CLOSE WINDOW

GT1888: khro chen gtum po'i sgrub thabs
Wyliee-texts produced with BDRC’s OCR application

ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཙནྡ་ཌུ་མ་ཧཱ་རོ་ཥ་ན་སཱ་དྷ་ནཾ། བོདྨ་སྐད་དུ། ཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས། ཁྲོ་ཆེན་གཏུམ་པོ་ལ་ཕྱག་འཚལ་ལེ།། ཡིད་དང་རྗེས་སུ་མཐུན་པའི ་གནས་གང་ཡང་རུང་བར་བདེ་བའི་སྟན་ལ་འདུག་ཅིང་། རང་གི་སྙིང་གར་པདྨ་འདབ་མི་བརྒྱད་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལོ་ཧཱུཾ་ནག་པོ་རྣམ་པར་བསམས་ཏེ། དེའི་འོད་ཟེར་གྱིས་ན་མཁའི་ཕྱོགསུ་བླ་མ ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཆད་པར་འགྱུར་བའི་ཁྲོ་ཆེན་གཏུམ་པོ་འགུགས་ཤིང་ཡང་དག་པོར་མཆོད་ཅིང་། སྡིག་པ་བཤགས་པ་དང་། ཕྱིས་མི་བྱེད་པར་སྡོམ་པ་དང་། ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བདག་དབུལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས ་དང་། ཚངས་པའི་གནས་བཞི་བསྒོམས་ལ། འགྲོ་བ་དངོས་མེད་ཀྱི་རང་བཞིན་གཟུང་བ་དང་། འཛིན་པ་རྣམ་པར་གྲོ་ལྔ་བ། སྒྱུ་མ་དང་། རྨི་ལམ་ལྟ་བུར་རྟོགས་ཤིང་སྟོང་པ་ཉིད་བསྒོམ་པར་བྱའོ།། ཨཽ ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་སོ།། དེའི་རྗེས་ལ་ན་མཁའ་དྲི་མ་མེད་པའི་ཕྱོགས་སུ་པདྨ་འདབ་མ་བརྒྱད་ཀྱི་སྟེང་དུ་ཉི་ཙོ་མའི་དཀྱིལ་འཁོར་ལ་ཧཱུ~ཾ་ནག་པོ་ལས་སྐྱེས་ཤིང་། ཡུ་བ་ལ་ཧཱུཾ་གིས་མཚན་པའི། ་རལ་གྲི་དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཆོ་ག་ས་མཱ་ལུསྨྲ་པ་བཀུག་ཅིང་རབ་ཏུ་བཞུགས་སོ།། དེ་ནས་ཧཱུཾ་ལས་བྱུང་བ་བསྒྲལ་པ་དཔག་ཏུ་མེད་པའི་མེ་འབར་བའི་ཕྲེང་བ་ཅན། ་བདུད་གདུལ་བར་དཀའ་བ་རྣམ་པར་འདུལ་བར་བྱེད་པ་སྤྲིན་སྔོན་པོ་ཆེན་པོ་ལྟ་བུའི་ལུས་ཅན་རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱུན་གྱིས་བརྒྱན་པ། རིན་པོ་ཆེས་སྨྲས་པའི་ཅོད་པན་གྱིས་གཙུག་ཕུད་ལྔས་གསལ་བར་བྱས ་ལ། གཞོན་ནུ་མ་སྡིགས་པ་རོལ་པར་གྱུར་པའི་མེ་ཏོག་ཀུནེ་ད་ལྟ་བུའི་ཡ་སོས་མ་མཆུ་མནན་པས་གི་དུག་པ་ལ་བསྡོགས་པ་དང་། འཇིགས་སུ་རུང་བའི་གཟུགས་ཀྱི་དཔལ་དང་ལྡན་པ།། ཁྲོ་གཉེར་དང་། མཐོ ་སྟ་བ།། སྤྱན་གཉིས་ཀྱིས་ཅིག་ཅར་ས་བླང་དང་། ས་འོག་འཇིགས་པར་བྱེད་པའི་སའི་དཀྱིལ་འཁོར་ལ་གཡས་པའི་པུས་མོས་མནན་པ། སྣ་ཚོགས་པདྨ་ལྔ་གནས་པའི་ཉི་མའི་གདན་ལ་འདུག་པའི་ཞ་བསྣ་གཡོན་པས། ་བཞེངས་པོར་འདོད་པ། ཕྱག་གཡས་པས་དཀྱིལ་དུ་ཧཱུཾ་གིས་མཚན་པོའི་རལ་གྲི་སྔོན་པོ་འབར་བ་བསྣམས་པ། གཡོན་པས་སྡིགས་མཛུབ་ཀྱིས་བསྡིགས་པར་བྱས་པའི་ཁྱབ་འཇུག་དང་། འཕྲོག་བྱེད་དང ་གསེར་གྱི་སྙིང་པོ་ལ་སོགས་པ་དང་། ཉོན་མོངས་ཀྱི་ཚོགས་ཀྱི་དགྲ་དཔག་ཏུ་མེད་པ་འཁྲུགས་པ་བཅིངས་པ་ལ་རྡོ་རྗེས་མཚན་པོའི་གསེར་གྱི་ཞགས་པ་བསྣམས་པ། འགྲོ་བའི་འདོད་པ་མཐའ་ཡས་པ་ཕུན་སུམ ་ཚོགས་པ་སྦྱིན་པ་ལ་རོ་གཅིག་པ་དཔལ་ལྡན། བློ་ཆེན་གཏུམ་པོ་བསྒོམ་པར་བྱའོ།། བཅོམ་ལྡན་འདས་ཁྲོ་ཆེ་རྒྱལ་པོ་མི་གཡོ་བའི་སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་ཞིང་དཀྱིལ་དུ་ཧཱུཾ་གིས་མཚན ་པའི་རལ་གྲི་ཡོངས་སུ་གྱུར་པས་ཁྲོ་ཆེན་གཏུམ་པོ་གཉིས་པ་སྙིང་གི་ནང་ན་གནས་པ་བསམ་པར་བྱའོ།། ཡང་དེའི་སྙིང་གར་པདྨ་དང་ཉི་མ་ལ་གནས་ཤིང་ཧཱུཾ་ལས་སྐྱེས་པའི་རལ་གྲི་ནག་པོ་དཀྲོངས་པ་དཀྱིལ་དུ་ཧཱུཾ་གིས ་མཚན་པ་བསྒོམ་མོ།། དེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་བཀུག་ཅིང་དམ་ཚིག་སེམས་དཔའ་བཞིན་དུ་བལྟས་ལ། ཛཿཡིག་གོས་དགུག་ཅིང་། ཞལ་བསིལ་བ་དང་། བསང་གཏོར་ལ་སོགས་པ་ཕུལ་ནས། ཧཱུཾ ་ཡིག་གིས་དེ་ཁོ་ནར་རབ་ཏུ་བཞུགས་ཏེ། བཾ་ཡིག་གིས་བཅིངས་ལ་ཧོཿཡིག་གིས་དགྱེས་པར་བྱའོ།། ཆུ་ལ་ཆུ་བཞིན་དུ་གཅིག་ཏུ་གྱུར་པའི་འདྲེན་པ་པོ་བསྒོམ་པར་བྱའོ།། བཅོམ་ལྡན་འདས་ཀྱི་སྤྱན་གཉིས་དང་། ་སྙན་གཉིས་དང་། ཤངས་གཉིས་དང་། ཞལ་དང་། དབུ་དང་། ཐུགས་རྣམས་ལ་གོ་རིམས་ཇི་ལྟ་བར་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ ་དང་། བདག་མེད་མ་རྣམས་ཡན་ལག་དྲུག་ལ་བསྐྱེད་པར་བྱའོ།། སྙིང་ལ་གནས་པའི་ཧཱུཾ་ལས་སྤྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དང་ལྷ་མོའི་ཚོགས་བཀུག་ཅིང་། བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས ་ཁྲུས་བྱ་སྟེ། སྤྱི་བོར་མི་བསྐྱོད་པ་བསྒོམས་ལ། ལྷ་མོ་རྣམས་ཀྱིས་གར་དང་རོལ་མོ་ལ་སོགས་པ་རྣམ་པ་ཚོགས་དང་། མཆོད་པ་ལ་སོགས་པ་སྣ་ཚོགས་ཀྱིས་དགྱེས་པར་བྱའོ།། དེ་ནས་བཅོམ ་ལྡན་འདས་གཞན་དོན་ལ་བརྩོན་པོ་པཾ་སེམོས་ཅན་ཐམས་ཅད་ཆགས་སྡང་དང་། གཏི་མུག་ལ་སོགས་པ་དང་། ཁྱབ་འཇུག་པ་དང་། འཕྲོག་བྱེད་དང་། གསེར་གྱི་སྙིང་པོ་དང་། འདོད་ལྷ་ལ་སོགས་པ་དང་། གཏི་མུག ་ཆེན་པོ་དང་། ཆགས་པའི་དྲ་བས་ཀྱང་མ་རིག་པའི་མུན་པས་སྲིད་པའི་འཁོར་ལོ་འཁོར་དུ་འཇུག་པ་དེ་དག་བལྟ་བར་བྱའོ།། དེ་ནས་སྙིང་ལ་གནས་པའི་སྔགས་ལས་སྤྲོས་པའི་ཁྲོ་ཆེན་རྒྱལ་པོ་རྣམས་ཀྱིས་བདུད་ཀྱི་ཚོགས ་དཔག་ཏུ་མེད་པ་འཁོར་དང་བཅས་པ། གཅེར་བུ་སྐྲ་ཀྲོལ་བ། ངུ་བར་གྱུར་པ་སྐྱབས་མེད་པ། རྡོ་རྗེའི་ཞགས་པས་བཅིངས་ཤིང་བཀུག་སྟེ་བསྡུས་ནས་ཕྱེ་མར་བྱས་ལ། རལ་གྲི་རྣོན་པོས་དུམ་བུར་བཅད་ལ། བྱམས་པའི ་སེམས་ཀྱིས་ཡང་སྤྲུལ་ནས་ཆོས་ལ་དགོད་པའི་ཚོད་དུ་རང་གི་རྐང་པའི་ཕྱོགས་སུ་བཞག་ལ། བསྒོ་བ་ལས་ངལ་བར་གྱུར་ན་སྨིན་མཚམས་ཀྱི་བར་དུ་སེམས་བཞག་ལ་སྔགས་བཟླས་པར་བྱའོ།། སྣ་ཚོགས་གཅིག་ཏུ་གྱུར ་པའི་སྐུ་ཅན་ཁྲོ་ཆེན་གཏུམ་པོ་སྔོན་པོའི་སྔགས་བཟླས་པ་ཙམ་གྱིས། གདུལ་དཀའ་འདུལ་བ་དང་། འགྲོ་བ་དབང་དུ་འགྱུར་བ་དང་། ཞི་བ་དང་། བསྲུང་བ་དང་། འཕེལ་བ་དང་། དགྱེས་པ་དང་། རྒྱས་པ་དང་། དེ་བཞིན ་དུ་བསྒྲག་པ་དང་། འགུགས་པ་དང་། བསོད་པ་དང་། བསྡིགས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས། སློབ་དཔོན་པྲ་བྷ་ཀ་ར་གིར་ཏིས་མཛད་པ་རྫོགས་སོ།། ་ཐུགས་རྗེས་ཆེན་པོའི་རྒྱུད་གསུམ་པ།། མཁས་རྟོགས་འཛོམ་ཞིང་ཡི་དམ་མཐོང་།། སྤོབས་པ་བརྩོད་པ་སྙན་དང་མཁས།། སྦྱིན་པ་ཚུལ་ཁྲིམས་ཀྱི་རང་འགྱུར།། ། རྒྱ་གར་སྐད་དུ། ཙཎྜ ་