CLOSE WINDOW

GT1880: rta mgrin gyi sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཧ་ཡ་གྲཱི་བ་སཱ་དྷ་ནཱ་ནཱ་མ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ། རྟ་མགྲིན་ལ་ཕྱག་འཚལ་ལོ།། བདེ་བར་གཤེགས་པས་དགོངས་ཤིང་རྟོགས ་པའི་ཕྱིར་དངོས་པོ་ཐམས་ཅད་ནི་འདི་ལྟར་གདོད་མ་ནས་མ་སྐྱེས་ཤིང་མི་གནས་པའི་ཕྱིར་རོ།། དེ་ནས་རི་རབ་ལྕོག་བརྒྱད་པ་རིན་པོ་ཆེ་སྣ་བདུན་གྱི་རོང་བཞིན་ཅན། དེའི་དབུས་སུ་དཔག་ཚད་སྟོང་གི་ཚད་ཙམ་གྱི་འོད་ཀྱི ་ཕུང་པོ་དེར་ཉེ་བར་གནས་ལ། དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ལུས་དང་ངག་དང་ཡིད་བྱིན་གྱིས་བརླབ་པོ།། དེ་ནས་ནམཁའ་ཁྱབ་པའི་ཉི་མའི་དཀྱིལ་འཁོར་སྤྲུལ་ལ། དེ་ཉིད ་ཧཱུཾ་ཡིག་འབར་བའི་རྣམ་པ་བསམ་པར་བྱའོ།། དེ་ནས། ནི་མཿས་མནྟ་ཀཱ་ཡ་བཱཀྵིཏྟ་བཛྲི་ཎཱཾ། ཨོཾ་ཨཱཿཧཱུཾ་ཞེས་པ་འདི་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང ་ཚུབ་སེམས་དཔའ་ལ་སོགས་པ་ཡེ་ཤོས་ཀྱི་རྣམ་པ་སྤྱན་དྲངས་ལ་བཞུགསོ།། ཡང་གཉིས་པ་ལ་ཧཱུཾ་ཡིག་གིས་རྟ་མགྲིན་བསྐུལ་ཞིང་སྤྱན་དྲངས་ལ་བཞུགས་སྷོ།། གསུམ་པ་ལཱ་ཧཱུ~ཾ་ཡིག་གིས་བདགོ་ཉིད་རྡོ་ཛྙཱརྟ ་མགྲིན་གྱི་རང་བཞིན་ཅན་ཏེ། སྐུ་མདོག་དམར་པོ་འཇིགས་པར་མཛད་ལ། སྤྱན་གསུམ་པ། སྨ་ར་དམར་སེར་ཅན། དྲག་པོ། གསུས་པ་འཕྱང་བ།། མཆེ་བ་གཙིགས་ཤིང་ཚམས་ཀྱིས་མ་མཆུ་མནན་པ། མགོ་བོའི ་ཕྲེང་བ་དང་རལ་པའི་ཅོད་པན་ཅན། འོད་དཔག་མེད་སྤྱི་བོར་བཞུགས་པ། ཞལ་གཉིས་པ། རྟ་ཞལ་སྔོན་པོ་ཧཱི་ཧཱིའི་ཡི་གེའི་སྒྲ་སྒྲོགས་པ། སྲིད་རྩེའི་མཐར་ཐུག་པའི་ཚངས་པའི་སྒྲ་ངའི་རྩེ ་རྟ་ཞལ་གྱིས་མནན་པ། སྦྲུལ་བརྒྱད་ཀྱིས་བརྒྱན་པ། མེའུ་ཐུང་གི་རྣམ་པ་ཅན། སྟོག་གི་ལྤགས་པའི་ཤམ་ཐབས་ཅན། རྒྱུན་ཀུན་གྱིས་བརྒྱན་པ། ལྷ་དང་ལྷ་མ་ཡིན་ཐམས་ཅད་སྡིག་པ་དང་དབྱིག་པ་འཆང་བའོ།། སྣ ་ཚོགས་པའི་འོད་ཟེར་གྱི་ཁེ་དོག་སྤྲོ་བ་དང་བསྡུ་བ་སྔོན་བཞིན་པས་པར་བྱའོ།། བཅོམ་ལྡན་འདས་དེ་བསྒོམས་པ་ལས་ཡིད་བཞིན་ནོར་བུ་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་བཅུད་ལེན་པ་ལ་སོགས་པའི ་དངོས་གྲུབ་ཀྱིས་སྒྲུབ་པ་མངོན་སུམ་དུ་འགྱུ་རེ་རོ་ཞེས་གསུངསོ།། རྟོག་པ་བདུན་བརྒྱ་པ་ནས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་བཱ་ར་ཎཱ་སའི་པཎྜི་ཏ་པུ་རུ་ཥོཏྟ་མའི་ཞ ་སྔ་ནས་མཉན་ཏེ། མོ་ཙ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ཉུང་རོ་འཁྲིས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཧ་ཡ་གྲཱི་བ་སཱ་དྷ་ནཱ~ཾ་ནཱ་མཿ ་