས་བྱ་བ་ལ། ཨོཾ་ཚ་བཻ་ར་ལྀ་ཧཱུཾ ་ཕཊ་བྱའོ།། སྔགས་འདིའི་སྦྱོར་བ་ནི་འདི་ཡིན་ཏེ། དང་པོར་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་མདུན་གྱི་ན་མཁའ་ལ་བསྐྱེད་དེ་བསམས་ལ། དེར་བསྒྲུབ་བྱ་བཞུག་སྟེ། བདག་ཉིད་རིག་པ་མདོག་དམར་ཞིང་སྔོ་བ་ཕྱ་གཉིས ་ནཱ་ལྕགས་ཀྱུ་དང་ཞགས་པ་ཐོགས་པར་བསྡམས་ཏེ། ལྕགས་ཀྱུས་བསྒྲུབ་བྱའི་སྙིང་གར་ཕུག་ཅིང་། མགྲིན་པ་ཞགས་པས་བཅིངས་པ་གསལ་པོར་གྱུར་གྱི་བར་དུ་བསྒོམ་མོ།། དེ་ནས་གནས་དབེན་པར་སྔགས་འབུམ་ཕྲག་གཅིག ་གི་བར་བཟླས་ལ་སྒྲུབ་པོ།། ཇི་ལྟར་བསྒྲུབ་ཅེ་ན། གྲོ་ག་ལ་རི་བོང་གི་ཁྲིག་གིས་ཡན་ལག་ཐམས་ཅད་དང་ལྡན་པའི་གཟུགས་བྲིས་ལ། དེའི་དཔྲལ་བར་དེ་ཉིད་ཀྱི་དང་པོའི་མིང་བྲི་སྟེ། སྤྲ་ཚུལ་གྱི་ནང་དུ་གཏུམས་ལ། སྤྲ་ཚིལ ་གྱི་རྀ་ལུ་ཁར་བཅུག་ནས་སྔགས་བཟླས་ན་དེ་འགུགས་པར་འགྱུར་རོ།། སྦྱོར་བ་གཞན་གཉིས་པ་ཡང་གྲོ་ག་ལེ་རི་བོང་གི་ཁྲག་གིས་བསྒྲུབ་བྱ་དང་། བསྒྲུབ་པ་པོའི་གཟུགས་གཉིས་སོ་སོར་བྲིས་ལ། བསྒྲུབ་བྱའི་མིང་ནི་སྒྲུབ ་པ་པོའི་དཔྲལ་བྱར་བྱིའོ།། སྒྲུབ་པ་པོའི་མིང་ནི་སྒྲུབ་བྱའི་དཔྲལ་བ་ར་སྟེ། འཁྲུལ་འཁོར་དེ་གཉིས་ཇི་ལྟར་དཔྲལ་བ་དང་དཔྲལ་བ། ཁྭ་དང་ཁ། གསང་བ་དང་གསང་བ་ཕྲད་པར་འགྱུར་བ་དེ་ལྟར་ཁ་སྦྱར་ཏེ་དྲིལ་ནས་རང་གི་ཆུ་ཞབས ་བཞག་སྟེ། ཁྲོ་བོའི་རྡུལ་གྱིས་གདུང་ཞིང་དཔོན་པོའི་གནས་སུ་སྔགས་བཟླས་ན་ཞག་གསུམ་གྱིས་འགུགས་པར་འགྱུར་རོ།། ཧེ་ཏིཥྛ་བན་དྷ་དྷ་ར་ཡ་ནེ་རུ་ན་དྷ། དང་པོར་སླར་ཡང་སྦྱར་བར་བྱ། ཨུརྞ་མ་ཎི་སྭཱ་ཧཱ་མཐའ།། མཆོ ་འདིས་མགྲིན་པར་ཆོ་ག་བྲི། ཞེས་བྱ་བའི་སྔགས་ནི། ཨོཾ་ཧེ་ཏིཥྛ་ཏིཥྛ་བར་དྷ་བན་དྷ་དྷ་ར་ཡ་དྷ་ར་ཡ་ནི་རུནྡྷ་ནི་རུནྡྷ་ཨུརྞ་མ་ཎི་སྭཱ་ཧཱ། འདིའི་སྦྱོར་བ་ནི་འདི་ཡིན་ཏེ། སྔགས་འདི་ཐལ་བ་ལ་མངོན་པར་བཟླས་ལ་མཛུབ་མོས་ཐེལ་བ་དེའི་རི་མོ ་གང་གི་མགུལ་པར་བྲིས་ན། དེའི་སྐྱུག་པའི་ནང་ཞི་བར་བྱེད་དོ།། ཡང་ཏཱ་ལའི་འདབ་མ་ལ་དགྲ་བོའི་མིང་དང་སྤེལ་བའི་མིང་བྲིས་ནས། ཀཪྵའི་ཚད་བཅུག་ན་ཁ་བཅིངས་པར་འགྱུ་རོ།། དེ་བཞིན་དུ་ཐོད ་གཞན་ལ་སྟེ་རཱུ་བ་ལ་སོགས་པ་དག་ཀྱང་བཅིངས་པར་འགྱུར།། དཱན་དེ་ལཾ་མཐའ་མེ་ད་དབུས།། མུ་ཙ་ཁི་ནི་ཐོག་མར་བསྟན།། ཀུན་མཐའ་སྭཱཧཱ་སྦྱར་སྔགས་ནིས།། རྨི་ལམ་བྲམ་ཟེ་ཕྲུ་གུ་སྟོན་ཞེས་བྱ་བ་ལ་སྔགས་ནི། ཨ ་ལི་སྭཱ་ཧཱ། མོ་དྷ་ནི་སྭཱ་ཧཱ། ངན་ཏེ་ལཾ་སྭཱ་ཧཱ། ཞེས་བྱ་བའོ།། འདིར་ཆོ་ག་ནི་འདི་ཡིན་ཏེ། འཕགས་པ་སྤྱན་གས་དབང་ཕྱུག་བླ་མའི་སྤྱན་ལམ་ད་པོའི་ལྕི་བཱི་ས་ལ་མ་ལྟུང་བས་མཱཎྜལ་བྱས་ལེ། མེ་ཏོག་ལོ་སོགས་པས་མཆོང་ངོ་།། ་སྔགས་འདི་ཉིད་ཀྱིས་ལེན་བདུན་དུ་བཟླས་པའི་ལག་པས་གདོང་བྱུགས་ལ། དེ་ཉིད་སྣམ་བུ་གཙང་མི་གདན་དུ་བཏི་དོན་ལ་དམིགས་ནས་ཉེལ་ནི། རྨི་ལམ་དུ་བདེན་པ་སྟོན་པར་འགྱུར་རོ།། དེ་བཞིན་དུ་ཆུ་ལ་མངོན་པར ་བཟླས་ཏེ་འཐུངས་ནས་མར་ནག་ལ་མངོན་པར་བཟླས་པས་གདོང་བྱུགས་ཏེ་ཉལ་ན་ཡང་། ཡང་དག་པའི་རྨི་ལམ་མཐོང་བར་འགྱུར་རོ།། ཨོཾ་ཙུནྡ་དེ་ཙུ་ལེ་ཙ་ལེ་ཞེས་བྱ་བ། བཟློག་པ་ལུགས་བཞིན་བཟུང་བྱས་ན།། དུས་གསུམ ་བྱི་ནི་དངོས་པོ་རྣམས།། མེ་ལོང་གནས་ནས་སྟོན་པར་བྱེད།། ཅེས་བྱ་བ་ལ་སྔགས་ནི། ཨོཾ་ཙ་ལེ་ཙུན་དེ་དང་ཤ་ཡ་སརྦ་སྭཱ་ཧཱ། ཞེས་བྱ་བ་ཡིན་ནོ།། སྦྱོར་བ་ནི་འདི་ཡིན་ཏེ། ཆོ་ག་བཞིན་དུ་སྔོན་དུ་བསྙེན་པ་སྟོང་ཕྲག་བཅུར ་བཟླས་པའོ།། དེ་ནས་ཁྱེའུ་དང་བུ་མོ་གྲོང་གི་ཆོས་ཀྱིས་མ་ཉམས་པ་བཟུང་ལ་ཁྲུས་བྱས་ཤིང་གོས་གཙང་མ་བསྐོན་ནས། ཐིག་ལེ་ལ་སོགས་པའི་རྒྱུན་གྱི་ཆས་སུ་གསལ་ལ། འཕགས་པ་མི་གཡོ་བའི་སྔགས་དང་ཕྱག་རྒྱས ་བསྲུང་ངོ་།། ཡང་དག་པར་མཆོད་དོ།། ཨོཾ་ཙནྡྲ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་བྱ་བ་ནི་སྔགས་སོ།། རྡོ་རྗེ་བསྔགས་པ་ན་བྱས་ལ་མཛུབ་མོ་བསྒྲེང་སྟེ་ལྷོ་སྦྱར་ལ་ཐེ་བོང་གཉིས་སོ་སྦྱོར་བསྒྲེང་བ་ནི་ཕྱག་རྒྱའོ།། སྔགས་དང་ཕྱག་རྒྱ་འདིས ་ཕྱོགས་དང་མཚམས་དང་། སྟེང་འོག་ཀྱང་བཅིང་བར་བྱའོ།། དེ་ནས་མཎྜལ་གྱི་དབུས་སུ་བུམ་པ་གོས་སར་པ་དཀར་པོས་བཅིངས་ལ་དྲི་ཞིམ་པོའི་ཆུས་བཀང་བ་ཤིང་ལོ་ཡིད་དུ་འོང་བས་ཁ་རྒྱན་བྱས་ཏེ། མེ་ཏོག་དང་བདུག ་པ་ལ་སོགས་པས་མཆོད་ནས། སྔར་སྙན་པའི་ཁྱེའུ་དང་བུ་མོ་ཁ་ཤར་དུ་བསྟན་ཏེ་བཞག་ལ། མིག་གཉིས་སུ་ཡི་གེ་ཨོཾ་བཀོད་།། སྙིང་གར་ཡི་གེ་ཧཱུཾ་བཀོད། ཨོཾ་གཉིས་ཀྱི་དབུས་སུ་ཡཾ་དེ་འོད་འབར་བ་བསམས་མོ།། ་དེ་ན་མཁའི་ཕྱོགས་སུ་ཡང་ཙུཾ་ལས་བསྐྱེད་པའི་ལྷ་མོ་སྐུ་ལ་བྱེད་མ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་དང་པོ་གཉིས་ན་ལྷུང་བཟེད་བསྣམས་ཤིང་གཞན་གཉིས་ཀྱིས་པདྨ་དང་རལ་གྲི་བསྣམས་པའི་ཕྱག་བཞི ་པ། སྐུ་མདོག་ཟླ་བ་ལྟར་དཀར་ཞིང་འཚེར་བ་བསམས་ལ། དེ་ཉིད་ལ་ཨརྒྷ་དབུལ་ཏེ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་མཾ། བདག་ཉིད་ཀྱི་སྔགས་ཀྱིས་སམ་རྩ་བའི་སྔགས་ཀྱིས་བསྟོད་ལ། སྔགས་འདི་ཁྱེའུ ་དང་བུ་མོའི་སྙིང་གར་གཞུག་པཱར་བྱའོ།། ཨོཾ་ཙ་ལེ་ཙུ་ལེ་པེ་ཤ་ཨ་ཏྲ་ཀུ་མ་དྲ་ཀུ་མ་དཱ་ཀུ་མ་རི་ཀ་ཡོ་ཤ་རི་རཻ་པྲ་བི་ཤྱ་དྷ་ར་ཤ་ཡ། སརྦ་ཡ་ཐཱ་བྷཱུ་ཏཾ་ཡ་ཐཱ་ད་དྷཾ། བུད་དྷཱ་དྷརྨ་སཾ་གྷ་སད་དྱེ་ན་ཏི་མ་བཱི་ལཾ་བ་མ་མ ་ཨ་ཤ་པྲ་བུ་ར་ཡ་སྭཱ་ཧཱ། དེ་ནས་མེ་ལོང་ངམ། རལ་གྲི་འམ། དྲི་མ་མེད་པའི་ཐོ་བ་འམ། མར་མ་འམ། ཆུའི་སྣོད་དག་ལ་སྔགས་ཡོངས་སུ་བཟླས་ཏེ། ཁྱེའུ་དང་བུ་མོ་ལ་བསྟན་ལ་བདེ་བ་ཇི་ལྟ་བ་བཞིན་སྟོན་པར་འགྱུར་རོ།། དེ་ནས ་གཤེ་གསུ་གསོལ་ཏེ་ལྡང་བར་བྱའོ།། བ་ར་ད་ཀ་སྭཱ་ཧཱ་དྲུག། ཕྱག་འཚལ་དང་ལྡན་ཚེགས་བདག་དགྱེས།། གཟུགས་བརྙན་མཎྜལ་གྲུ་བཞིར་བཞག། ཟླ་བོ་དྲུག་ཏུ་མཆོད་པར་བྱ།། ཞེས་བྱ་བ་ལ་སྔགས་ནི། ཨོཾ་བཻ་ར་ད་ག་སྭཱ་ཧཱ། ་ཞེས་བྱ་བའོ།། སྦྱོར་བ་ནི་འདི་ཡིན་ཏོ།། གནས་དབེན་པར་བའི་གཙོ་བའི་མཎྜལ་གྲུ་བའི་བྱས་ལ། དེའི་དབུས་སུ་ཚོགས་བདག་གི་གཟུགས་སམ། བྲིས་སྐུ་བཞག་ནས་བདག་ཉིད་ཀྱིས་ལོག་འདྲེན་གྱི་གཟུགས་ཀྱིས་ཡང་དག་པར ་མཆོད་དེ་གཅེར་བུར་གྱུར་པས་ཟླ་བ་དྲུག་གི་བར་དུ་ཉིན་དུས་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླས་ན། ཡིད་ལ་རེ་བ་ཐམས་ཅད་ཡོངསུ་རྫོགས་པར་འགྱུ་རོ།། བྷཱུ་མ་ཀེ་ཤི་བྷཱུ་མ་མ་ཏེ། བྷྲ་མེ་བི་བྷཱུ་མུས་ཎྱེ་མོ་ཧཱུ~ཾ་སྭཱ་ཧཱ། དང་པོར་བྷྲ་མ ་གཉིས་དང་ལྡན། དེ་ནས་རིམ་བརྗོད་ཨུ་ར་ནེར་བཅས། ཞེས་བྱ་བ་ནི་སྔགས་ཏེ། དང་པོར་བྷྲ་མ་གཉིས་དང་ལྡན། ཞེས་བྱ་བ་ནི་བྷྲ་མ་བྷྲ་མ་ཞེས་ལན་གཉིས་བརྗོད་པའོ།། རིམ་བརྗོད་ཅེས་བྱ་བ་ནི་ལྷག་མ་ཕྲེང་བའི་རིམ་པ་བཞིན་དུ ་བརྗོད་པའོ།། ཨུར་ནེར་བཅས་ཞེས་བྱ་བ་ནི་མཐར་ཨུར་ནེ་བརྗོད་པ་སྟེ། ཨོཾ་བྷཱུ་མ་བྷཱུ་མ་ཀེ་ཤི་དྷཱ་རྠེ་དྷམ་བི་བྷཱུ་མ་མུས་ཛྱེ་མོ་ཧེ་ཡ་ཨུཪྵེ་སྭཱ་ཧཱ། ཞེས་བྱ་བ་སྟེ། མི་བསྒྲུབས་པར་ཡང་ལས་ཐམས་ཅད་བྱེད་པའོ།། འདིར་སྦྱོར་བ་ནི་འོང་ཡིན་ཏེ། ཡུངས ་ཀར་ཁྱོར་གང་ཙམ་ས་ལ་རེག་པའི་བར་སྣང་ལ་བཞག་ལ། སྔགས་འབུམ་ཕྲག་གཅིག་བཟླས་སོ།། དེ་ནས་དེ་ལ་ཅུང་ཟད་ཅིག་བླངས་ལ། གཅེར་བུ་སྐྲ་ལྷག་པས་ཁྱིམ་གྱི་ཐེམ་པའི་ཕྱི་ནས་ཡུངས་ཀར་གཏོར་ན། ཡུངས་ཀཱར་ལ་འགོམས ་པ་ཙམ་གྱི་ཇི་སྲིད་ཉི་མ་ཤར་གྱི་བར་དུ་དུས་མ་ཡིན་པཱི་གཉིད་འཐུག་པོས་ནོན་པར་འགྱུརརོ།། གཉིས་བསྐྱེད་པའི་སྦྱོར་བའོ།། ཀྵི་ནི་ཀི་ནཱི་གྷཎྜ་ཀ་ར་ཎ་ནཾ་ཤ་ཡ་སྭཱ་ཧཱ། སྔགས་བཟླས་པའི་ཆུ་འཐུངས་ན། རྨི་ལམ་བདེན་པ་སྟོན་པར་འགྱུར ་ཞེས་བྱ་བ་ལས། སྦྱོར་བ་ནི་འདི་ཡིན་ཏེ། རང་གི་ལྷའི་སྦྱོར་བ་འམ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ནས། རྡོ་རྗེའི་མཚོན་ཆེས་དྲིའི་ཚོགས་དགུག་པར་བྱའོ།། དེ་ཡང་དྲི་མཆོག་དཀར་པོ་ཕྱག་བཞི་པ། ཕྱག་ན་མདུང་རྩི་གསུམ་དང ་དགྲ་སྟི་དང་། ཞགས་པ་དང་། ཐོད་པ་བསྣམས་པ། རྣོ་བ་གཉིས་དྲིལ་བུའི་སྒྲ་དང་ལྡན་པ་བལྟས་ལ་ལག་པ་གཡོན་པ་མདུང་རྩེ་གསུམ་པར་བྱས་པའི་དམ་ཚིག་གི་ཕྱག་རྒྱ་དེ་ལ་སྔགས་སྟོང་ཕྲག་བཅུར་བཟླས་ཏེ་མཆོད་པ་བྱའོ།། ་དེ་ནས་ཆུ་ལ་མངོན་པར་བཟླས་ཏེ་འཐུངས་ནི་གདོན་མི་ཟ་བར་རྨི་ལམ་དུ་བདེན་པ་མཐོང་བར་འགྱུར་རོ།། རྒྱ་མཚོར་འབབ་པའི་ཆུ་བོ་ལ།། ཛཱ་ཏི་མེ་ཏོག་འབུམ་བསྐུར་བྱ། ཨོཾ་བཱཀྱེ་དཾ་ན་མཿིད་དོ་དཾ་བྷ་ར་དང་། འཇམ་དཔལ་གྱི་སྙིང་པོ་འདི་རྗེ ་བྱ་བ་ལ་སྦྱོར་བ་ནི་འདི་ཡིན་ཏེ། ཛཱ་ཏིའི་མེ་ཏོག་ཁུ་བྱེ་བ་འབུམ་བཟུང་ལ་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོར་སྐེ་མན་ཆད་ཆུའི་ནང་དུ་ཞུགས་ལ། མེ་ཏོག་རེ་རེ་ཞིང་སྔགས་ཟློས་ཤིང་ཆུ་ལ་བསྒྱུརོ།། ་དེ་ཇི་སྟེ་མེ་ཏོག་ཆུ་དང་བཅས་པ་གྱེན་དུ་རྒྱུན་ལ་བཟློག་སྟེ་འབེབ་པ་ན། མེ་ཏོགཱ་ཆུ་དང་བཅས་པར་བླངས་ཏེ་སོ་མ་རེག་པར་འཐུངས་ན། ཐོས་པ་འཛིན་པའི་དངོས་གྲུབ་འཐོབ་པར་འགྱུར་རོ།། ཨོཾ་ཀུ་རུ་ཀུ་རུ་ལླེ་སྭཱ་ཧཱ། ཁམས ་གསུམ་འགུགས་པར་བྱེད་པར་བསྟན། སྒྲོན་མ་ཡི་ནི་སྙིང་པོ་འདི། མགུར་ནོར་བཅིངས་པའི་ཆོ་གར་གསུངས། ཞེས་བྱ་བ་ལ་བཅོམ་ལྡན་འདས་ཧ་ལ་ཧ་ལའི་ཏིང་ངེ་འཛིན་ལ་གནས་ལ། སྒྲོལ་མའི་སྔགས་འདི་བསྙེན་པ་བྱའོ།། དེ་ནས ་ཚེས་དང་སྐར་མ་དང་ཉི་མོ་བཟང་པོ་ལ་མཆོད་པ་བྱས་ནས། གྲོ་ག་ལ་ཨུཏྤ་ལའི་འདབ་མ་ལྟ་བུའི་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ལ། རྩིབས་བཅུ་དྲུག་ལ་ཨ་བྲིའོ།། ལྟེ་བ་ལ་བསྒྲུབ་བྱའི་མིང་ཀུ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས ་བསྐོར་བ་བྲིའོ།། དེའི་ཕྱི་རོལ་ཏུ་ཨོཾ་ལས་བྱུང་བའི་རི་མོ་གསུམ་གྱིས་བསྐོར་རོ།། དེ་ནས་འཁོར་ལོ་གཉིས་པ་དེ་དང་འདྲ་བ་ལས་བསྒྲུབ་བྱའི་མིང་མ་གཏོགས་པ་བྲིས་ལ། ངེས་འཁོར་ལོ་སྔ་མའི་སྟེང་དུ་བཀབ་སྟེ། བཅོམ་ལྡན་འདས ་མ་སྤྱན་དྲངས་ཏེ་ཡང་དག་པར་མཆོད་ནིས་འཁོར་ལོ་དེར་བསྟིམས་ལ། ཡི་གེ་ལས་བྱུང་བའི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་སྟེ། ཤིང་རྩད་ནས་བཅད་པ་ལྟར་བཅོམ་ལྡན་འདས་མེའི་ཞབས་དྲུང་ན་འགྱེལ་ནས་འདུག་པར ་བསམས་ལ། ཉི་མ་བདུན་དུ་དུས་གསུམ་དུ་སྔགས་བརྒྱ་སྟོང་དུ་བཟླས་ན་བརྒྱ་བྱིན་ཉིད་ཀྱང་དབང་དུ་འགྱུ་རོ།། སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲིཿཆེ་གེ་མོ་ཨ་ནཾ་སྭཱ་ཧཱ། དྷ་ན་པ་རི་བ་རེ་ན་ཙ་ས་མན་ཏ་སྭཱ་ཧཱ། ཞེས་བྱ་བ་ཡིན་ནོ།། ་ཉི་མ་བདུན་བཟླས་ནས་འཁོར་ལོ་ཞོ་དད་མར་དང་སྦྲང་རྩིའི་ནང་དུ་བཞག་གོ། དགའ་བདེ་མ་མྱོང་བུ་མོའི་ཡི་གེ་དང་པོ་ནི། གསུམ་དྲུག་འབུམ་གཅིག་བཟླས་ནེ་དཱར་ནི་རྙེད་པར་འགྱུར།། ཉི་མ་དཀར་པོའི་མེ་ཏོག་སྦྱིན་སྲེག་བྱ ་བ་འམ། ཡང་ནཱ་པྲཱ་ཡཾ་ཀུ་ཡི་མེ་ཏོག་སྦྱིན་སྲེགུ་བྱ་ཞེས་བྱ་བ་ལ། སྔར་དགའ་བ་དང་བདེ་བ་མ་མྱོང་བའི་བུ་མོ་གང་ཡིན་པ་དེའི་ཡི་གེ་ནི་དགའ་བད་མ་མྱོང་བའི་ཡི་གེ་སྟེ། ཡི་གེའི་ཚོགས་དེ་ལས་དང་པོར་ཨ་དང་། གསུམ་པར་དི ་དང་། དྲུག་པར་པོ་ཏི་རྣམས་བཟུང་བར་བྱའོ།། དེ་ཡང་བསྙེན་པའི་དུས་སུ་ཆང་དང་།། ཤ་ལ་སོགས་པ་བཅད་དོ།། དཀར་གསུམ་ལ་སོགས་པའི་ཟས་ཟླ་ཞིང་།། གོས་དང་བཅས་པར་ཆུའི་ནང་དུ་ཞུགས་ཏེ།། མི་སྨྲ་བར་འབུམ ་ཕྲག་གཅིག་བཟླས་བཛྲོད་བྱཱ།། སྟུག་སྟྲ་ནཱཾ། ཨོཾ་ཨ་དི་ཏཱི་ཨཱ་མུ་ཀཾ་ཀན་དི་མྨེ་དྭེ་ཧི་དྷེ་དྷ་བ་ཡཱ་སཱཏྨ། ཞེས་བྱ་བའོ།། བསྙེན་པ་ཐོནྡ་ནས་ཨརྐ་དཀར་པོའི་མྱེ་ཏོག་གམྦྷ། པྲི་ཡཾ་ཀུའི་མི་ཏིག་ལ་སྔགས་རེ་རེ་ཞིང་སྦྱིན་སྲེགཱ་ཏཱཿ ་ཕྲག་གཅིག་བྱའོ།། དེ་ཡང་གྲོ་ག་ལ་བུ་མོའི་མིང་དང་རང་གི་མིང་དུ་ཁ་སྦྱར་བ་བྲིས་ལ། རང་གི་རྒྱུ་ཞབས་སུ་བཞག་སྟེ། དེ་ལྟར་སྦྱིན་སྲེག་བྱས་ན། བུ་མོ་དེ་བདག་གིར་འགྱུར་ཏེ། སུ་ལ་ཡང་སྟེར་བར་མི་འགྱུར་རོ།། བཻ་ཙི ་མོ་ཧི་སྭཱ་ཧཱ། ཨོཾ་དང་བཅས་ལ་གྲགས་བདུན་ཡིན།། གནོད་སྦྱིན་ཡུག་ས་མོ་ཡི་སྔགས།། རོ་ལ་གཡོགས་པའི་རས་ལ་ནི།། དེ་ཡིས་སེན་རྩིས་རྒྱན་མེད་བྲི།། དེ་ཡི་གཟུགས་ལུ་མེ་ཏྲོག་ནི།། སེར་པོས ་མཆོད་ན་དེ་འགྲུབ་འགྱུར།། འཇིག་རྟེན་གསུམ་གྱི་ཡུགས་ས་མོ།། ཐམས་ཅད་བཀའ་ཉིན་དུ་ནི་འགྱུར།། མོན་སྲན་གྲེའུ་ཁ་ཟས་ཀྱིས།། ཡུགས་ས་མོ་ཡི་སྔགས་བཟླས་འགྲུབ།། སྔགས་ནི། ཨོཾ་བི་ཙེ་མ་ཧཾ་སྭཱཧཱ། ཞེས ་བྱ་བ་སྟེ། སྔོན་དུ་བསྟེན་པ་འབུམ་ཕྲག་བདུན་བཟླས་སོ།། དེ་ནས་བྲམ་ཟེ་མོ་ལ་གཡོགས་པའི་རས་མའི་དུམ་བུ་ཁྲུ་གང་གླུ་བཞི་པ་ལ་རོ་དེ་ཉིད་ཀྱི་སེན་རྩིས་བྲམ་ཟེ་མོ་དེ་ཉིད་ཀྱི་གཟུགས་མེད་པར་བྲིས་ལ་གནས་དབེན་པར ་བྲིས་སྐུ་མཀྲམ་སྟེ། བདག་ཉིད་གཅིག་པུས་ཤིང་ས་ལ་སེར་པོའི་མེ་ཏོག་གིས་མཆོད་ནས་ཟླ་བ་དྲུག་གི་བར་དུ་མཚན་མོ་མུན་པ་ལ་བརྒྱད་བརྒྱ་བརྒྱད་བཟླས་ན་ཟླ་བ་དྲུག་གི་མཐུར་འོང་བར་འགྱུ་རོ།། འོངས་ནས་མི་སྨྲ་བར ་འདོད་པ་སྤྱད་ནཱ་བརྒྷཾ་སྦྱོང་རི་བའི་མུ་ཏིག་གི་ཕྲེང་བ་དཀྲོལ་ནས་འཇོག་པར་འགྱུར་རོ།། དེ་ལྟར་ཟླ་བེ་དྲུག་གི་བར་དུ་ཙྪིན་རེ་ཞིང་བཞག་ནས་འགྲོ་བར་འགྱུརརོ།། ཟླ་བ་དྲུག་ཡོངས་སུ་རྫོགས་ནས་ཅི་བླངས་པའི་དངོས་གྲུབ་སྟེར་བར ་འགྱུ་རོ།། ཨོཾ་གྷོ་གྷོ་རི་རུ་ཏྲ་དི་ཙི་ད~ཾ་ཡོ་གཱི་ཤྭ་རི་མུ་ཁ་ཧཱུཾ་ཕཊ་སྭཱ་ཧཱ། གྷོ་གྷི་རི་དང་ནེ་མུ་ཁཾ་ཡང་།། རི་དབང་བུ་མོའི་སྙིང་པོ་ཡིན།། བརླ་གཡོན་ལ་ནི་མང་བྲིས་ཏེ།། ལག་པ་གཡོན་པས་བཀབ་ནས་སུ།། བཟླས་ན་བུ་མོ་མོད་ལ ་འགུགས།། སྐྱེས་པ་ལ་ནི་གཡས་པ་སྦྱར།། ཞེས་བྱ་བ་ལ་ནི། ཨོཾ་རུ་ཏྲི་དི་བི་དེ་ཡོ་གཱི་ཤྭ་རི་མུ་ཁ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱའོ།། འདིར་གསེར་བཙག་དང་གོ་རོ་ཙཱ་ན་དང་། ལྡོང་རོས་གང་ཡང་བ་ལ་བསྒྲུབས་ཏེ། དེ་ཡང་ཟླ་བ ་གཟླས་ཟིན་པའི་དུས་སུ་ལྷ་མོ་གྷོ་གྷོ་རོ་ལ་མཆོད་པ་བྱས་ལ། ཨ་ཤྭདྭ་ཐཱའི་ལོ་མ་བདུན་གྱི་སྟེང་དུ་གྲ་སོར་བ་ཙ་གེ་ལ་སོགསྤ་བཞག་སྟེ། ཡང་ལོ་མ་བདུན་གྱི་སྟེང་ནས་བཀབ་ནས། དེའི་སྟེང་དུ་ལག་པ་གཡོན་པས་མནན་ནས ་ཇི་སྲིད་ཟླ་བ་གཟས་གཟུང་བ་མ་གྲེལ་གྱི་བར་དུ་བཟླསོ།། ངེས་བརླགཡོན་པའི་དབུས་སུ་བུ་མོའི་མིང་བྲིས་ལ། ལག་པ་གཡོན་པས་བཀབ་སྟེ་བཟླས་ན། འཆིང་བས་བཅིངས་པ་མ་གཏོགས་པ་རྣམས་འོང་བར་འགྱུར་རོ།། སྐྱེས ་པ་འགུགས་པ་ལ་ནི་བརླ་གཡས་པའི་དབུས་སུ་དེ་ཉིད་ཀྱིས་དེའི་མིང་བྲིས་ལ་ལག་པ་གཽཡྻ་པྲ་བཀབ་སྟེ། ཇི་སྲིད་འོང་གི་བར་དུ་བཟླསོ།། རྐང་པས་དགུག་པའོ།། དང་པོར་ཕྱག་འཚལ་ལྡན་པར་སྟྭཀྵ། བི་ད་རི་ཀུ་རུ་ཧཱུ~ཾ་ཕཊ ་ཡིད་ཆེས་པའི་ཕྱིན་ཡིག་ལྷས།། གདོན་ནི་ཚེར་གཅོད་བྱེད་པ་སྟེ།། ཡོངས་བཟླས་ཕྱག་རྒྱས་བཏབ་སྟ་སྙིང་ཞེས་བྱ་བ་ལ། སྔགས་ནི། ཨོཾ་བཱི་ད་རི་ཀུ་རུ་ཧཱུཾ་ཕཊ་ཅེས་བྱའོ།། འདིར་འཕགས་པ་མི་གཡོ་བ་ཡི་འམ། ཁྲོ་བོ ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་གནས་ནས། སྔགས་ཕྲིན་ཡིག་དང་བཅས་པ་བྱང་བུ་ལ་བྲིས་ཏེ། དྲིལ་ནས་ཕྱག་རྒྱས་བཏབ་སྟེ་གདོན་གྱིས་ཟིན་པ་ལ་བསྐོར་ཏེ་དེའི་ལེགས་པར་བཏགས་ན་ངུ་བཞིན་དུ་འབྲོས་པར་འགྱུར།། ་ཨོཾ་བ་ཏྲ་བི་དཱ་ར་བི་ད་རི་སྭཱ་ཧཱ། ཞེས་བྱ་བའི་ཡི་གེ་བཅུ་པའི་རིག་པ་སྟེ། མི་དབང་གི་བཙུན་མོ་ཡང་། བཟླས་པ་ཙམ་གྱིས་དབང་དུ་བྱེད།། ཨོཾ་མ་ལི་ནཱི་ཀིནྟི་ཀིནྣི།། དང་པོར་ཨརྐ་སྭཱ་ཧཱ་ལྡན།། དེ་ནས་དབྱངས ་ཅན་སྐྱེས་བུ་ནི།། དབྱངས་ཅན་ངག་ནི་འཐོབ་པར་འགྱུར། ཞེས་བྱ་བ་ལ་སྔགས་ནི། ཨོཾ་ཨརྐ་མ་ལི་ནཱི་ཀི་ནི་ཀི་ནི་སྭཱ་ཧཱ། ཞེས་བྱ་བ་སྟེ། དབྱངས་ཅན་མདུན་དུ་འབུམ་ཕྲག་གཅིག་བཟླས་པས་བསྙེན་པ་བྱའོ།། དེ་ནས་ཟླ་བ་གཅིག ་གི་བར་དུ་དབྱངས་ཅན་མའི་སྨན་མར་ཁྱོར་བ་རེ་ལ་ལ་སྔགས་ལོན་བདུན་བཟླས་ཏེ་འཐུངས་ན་ངགི་དངོས་གྲུབ་སྟེར་བར་འགྱུརརོ།། དེ་བཞིན་དུ་ཟླ་བ་གཅིག་ཏུ་ཚུལ་བཟླས་ཏེ་བཏུང་བ་འམ།། མར་འབའ་ཞིག་ལ་བཟླས་ཏེ། ཟླ་བ་དྲུག ་འཐུངས་ནཱཾ་དོག་གི་དངོས་གྲུབ་འཐོབ་བོ།། མུན་དེ་ཤྲཱི་བ་ན་པ་ཤ་ཙི་ཞེས་བྱ་བ་ལ། འབྲར་དང་བཅས་སྔགས་སྒྲོགས་པ་སྟེ།། རྣ་བ་གཡོན་པར་སྒྲོགས་བྱེད་པ།། འབྲིང་བ་འདི་ནི་བཟློག་པར་བྱ།། ཨོཾ་ཤྲི་བ་ན་པི་ཤཱ་ཙི་ནི་མུན་དྲྀ་སྭཱ་ཧཱ། ་སྔགས་འདི་རུ་ཎྜ་ལ་ལན་བདུན་བཟླས་ཏེ། རྐང་པ་གདོང་ལ་བྱུགས་ཏེ་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྒྲོགས་པར་གདོན་མི་ཟའོ།། ཟླ་ཕྱེད་འབེབ་པ་ཟོ་བྱེད་ཅིང་།། རིའི་བུ་མོའི་ཆོ་ག་ཡིས།། མར་ལ་བསྒྲེས་པའི་བིལ་བ་བསྲེག། ་རྒྱལ་སྲིད་སྟེར་འགྱུར་གདོན་མི་ཟའོ།། སྔགས་ནི། ཨོཾ་གི་རི་ཀུ་མ་རི་ག་མ་ཧེ་ར་ཛྱ་སཏྭ་ཡ་སྭཱ་ཧཱ། ཞེས་བྱ་བ་ཡིན་ནོ།། དུརྨྨེ་བི་དུརྨྨེ་ཞེས་བྱ་བ་འོ་མ་ཡམ་ཤིང་བསྲེག་ཅིང་། སྐྱེས་བུའི་མཚན་མ་ལན་བརྒྱར་བསྲེག། སྔོན་དུ་བསྙེན་པ ་མེད་པར་ཡང་།། གྲོང་ཁྱེར་སྟེར་འགྱུར་གདོན་མི་ཟླ།། སྔགས་ནི། ཨོཾ་དུརྨྨེ་བི་དུརྦྦེ་ནི་སྭཱ་ཧཱ། སྔགས་ནྱ་གྲོ་དྷཱ་དང་། ཨ་ཤྭད་ཐ་ལ་སོགས་པའི་ཡཾ་ཤིང་ལ་བེའུ་དང་ཁ་དོག་འདྲ་བའི་འོ་མས་གྲོང་ཁྱེར་གྱི་མིང་ནས་བཟུང ་སྟེ་སྤྲིན་སྲེག་བྱས་ན་གྲོང་ཁྱེར་རྙེད་པར་འགྱུར་རོ།། ཨེ་གྷོ་ཨུལ་ཀ་སྭཱཧཱ་ཨཽ་དང་བཙས།། འོདི་ཕྲེང་ཅན་གྱི་སྙིང་པོ་ཡིན།། པ་ལཱ་ཤ་ཤིང་གིས་བསྲེགས་ན།། གསེར་སྲང་འབུམ་ནི་སྟེར་བར་འགྱུར།། སྔགས་ནི། ཨོཾ་མེ་གྷོ་ཨུ ་ཀཾ་ཡཽ་སྭཱཧཱ། ཚགས་ཀྵ་བདག་པའོ།། ཚོགས་ཀྱི་བདག་པོའོ།། ཨོཾ་ག་ཤོ་ཨུ་ལ་ཀ་ཡ་སྭཱ་ཧཱ། ཞེས་བྱ་བ་ཡང་འོད་ཕྲེང་ཅན་གྱི་སྟེ། འབྲས་བུ་ནི་སྔ་མ་བཞིན་ནོ།། ཀཱ་ར་ནཱ་མོ་ཏི་བཟླས་པར་བྱ།། ཧཱུཾ་ཕཊ་ལྡན་པ་འབུམ ་ཕྲག་བཞེས།། སྐྱེ་ཚེ་བསྲེགས་པས་ས་གསུམ་ཡང་།། ཉི་མ་གཅིག་གིས་འགུགས་པར་འགྱུར།། རཀ་ཏེ་རག་ཏི་ནི་བཟླས་པར་བྱ།། པདྨའི་སྦྲང་བུར་དུ་བ་བཏང་།། མིའི་ཐོད་པར་མི་བཞག་སྟེ།། བསྐྱེད་པའི་དུ་བས ་སྐེལ་བཟང་འགྱུར།། སྔགས་ནི། ཨོཾ་རག་ཏེ་རཀ་ཏི་ནི་སྭཱ་ཧཱ། ཞེས་བྱ་བ་ཡིན་ཏེ། ཡོ་བྱད་ཐམས་ཅད་དམར་པོར་བསླབ་པོ།། ཙན་དོན་མུ་ཁི་ཀི་ལི་བཟླས།། དང་པོ་ཐམས་ཅད་འབར་ལྡན་བྱ།། ཨུ་ར་བཅས་པས་ངེས ་པར་ནི།། ས་གསུམ་དཀྱིལ་འཁོར་བཀའ་ཉན་འགྱུར།། སྔགས་ནི། ཨོཾ་ཙནྣ་མུ་ཁི་ཀ་ལི་ཨུར་ནི་སྭཱརྡྷ། ཞེས་བྱ་བ་སྟེ། རྟག་ཏུ་བཟླས་ན་དབང་དུ་འགྱུ་རོ།། ཀན་ཏདྱ་ཡ་སྭཱ་ཧཱ། ཞེས་བྱེ་བས། མིག་སྨན་བསྲེགས་ཏེ ་མིག་སྨན་བྱཱ།། གླང་ཆེ་ནུ་རྡུབ་དང་ཤིང་ཚ་དང་།། ཨུཏྤལ་སྔོ་བསྲེགས་སྐལ་བཟངས་གྱུར་ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཀྵ་པྱ་ཡ་སྭཱ་ཧྭཱ། ཞེས་བྱ་བའོ།། འདིར་སྣོར་བ་ནི་དཽ་ཊ་ཀེ། ལུས ་ཙན་དན་དམར་པོས་བསྐུས་ལ་གོས་དམར་པོ་གྱེན་ཏེ། མེ་ཏོག་དང་ཕྲེང་བས་བརྒྱན་ལ། སུནི་རིང་དུ་བཟླས་པའི་སྔགས་གང་ཡང་རུང་བས་བསྲུང་བ་བྱས་ནས། ཟླ་བེ་མར་གྱི་ངོའི་ཆོས་གཉིས་པོ་གང་ཡང་རུང་བ་ལ་མ་མོའི་གནས ་དང་ལམ་གྱི་བཞི་མདོ་འམ་དུར་ཁྲོད་དུ་བསྲུང་བ་ལ་སོགས་པ་བྱ་སྟེ། མིག་སྨན་སྔོན་པོ་བཏགས་པའི་ཕྱེ་མ་དང་། གླང་པོ་ཆེའི་རྡུལ་དུས་དུ་བཅས་པ་ཟངས་ཀྱི་སྣོད་དུ་བཞག་སྟེ། ལོགས་ད་སཱ་སྐལ་བཟངས ་མའི་རོའི་མངལ་དུ་བཅུག་སྟཾ་བསྲེག་པར་བྱའོ།། བསྲེགས་ནས་བླངསི་ཏཾ་ཀི་མ་ལ་དྭེ་བ་མཎྜལ་བྱས་ཏེ་མཆེ་ལ། དོ་ང་ཚ་ང་ཨུཏྤལ་སྔོན་པོར་བཅས་པ་གསེར་དངུལ་གྱི་སྣོད་དུ་སྦྱ་ར་ཏེ། མལ་གྱི་དབུས་སུ་བཞག ་ནས། སྔགས་བརྒྱུ་དེ་བརྒྱ་འམ་སྭཱ་དཱིང་བཟླས་སོ།། དེས་མིག་སྨན་བྱས་ན་བུད་མེད་ཀྱི་འདོད་པའི་དབང་ཕྱུག་ཏུ་འགྱུརོ།། སྐྱེས་པ་དབང་དུ་བྱུ་ང་ནི་སྐྱེས་པའི་སྙིང་གར་བསྲེག་གོ།། ན་ཡ་ན་མ་ནོ། ས་བསྒྲུབ།། དྲི་ཞིམ་རྩ་བ་རས་དཀྲིས ་སྦར།། དམར་སོར་བ་དམར་དུ་བཾ་ཡིས།། རྟག་ཏུ་མཚུངས་མཽད་ཆགས་པར་འགྱུརརོ།། ཞེས་བྱ་བ་ལ་སྔགས་ནི། ཨོཾ་ཀ་མོ་སྭཱ་ཧེ་སཾ་ཧཱུ~ཾ། ལྷག་མ་ནི་ཀོ་སླའོ།། ཀ་མ་ས་ར་སྭཱ།། སྠཱབསྲེགས་ལག་སྨན་ནི། ་རུ་རྞྞ་རྒྷ་སྤོས་ཨ་ཀར་གནས།། གླང་ཆེན་སེན་བཏགས་དབང་དུ་བསྡུས་ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཀ་མ་སྭཱ་ཧེ་སྭཱ་ཧཱ། ཞེས་བྱས་པས་ཏེ། སྔོན་དུ་བསྙེན་པ་ཁྲི་ཕྲག་གཅིག་བཟླས་པར་བྱའོ།། འདིར་ཡང་གླང་པོ་ཆེའི ་སེན་མེ་དང་མིག་སྨན་སྔོན་པོ་ཀུན་དནྟའི་སྔགས་ཀྱི་ཆོ་ག་བཞིན་དུ་བསྲེགས་ནས། དེའི་འོག་དུ་རྒྱུ་སྤོས་དང་། རུ་རྟ་དང་། ཨ་ཀ་རུ་ནག་པོ་དང་བཅས་པ་ཕྱེ་མར་བྱས་ལ། སྔ་མ་བཞིན་བཀབ་སྟེ། ལན་སྟོང་ཕྲག་ཏུ་བཟླས་ལ་མིག་སྨན ་སྨན་པ་ཀུན་དཪྵའི་སྔགས་ཀྱི་ཚག་བཞིན་དུ་བསྲེགས་ནས། ངའ་འག་དུ་རྒྱ་སྦས་དང་། བྱུག་ན་འགྲོ་བ་མ་ལུས་པ་དབང་དུ་བསྡུད་པར་འགྱུར་རོ།། ཨོཾ་ཥྚཾ་བན་དྷེ་ཞེས་བྱ་བའི་མིག་སྨན་གྱི་ནི་དུ་པོས་ངེས་པར་དབང་དུ་བྱེད། འོད་ཟེར་ཅནི ་གྱི་མན་ངག་གིས། རྟ་རྨིག་བཀང་སྟེ་བསྐྱོད་པར་བྱ། ཞེས་བྱ་བ་ལ། སྔགས་ནི། ཨོཾ་ཥྚཾ་བན་དྷེ་སྭཱ་ཧཱ། འདི་འོད་ཟེར་ཅན་གྱི་མར་ས་རྟའི་རྨིག་པས་སྣོད་བཀང་ལ། རྟའི་རྨིག་པས་གཞན་གྱི་སྟེང་ནས་བཽཏཱབ་པ་ལ་དུ་བ་དེ་བཟུང ་ནས་བཅོམ་ལྡན་འདས་གཙུག་གཏོར་འཁོར་ལོས་སྒྱུར་བའི་མདུན་དུ་མཆོད་པ་བྱས་ཏེ། སྔགས་བཟླས་པར་བྱའོ།། མན་ཏྲ་བཱ་རི་ཞེས་བྱ་བའི།། ཡི་གེ་ཐོག་མར་ཡང་དག་ལྡན།། ཉིན་མཚན་བཟླས་པའི་ཡང་དག་གནས། ་འཇིག་རྟེན་གསུམ་ཡང་བྲན་དུ་འགྱུར། ཞེས་བྱ་བ་རོལ། སྔགས་ནི། ཨོཾ་མནྟ་བ་རེ་ཨེ་མུ་ཀཾ་མོ་སྭཱ་ཧཱ། ང་ན་ནེ་ས་པ་རི་བ་བ་ས་མོ་ན་ཡ་སྭཱ་ཧཱ། ཞེས་བྱ་བ་གང་དབང་དུ་བྱ་བར་འདོད་པ་དེ་མདུན་དུ་བསམས་ནས་བཟླས་ན ་བྲན་དུ་འགྱུར་རོ།། མི་མགོར་སྐྱེས་གཉིས་སྐུད་པ་གཉིས།། གཏུམ་དབང་རྐང་པ་སྐུར་བཅས་བསྡུད།། དྷ་ནན་ཙན་དཱ་སྒྲར་ནི་བཅས།། ཉིན་མཚན་ཚ་བས་ཐེབས་པར་འགྱུར་ཞེས་བྱ་བ་ལ།། ་སྔགས་ནི། ཨོཾ་ཧཱུཾ་ནན་ཙཱ་ན་ད་ཨ་མུ་ཀན་ཛཱ་རཾ་ན་མཱ་ར་ཡཱ་ཧཱུཾ་ཕཊ། ཅེས་སོ།། མིའི་མགྲོ་ནི་མེའི་ཐོད་པའོ།། སྐྱེས་གཉིས་སྐྱེད་པ་ནི་བྲམ་ཟེའི་སྒོའི་སྐུད་པའོ།། གཏཱམ་དབང་ནི་ལྷ་ཆེན་པོ་སྟེ། དེ་ལ་ཕུལ་བའི་མེ་ཏོག་བཟུང ་ངོ་།། རྐང་པ་ནི་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ལོ།། དེ་དག་མིའི་ཐོད་པར་བཞག་ལ།། མིའི་རྗེ་ངར་གྱི་རུས་པའི་སྲུབོས་ཤིང་བྲམྦི་ཟེའི་རྩེ་ཨུད་པས་བཏགས་ལ། སྔགས་ཟློས་བཞིན་དུ་དེར་སྒྲ་དང་བཅས་པར་བསྲུབས་ན། ཉི་མ ་བདུན་གྱིས་སྐྱེས་བུ་ཆེན་པོ་ཡང་རིམས་ཆེ་བས་ཐེབས་པར་འགྱུར་རོ།། དང་པོ་ཐ་མར་ཡང་དག་ལྡན།། གནོད་སྦྱིན་མ་ཡི་ཡིག་བདུན་བརྗོད།། བྷཀྐེ་པུཀྐི་ཞེས་བཟླས་བྱ།། འབུམ་ཕྲག་བཞི་ཡི་སྐལ་བཟང་འགྱུར། ་ཞེས་བྱ་བ་ལ་སྔགས་ནི། ཨོཾ་བྷཀྐེ་པུཥྤེ་སྭཱ་ཧཱ་ཞེས་བྱ་བ་སྟེ། སྔགས་འདི་སྨནཱ་མ་མ་ཤཱའི་ཁ་ཟས་ཟ་ཞིང་། འབུམོ་ཕྲག་བཞིར་བཟླས་བརྗོད་བྱས་ན། འཇིག་རྟེན་གསུམ་ན་གནས་པའི་ཡུགས་སུ་མོ་རྣམས ་དབང་དུ་འགྱུར་རོ།། ཆུ་སྦྱོར་དྲུག་བཟླས་གནོད་སྦྱིན་དང་།། གནོད་སྦྱིན་མོ་ཡང་མངོན་སུམ་མཐོང་།། གྲོང་གི་བྱང་དུ་ནྱ་གྲོ་དྷའི།། ཡ་མ་ཤིང་མངར་གསུམ་སྔགས་པ་བསྲེག་ཅེས་བྱ་བ་ལ།། དང་པོར་སྔ་དྲོམ ་དུས་སུ་ནང་དུ་བྱུང་བའི་ཉི་མའི་གཟུགས་བརྙན་ཆུ་སྐྱོར་དྲུག་བཟླས་པ་དང་བྱིན་ལ།། གྲོང་ཁྱེར་གྱིས་བྱང་དུ་ནྱ་གྲོ་དྷའི་ཡམ་ཤིང་མདཱར་གསུམ་ལ་སྩགས་པས་སྦྱིན་བསྲེག་བྱས་ན་གནོད་སྔོན་དང་གནོད་སྦྱིན་མོ་མངོན ་སུམ་དུ་མཐོང་བར་འགྱུར་རོ།། སྔགས་ནི། ཨོཾ་བྷོཀྐེ་བུཀྐེ་སྭཱཧཱ་ཞེས་སྔར་བསྟན་པ་ཡིན་ནོ།། གྲུབ་ནས་ཇི་ལྟར་འདོད་པའི་དངོས་གྲུབ་སྟེར་བར་འགྱུར་རོ།། ནགས་ཚལ་ཆུ་འགྲ་མ་རི་ལྗོངས་སུ།། ་སྔོ་ཚོད་འཐུང་ཞིང་གནས་པར་བྱ།། དཔའ་བོ་ས་རྒྱལ་བར་བྱེད་པ་དང་། མཁར་གནས་འཁོར་ལོས་སྒྱུར་བར་འགྱུར་ཞེས་བྱ་བ་ལ། དཔའ་བོ་ནི། ཨ་ཁཾ་བཱི་རའི་སྔགསྭཱ་ཏོ། ནིགས་ཚོལ ་ལ་སྩོགས་པའི་གནས་སུ་སྔོ་ཚད་འཐུང་ཞིང་དཔའ་བོའི་སྔགས་ཀཱི་རྒྱ་ལྔ་པོ་འདི་བཟླས་ན། གྲཝ་ཡུལ་ལས་རྒྱུལ་བར་བྱེད་པ་དང་ན་མཁའ་ལ་རྒྱུ་བའི་རྒྱལ་སྲིད་སྟེར་བར་འགྱུར་རོ།། ་ཨོཾ་རུ་ཏཱི་ནི་སྭཱ་ཧཱ། ཞེས་བྱ་བ། ཨུ་མའི་སྙིང་པོའི་ཡིག་འབྲུ་བཟླ། པྲི་ཡང་ཀུའི་མེ་ཏོག་བས་གོ། ཡིད་ཀྱི་རེ་བ་བསྐོང་བར་འགྱུར། ག་ཎ ་ཛལ་ཚོགས་བདག་སྙིང་། ཕྱག་འཚལ་གཎགསལ་བར་བཅ། ཡོ་གེ་འབུམ་ཕྲག་བཟླས་ནས་སུ།། སྔགས་པས་རྟག་ཏུ ་གུ་གུལ་བསྒེག་ཅེས་བྱ་བ་ས། ཚོགས་ཐམས་ཅད་ཀྱི་ནང་ནས་རྒྱལ་བྷུར་བྱེད་པས་ནཱ་ག་ཎ་ཛའོ།། དེཅི་ཕྱིར་ཞེན ་ཚོགས་བདག་སྙིང་པོའོ།། ཛཾ་ལྟར་རྒྱལ་བར་བྱེད་ཅེ་ན། གླུ་ཀུལ་ཞེས་བྱ་བ་སྨོས་ཏེ། གུ་གུལ་གྱིས་སྦྱིན་བྱུག་བྱས་ནའོ།། སྔགས་ནི། ཨོཾ་ག་ཎ་མ་ག་ཎ་ཛ་ཡ་སྟོངྐ་ཞེས་བྱ་བྱའོ།། ་དགེ་བའི་འདོད་འཇོའི་རྣམ་པར་བཤད་པའོ།། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ ་ནག་པོའི་ཞལ་སྔ་ནས་དང་བོད་ཀྱི་ལོ་ཙ་བ་མགོས་ལྷས་བི་ཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། བཀྲ་ཤིས ་