CLOSE WINDOW

GT1882: rta mgrin gyi sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཧ་ཡ་གྲཱི་བ་སཱ་དྷ་ནཾ་ནཱ་མཿ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ། རྟ་མགྲིན་ལ་ཕྱག་འཚལ་ལོ།། རྟ་མགྲིན་གྱི་ནི་སྒྲུབ་སོ་པའི་ཐབས།། དེ་ནས་ཡང་དག་རབ་བཤད ་བྱ།། དང་པོ་རེ་ཤིག་སྔགས་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བདུད་རྩི་ལྔས་ཕྱུགས་ལ་ཇི་ལྟར་འདོད་པའི་སྟན་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་འབྲས ་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་སྤྱོང་པོ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པ་དང་། ཕྱག་འཚལ་བ་དང་། སྡིག་པ་བརྗེད་པ་ལ་སོགས་པ་བྱིས་ཏེ། ཨོཾ་ཙྪ་བྷཱུ་བྱཱ་ཤུ ་སརྦ་དྷརྨྨཱཿསྭ་བྷཱ་བཱདྷོནུརྦྷོ་། ཨོཾ་ཤྩ་ནྱ་ཏཱ་ཛྙཱ་ནེ་བཛྲཱི་སྭ་བྷཱ་བཱ་ཨཱཏྨ་ཀོ་ཧ~ཾ་ཞེས་ཡང་དག་པར་བརྗོད་དོ།། འདིའི་སྔགས་ཀྱི་རླུང་དང་གཞནྡྲ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་དཀྲོར་བྷྲྀ ་སུ་པདྨ་འདབ་མ་བཞི་པའི་ལྟེ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་གཱི་དཾན་ལ་ཐོད་པ་བདུད་རྩི་དང་བཅས་པ་དེར་བསམ་པར་བྱའོ།། དེད་དྷྭཾ་ཡི་ག་ཡོངས་སུ་གྱུར་པ་ལས་བསམ་པར་བྱ་བའི་སངས་རྒྱུས་ནི་དྲག་པོའི་ཞེ ་བཞི་པ་ཞབས་བཞི་པ། གཡས་པའི་ཞབས་བརྐྱང་བ།། གཡོན་པའི་ཞབས་བསྐུམ་པའོ།། དཔའ་བོ་ཕྱག་བརྒྱད་པ། ལྷ་མོ་ཟེ་ཞེས་ཡོངས་སུ་བསྐོར་བ། གླང་འདོད་པའི་དངོས་གྲུབ་ཀྱི་བདག་ཉིད། བདག ་ཉི་ཆེན་པོ་རྟ་མགྲིན་ནི། སྐུ་བདོག་དམར་པོ་མཚོ་རྣ་བ་གཙིགས་པ་སྤྱན་གསུམ་པ། རྩ་བ་དང་གཡས་དཔོགཡོན་གྱི་ཞལ་ནི་དམར་པོ་དང་། བློན་པོ་དང་། དཀར་པོའོ།། སྐྱེ་བོའི་རྟའི་ཞལ་གྱི་རྣམ་པ་དའི་ཁ་། ་ནི་ཤིང་པ་ལཱ་ཤ་བཞི་ནོ།། ཐོད་པ་ཁྲག་དང་ཤ་ཆེན་ནས་ཀྱི་དབང་བསྐུར་བ་རབ་ཏུ་སྦྱིན་པར་བྱའོ།། རྟ་ཞལ་ལ་སོགས་པའི་དབུ་ལྔ་རྒྱན་ཐམས་ཅད་རྫོགས་པ། མགོ་བོའི་ཕྲེང་བས་བརྒྱན་པའོ།། གཡས་ཀྱི་ཕྱག་རྣམས་ཀྱིས ་ལྕགས་ཀྱུ་དང་། མདའ་དང་། ཐོད་པ་དང་རྡོ་རྗེའོ།། གཡོན་པ་བསྣམས་ན་ཞགས་པ་དང་། གཞུ་དང་། ཁ་ཊྭཱཾ་ག་དང་། དྲིལ་བུའོ།། འདིར་སྒྲུབ་པ་པོས་དེ་འདྲ་བའི་བཅོམ་ལྡན་འདས་སུ་བསྒོམ་པར་བྱའོ།། མཆོད་པའི ་བདག་ཉིད་བདུད་རྩི་ལྔས་ཡང་དག་པར་མཆོད་པར་བྱའོ།། མདུན་དུ་བཞུགས་པའི་ལྷ་མོ་རྡོ་རྗེ་རྟ་མ་འཇིག་ས་མ་ཆེན་མོ་ཧྲིཿཡིག་ལས་ཡང་དག་པར་བྱུང་བ་ཞལ་གཅིག་མ། ཕྱག་བཞི་མ་གཡོན་ན་གཞུ་དང་ཐོད་པ ་པ་བདུད་རྩི་དང་བཅས་པའོ།། གཡས་ཀྱི་མངའ་དང་། རྩེ་གསུམ་མོ།། སྣ་ཚོགས་པའི་སྐུ་ཡིད་དུ་འོང་བའི་གཟི་བརྗིད་ཅན། རྒྱུབ་ཏུ་བཞུགས་པའི་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་ཧཾ་ལས་ཡང་དག་པར་བྱུང་བ།། གཡོན་ན་ཁ་ཊྭཱཾ ་ག་དང་། ཞགས་པ་ཆེན་པོ་འཛིན་པའོ།། གཡས་ན་ཐོད་པ་ཁྲག་གིས་གང་བ་དང་། དབྱིག་པའི་བརྟུལ་ཞུགས་འཆང་བའོ།། ཀ་པཱ་ལའི་གདན་གྱིས་དབུས་ན་བཞུགས་པ་སྐུ་མདོག་དུ་མྱུར་མོ་འབར་མ་ཆེན་མོ་མཚན་ནི ་ཕག་མོར་བརྗོད་དོ།། གཡས་སུ་ནི་རྡོ་རྗེ་ཁྲོས་མ་ཐོད་དྲི་གདན་ལ་ཡང་དག་པར་བཞུགས་མ། ཧྲིཿལས་ཡང་དག་པར་བྱུང་བའི་ལྷ་མོ་སྐུ་མདོག་སོར་མོ་ཞལ་གཅིག་ཕྱག་བཞི་མ། གཡོན་ན་དུག་གིས་གང་བའི་ཐོད་པ་དང ་ཞགས་པའི་རྒྱལ་མཚན་ནོ།། གཡས་སྱཱ་ཌ་མ་རུ་། དབྱིག་པའི་བརྟུལ་ཞུགས་འཆང་བའོ།། གཡོན་དུ་བཞུགས་པའི་ལྷ་མོ་ཁ་དོག་དཀར་མོ་ཕྱུག་ན་རྡོ་རྗེ་ཅན་ཏེ། འདབ་མ་བཞི་རྣམ ་ལ་བཞུགས་པའོ།། རྟ་མགྲིན་འཁོར་བཅས་ལ་མཆོད་པར་བྱའོ།། ལྷ་མོ་ཐམས་ཅད་ཀྱི་དུག་དང་། དྲོ་ཆུ་དང་བཅས་པས་སོ།། ཞབས་འོད་ཀྱི་ཕྲེང་བ་ལ་བཞུགས་ཤིང་མགོ་བོས་བརྒྱན་པ།། སྤྱན་གསུམ་པོ ་མཆེ་པ་རྣོ་བ་གཙིགས་པ་འཇིགས་པར་མཛད་པ། གང་འདོད་པའི་དངོས་གྲུབ་ཀྱི་བདག་ཉིད་ཅན་ནོ།། སྔགས་ཀྱི་རྒྱལ་པོ་རྗེ་སུ་དྲན་ན་དེར་འདིའི་སྔགས་ནི། ཨོཾ་ཧ་ཡ་གྲཱི་བ་ཧྲཱིཿ་ཧཾ་ཨ་ཧ་ཨཾ་ཨོཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། ་སྔགས་ནི་བསམ་པར་བྱའོ།། རྟག་ཏུ་བཟླས་པ་རྗེས་སུ་དྲན་པས། འབུམ་ཕྲག་གཉིས་དང་བྱེ་བ་ཕྲག་གཅིག་གིས་དེ་ནང་མེད་པར་འགྱུར་རོ།། ང་ཡང་སྔར་བསགས་པའི་སྡིག་པ་འཇོམས་པ་དང་། དུས་ཁྲིམས ་ཅད་དུ་རྣལ་འབྱོར་གྱི་དབོང་ཕྱུག་གིས་བསྲུང་བར་འགྱུརརོ།། འདི་ཉིད་ཀྱི་ལྷ་མོ་རྟ་གདོད་མ་ནི་བོརྟན་པ་སའི་དངོས་པོ་དང་། བྱམས་པ་འཕྲོ་བའི་སེམས་དང་མེ་ལོང་ལྟ་བུའི་རྣལ་འབྱོར་རོ།། གཡས་གཡོན་གྱི་ལྷ་མོ་ནི ་ཆུ་དང་། སྙིང་རྗེ་དང་མཉམ་ཉིད་དང་མ་དང་དགའ་བ་དང་། སོ་སོར་རྟོག་པའི་རང་བཞིན་ནོ།། ལྷ་མོ་གླང་གདོང་མ་ནི་རླུང་གི་དངོས་པོ་དང་བཏང་སྙོམས་ཀྱི་སེམསུ་དྲན་ཞིང་བྱ་བ་རྗེས་སུ་གྲུབ་པའི་རྣལ་འབྱོར་རོ།། སྣ ་ཚོགས་པའི་གཟུགས་ནི་སྣ་ཚོགས་ན་ཆགས་པའི་ཚུལ་དུ་བརྗོད་དོ།། ཁ་དོག་སྔོན་མོ་ནི་གཉིས་སུ་མེད་པར་བྱེད་པ་ཆོས་ཀྱི་སྒྲ་སྒྲོགས་པ་སྡིགས་པར་མཛད་པའོ།། ། འདོག་སེར་མོ་ནི་དྲི་མ་མེད་པར་རྟོག་སོ།། ཁ་དོག ་དམར་མོ་ནི་ཆོས་རྣམས་ལ་ཚོགས་པའི་སེམས་ཀྱིས་དེ་བཞིན་གཤེགས་པའོ།། ཞབས་བཞིའི་རྣམ་དག་ནི་འཕགས་པའི་རྫུ་འཕྲུལ་གྱི་རྐང་པ་བཞིའོ།། རྟའི་གདོང་པ་ནི་གཞན་པ་མེད་པའི་སེམས་ཀྱི་རང་བཞིན་འདི་ཆོས ་ཀྱི་དབྱིངས་རྣམ་པ་དག་པ་དང་། ལམ་རྣམ་པར་དག་པར་གཞོལ་བར་མངོན་པར་བརྗོད་དོ།། རྒྱུའི་དེ་ཉིད་གང་ལ་ལྟ་བ་དང་། འབྲས་བུའི་དེ་ཉིད་ཀྱི་ཕྱག་རྒྱ་ནི་སངས་རྒྱས་བཅོམ་ལྡན་འདས་ཐར་པ་ལ་སྤྱན་གསུམ་གྱིས་གཟིགས ་པའོ།། ཐོག་མ་མེད་པའི་ཡེ་ཤེས་ཀྱི་སེམས་དུད་འགྲོའི་ཞལ་དུ་བསྟན་ཏོ།། ཡིད་སྦྱོང་བའི་རྣལ་འབྱོར་པས་རི་ལྟར་རྟག་ཏུ་གནས་པར་བྱའོ།། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བླ་ན་མེད་པ་རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ། ་པཎྜི་ཏ་པྲ་བྷཱ་ཀ་རས་མཛད་པ་རྫོགས་སོ།། ། རྒྱ་གར་ཡུལ་བཱི་ར་ཎ་སིའི་པཎྜི་ཏ་པུ་རུ་ཥོཏྟ་མའི་ཞལ་སྔ་ནས་ལེགོས་པར་མཉན་ཏེ། ལོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚོན་དཔལ་བཟང་པོ་ས་བླ ་མ་དམ་པའི་བཀས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་བའོ།། །། ས་སྟངས་སུ་ཉི་ཟླ་ལྟར་ལོངས་སྤྱོད་པར་ཤོག་ཅིག།། འཕགས་པོ་རྟ་མགྲིན་བསྒྲུབ་པར་འདོད་པས ་