| Wylie | e-texts produced with BDRC’s OCR application |
རྡོ་རྗེ་གནམ་ལྕགས་འབར་བ་ཞེས་བྱ་བའི་སྒྲུབ་ཐབས། ཀླུ་འདུལ་བའི་ངན་ཐབས། བལ་པོའི་མན་ངག་རྒྱ་གར་གྱི་བྷྲ་མ་མ་ཏྲིས་མཛད་པ་རྫོགས་སོ།། ། རྒྱ་གྲོར་སྐད་དུ། ཀྲོ་དྷ་རཱ་ཛཱ་གུ་ཛྙཱ་ར ་བཛྲ་མཎྜལ་བི་དྷི་ན་མཿབོད་སྐད་དུ། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག། ཁྲོ་བོ་རྡོ་རྗེ་པནམ་ལྕགས་པ་ལ་ཕྱག་འཚལོ།། གཏུམ་དྲག་འཇིགས་པའི་སྒྲ་སྐད་འབྲུག་སྒྲ་སྒྲོགས།། ་རྗེ་བཙུན་དེ་ལ་ཕྱག་འཚལ་ཏེ།། དེ་ཡི་དཀྱིལ་འཁོར་ཆོ་ག་བྲི།། དད་པ་དང་ལྡན་པ། ད་མོ་ཆོག་དང་། རང་གི་བརྟུལ་ཞུགས་བསྲུང་བ་རྣམ་པར་རྟོག་པ་མེད་ཅིང་རྒྱུད་གཅིག་པ། བླ་མ་དང་རྡོ་རྗེ་གནམ་ལྕགས་འབར་བ་ལ་མཆོག་ཏུ ་གུས་པའི་སློབ་མ་ཡོན་ཏན་དང་ལྡན་པས། དང་པོ་མཎྜལ་དང་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ནས། བླ་མ་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་བླ་མ་ཁྲོ་བ་མེད་པ་སྔགས་དང་ཕྱག་རྒྱ་དང་རྒྱུད་ལ་མཁས་པ། ཐོས་པའི་ཕ་རོལ ་ཏུ་སོན་པ། རྒྱུང་འདིར་དབང་ཐོབ་པ། དམ་ཚིག་དང་། སྡོམ་པ་དང་ལྡན་པ་དེས་ཁྲོ་བོ་བསྐྱེད་ལ་བསྙེན་པ་ལ་ཐུག་པར་བྱས་ནས། སུ་བྲི་ཏིའི་སྔགས་འབུམ་བཟླས་པ་བྱ་བ་ནི་སྔོན་དུ་བསྙེན་པ། དེ་ནས་རྒྱུད་གཞན་ནས་གསུངས་པའི ་ནས་ཡིད་དུ་འོང་བ། གང་ཡང་རུང་བར་སོང་ནས་བདུད་རྩི་འཁྱིལ་པོའི་སྔགས་བཟླས་པའི་ཆུ་གཏོར་དེ། ངོར་དཀྱིལ་འཁོར་བྱས་ཏེ། མཆོད་པ་དང་གཏོར་མ་བྱས་ཏེ་རང་གི་ཁྲོ་བོ་དང་ལྷ་མོ་མཆོད་ལོ། འབྱུང་པོ་ཐམས་ཅད་ལ ་གཏོར་མ་བྱིན་ནས། སའི་ལྷ་མོ་ལས་བླང་དུ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཇི་ལྟར་བདུད་ཀྱི་སྡེ ་བཅོམ་པ།། དེ་ལྟར་བདག་གིས་བདུད་ཀྱི་སྡེ།། ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི།། ཞེས་བརྗོད་ལ། ཐལ་མོ་ས་ལ་བརྡབས་པ་ལས། སའི་ལྷ་མོ་སྐུ་ཕྱེད་ཙམ་ཐོན་ནས་འདུག་པ་ལས།། ང་སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་བྱེད་པས ་བདག་ལས་བྱིན་ཅིག་ཅེས་བརྗོད་པ་ལས། ཁྱོད་དཀྱིལ་འཁོར་གྱི་བདག་པོ་ཡིན་པས། དཀྱིལ་འཁོར་གྱིས་ཞེས་བརྗོད་ནས་ས་ལ་ཐིམ་པར་བསམ་མོ།། ས་བླང་བའི་རིམ་པའོ།། དེ་ནས་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དུ་གནས་ཏེ། ་དེ་ནས་སའི་ལྷ་མོ་ན་མཁའ་ལ་གཤེགས་པར་བསྒོམས་ལ། ས་བསྐོ་སྟེ་སའི་རོ་རྣམ་ལྔ་གསལ་ལ། དེར་རིན་པོ་ཆེ་ལྔ་དང་འབྲུ་ལྔ་དང་ལྡན་པའི་བུམ་པ་བཅུག་ལ་སླར་རང་གིསས་དགང་ངོ་།། དེ་ནས་དཀྱིལ ་འཁོར་ཉིས་འགྱུར་དུ་སྤོས་ཆུའི་ཆག་ཆག་དང་བའི་རྣམ་པ་ལྔས་བྱུག་གོ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དབུས་སུ་གནས་ནས། སྟོང་པ་ཉིད་སྔོན་དུ་འགྲོ་བས་ལྷའི་ང་རྒྱལ་བྱའོ།། ས་གཞི་ཐམས་ཅད་སྟོང་པའི་རང་བཞིན་ལས། ་ཧཱུཾ་ལས་རྡོ་རྗེའི་ས་གཞིར་བསྒོམས་ནས། དེའི་དབུས་སུ་ང་རྒྱལ་གྱིས་གནས་པར་བྱས་ལ། ལྷ་མོའི་ང་རྒྱལ་ཅན་དག་གིས་དཀྱིལ་འཁོར་བྲི་བར་གསོལ་བ་བཏབ་ནས། དཀྱིལ་འཁོར་བྲི་བར་ན་མཁའ་ལ་བཏེག་ལ། རྡོ་རྗེ་སློབ ་དཔོན་གྱི་མིག་ཏུ་མ་དང་། ཨ་ལས་གྲུབ་པའི་ཉི་མ་དང་། ཟླ་བ་འོད་ཟེར་འབར་བ་དང་བཅས་པར་བསམས་ཏེ། རྐང་པའི་འོག་ཏུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་འོང་འབུར་བ་དང་བཅས་པ་བསྒོམས་ནས་ལངས་ཏེ། བྱང་ཤར་གྱི་མཚམས ་ནས་བསྐོར་བ་བྱས་ཏེ། རྡོ་རྗེའི་ལྟ་བ་དང་། རྡོ་རྗེའི་འགྲུས་དག་གིས་བགེགས་གཞོམ་པར་བྱའོ།། དེ་ནས་ཡང་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས། རྡོ་རྗེ་འབར་བའི་ང་རྒྱལ་དུ་བྱས་ནས་དེའི་སྙིང་གར་གནས་པའི་ས་བོན་ལས ་བྱུང་བའི་ཁྲོ་བོའི་ཕུར་བསྐྱེད་ནས། བདག་གིས་སྐེ་ནས་བཟུང་ནས་ཕྱོགས་བཅུར་ཕུར་བུ་གདབ་པར་བྱའོ།། ཨོཾ་གྷ་གྷ་གྷ་ཏར་ཐཱཿ། སརྦ་དུཥྚཿས་ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར། ཨ་ཛྙཱ་པ་ཡ ་ཏི་སརྦ་བིགྷྣཱ་ན་ཀྵ་ཡ་བཱཀྵི་དྷ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཞེས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གདའ་པར་བྱའོ།། ས་བཟུང་བའི་རིམ་པའོ།། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཁྲུ་གྲང་པའི་དཀྱིལ་འཁོར་ཟླུམ་པོར་བྱས་ལ། ལྷའི་གྲངས ་དང་མཉམ་པའི་དྲིའི་ཐིག་ལ་བྱས་ལ། དེར་མུ་ཏོག་གི་ཚོམ་བུ་བཀྲམ་ལ་ས་བོན་ལས་ལྷར་བསྐྱེད་ལ། ན་མཁའི་ལྷ་བསྟིམས་ལ། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ལ། ན་མཁར་བགེགས་བསྐྲང་ནས་བསྟིམས་ལ། མཆོད་བསྟོང་བདུད ་རྩི་མྱངས་ལ། གསོལ་བ་གདབ་པ་ནི། ཧཱུཾ་བཅོམ་ལྡན་རྡོ་རྗེ་གནམ་ལྕགས་འབར་བ་ནི།། རིག་སྡིགས་བདག་པོ་ཕྱག་འཚལ་ལོ།། སྙིང་རྗེའི་ཡིད་ཀྱིས་དཀྱིལ་འཁོར་བྲི་བར་འཚལ།། དེ་ནས་བྱིན་བརླབས་གནང་བར་མཛད་པར་གསོལ ་དགོངས་ཤིག་སངས་རྒྱས་སྡེ་དང་ཚོགས།། ལྷ་རྣམས་བསྟན་ལ་མངོན་དགའ་བ།། དཀྱིལ་འཁོར་བྱིན་བརླབས་དངོས་གྲུབ་མཛོད།། ལན་གསུམ་བརྗོད་དོ།། ལྷ་ལྷག་པར་གནས་པའོ།། དེ་ནས་གསེར་དང་དངུལ་ལ་སོགས་པའི་བུམ་པ ་མཚན་ཉིད་དང་ལྡན་པ་ལ་ལྷའི་གྲངས་དང་མཉམ་པ་འམ། ཡང་ན་གཉིས་ལ་སྣ་ཚོགས་པདྨའི་སྟེང་དུ་རང་གི་མཚན་ཉིད་བྲི། ལས་ཀྱི་བུམ་པ་ལ་པདྨའི་དབུས་སུ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ།། གཙོ་བོའི་བུམ་པར་སྨན་ལྔ་འབྲུ་ལྔ་རིན་པོ་ཆེ ་ལྔ། དྲི་མུ་བདུད་རྩི་ལྔས་བཀང་ལ།། བུམ་པ་གཞན་དུའང་དེ་བཞིན་ཏེ། མགུལ་ཚངས་རས་ཟུང་གི་ཅིག་གིས་བཅིང་བར་བྱའོ།། མེ་ཏོག་ཕྲེང་བ་དང་གདུགས་ཀྱིས་བརྒྱན་ཏོ། གདུགས་དཀར་པོ་རེ་རེས་དབུལ་བར་བྱའོ།། ཙུ ་འབྲས་བུ་དང་བཅས་པའི་ཤིང་གིས་ཁ་བརྒྱན་པར་བྱའོ།། དེ་ནས་གཙོ་བོའི་བུམ་པར་པདྨའི་སྐུ་བསྐྱེད། ཕྱག་རྒྱ་བཞི་དང་ལྡན་པར་བྱས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམས་ལ། མཆོད་བསྟོད་དང་བཟླག ་པ་བྱ། དམ་ཚིག་གི་ཁྲོ་བོ་དང་། ཡེ་ཤེས་ཀྱི་བདུད་རྩི་གཉིས་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་བྱའོ།། དེ་ནས་བུམ་པ་གཞན་དུ་ཡང་ཤེས་པར་བྱའོ།། ལས་ཀྱི་བུམ་པ་ལ་པདྨའི་སྟེང་དུ་ལས་ཐམས་ཅད་པའི ་ཁྲོ་བོ་བསྐྱེད་ལ། ཡེ་ཤེས་བཅུག་ལ་མཆོད་པ་དང་བཟླས་པ་བྱས་ནས། མ་ཞུ་བར་སྐུར་བཞུགས་པར་བསྒོམས་ནས་ལས་མ་གྲུབ་བར་དུ་བགེགས་མ་རུངས་པ་བསྲུང་བར་གསོལ་བ་གདབ་བོ།། བུམ་པ་ལྷག་པར་གནས་པའི་ཆོ ་གའོ།། དེ་ནས་སློབ་མ་ཤར་ཕྱོགས་སུ་མཎྜལ་ཕུལ་ལ་དེར་འདུག་ལ། རྡོ་རྗེ་སློབ་དཔོན་གྱི་གཙོ་བོའི་ང་རྒྱལ་བྱས་ལ་གསོལ་བ་གདབ་པོ།། དགའ་ཆེན་ཁྱོད་བདག་སྟོན་པ་བས།། སློབ་དཔོན་ཁྱོད་ནི་དགོངསུ་གསོལ།། བྱང་ཆུབ ་ཆེན་པོའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། དམ་ཚིག་དེ་ཉིད་བདུག་ལ་གསོལ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྟབས་གསུམ་དག་ཀྱང་བདག་ལ་གསོལ།། ཐར ་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་འཇུག་པར་འཚལ།། ཞེས་གསོལ་བ་གདབ་བོ།། དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་པ་ནས་བཟུང་ནས། བུ་ཚུ་རོ་ཐོག་པ་ཆེན་པོ་ལོ།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ།། ་གསང་སྔགས་སྤྱོད་ཚུལ་ཆོ་ག་ནི།། ཁྱོད་ལ་ཡང་དག་བསྟན་པར་བགྱི།། རྫོགས་པའི་སངས་རྒྱས་གང་འདས་དང་།། གང་དག་དེ་བཞིན་མ་བྱོན་དང་།། ད་ལྟར་བྱུང་བའི་རྫོགས་སངས་རྒྱས།། འགྲོ་ལ་ཕན་ཕྱིར་བཞུགས་པ ་རྣམས།། དེ་དག་ཀུན་གྱི་གསང་སྔགས་ཀྱི།། ཚོགས་མཆོག་བཟང་པོ་འདི་མཁྱེན་ནས།། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་ལ་མཚན་མེད་བརྙེས།། གསང་སྔགས་སྤྱོད་པ་མཉམ་མེད་པ།། སྐྱོབ་པ་རྡོ་རྗེ་གནམ ་ལྕགས་འབར་བ་ཡིས།། བདུད་སྡེ་ཤིན་ཏུ་མི་ཟད་པ།། དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ།། དེ་ནས་ཀུན་མཁྱེན་ཐོབ་པའི་ཕྱིར།། བུ་ཡིས་བློ་གློས་འདི་གྱིས་ཤིག། དེ་ནས་ཉེན་པར་རྣ་གཏོང་པ་དང་། སྡིག་པ་བ་ཤགས ་པ་ལ་སོགས་པ་བྱེད་དུ་བཅུག་སྟེ། དེ་ནས་བྱ་བའི་རྒྱུད་ལ་སོགས་པ་དང་ཐུན་མོང་གི་སྡོམ་པ་དང་། རྣལ་འབྱོར་བློ་ན་མེད་པའི་ཕས་ཕམ་པ་བཅུ་བཞི་དང་། སྡོམ་པ་དབོག་པ་ལ་སོགས་པ་དག་ཀྱང་བྱའོ།། དེ་ནས་སློབ་མའི ་གནས་གསུམ་དུ་དྲིའི་ཐིག་ལ་བྱས་ཏེ། རྡོ་རྗེ་དྲང་འཁོར་ལོ་དང་པད་མ་དྲག་བསྐྱེད་དེ། དེ་དག་གི་ལྟེ་བར་ས་བོན་གསུམ་བསམ་ཞིང་། ཨོཾ་ཨཱཿཧཱུཾ་ཞེས་གནས་གསུམ་དུ་རྡོ་རྗེ་བཞག་པར་བྱའོ།། དེ་ནས་མཆོད་དེ་སོ་ཤིང་མེ ་ཏོག་གི་ཕྲེང་བས་བརྒྱན་པ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་ལ་སྦྱིན་ནོ།། སློབ་མས་རྩེ་འཆའ་ཞིང་རྩ་བ་བྲུང་ལ་དཀྱིལ་འཁོར་གྱིས་དབུས་སུ་དོར་རོ།། ཞི་བ་ལ་སོགས་ཏེ་ལས་དང་དངོས་གྲུབ་ཀྱི་རྟགས་ཤེས་པར་བྱའོ།། ། ་བསྲུང་སྐུད་པ་བདུད་རྩི་འཁྱིལ་པའི་མདུད་པ་བོར་ཏེ། དཔུང་པ་གཡོན་པ་ལ་གདགས་པར་བྱའོ།། དེ་ནས་ཀུ་ཤ་ལ་ལས་ཐམས་ཅད་བའི་སྔགས་ཀྱིས་བྱིན་ལ། ཤར་ལྷོ་མཚམས་སུ་མགོ་བསྟན་ལ་ཉལ ་ཏེ་རྨི་ལམ་དྲན་པར་བྱའོ།། སློབ་མ་ལྷག་པར་གནས་པའི་རིམ་པའོ།། ། དེ་ནས་ཡོལ་བའི་ནང་དུ་ལོག་ལ་མཆོད་བསྟོད་དང་བཟླས་པ་བྱའོ།། དེ་ནས་ནང་པོར་དཀྱིལ་འཁོར་གྱི་ལྷ་ནུ་མཁར་བཏེག་ལཾ་ཐིག ་གདབ་པར་བྱའོ།། ཚོན་སྣ་ལྷའི་སྐུད་པ་སོ་སོར་སྟོང་པ་ཉིད་ལྔས་ཡི་གེ་ལྔར་གྱུར་པར་བསམ། དེ་ནས་དེ་དག་གཅིག་ཏུ་བསྒྲིལ་ལ། གསེར་ལ་སོགསོ་བའི་སྣོད་དུ་བཞག་ལ་བདུད་རྩི་ལྔ་འམ། སྤོས་ཆུས་བསངས་ཏེ་གཡས ་གཡོན་དབུས་དང་གསུམ་དུ་ཨོཾ་ཨཱཾཿཧཱུཾ་གི་རིམ་པར་བཀོད་དེ་བཞག། དེ་ནི་དམ་ཚིག་གི་སྐུད་པའི་རིམ་པའོ།། དེ་ནས་མདུན་གྱི་ན་མཁའ་ལ་བཞུགས་པའི་རིགས་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུད་འོད་དུ་གནས་པར་བསམ ་ཏྭེ། རང་གི་མིག་གཉིས་སུ་ཉི་མ་བསམས་ཏེ། དེའི་སྟེང་དུ་ཛཿདམར་པོ་བསམ། དེ་ནས་མིག་གི་རྫི་མ་འདྲེན་པས། ཡེ་ཤེས་ཀྱི་སྐུད་པ་ཛཿདྲངས་ནས་དམ་ཚིག་གི་སྐུད་པ་ལ་གཞུག་གོ།། དེ་ནི་ས་མཆེད་དོ།། ཡེ་ཤེས ་ཀྱི་སྐུད་པའི་རིམ་པའོ།། དེ་ནས་སློབ་དཔོན་ནུབ་ཏུ་འདུག་ནས། སྐུད་པ་རྡོ་རྗེའི་ཁུ་ཚུར་གཡོན་པས་བཟུང་ལ། གཙོ་བོར་བསྒོམས་ལ། ལྟེ་བར་ཁུ་ཚུར་བཞག་ལ་ཛཿགསུམ་གྱིས་སློབ་མའི་ལག་ཏུ་གཡས་པར་དྲངས་ཏེ་བྱིན ་ལ།། ཚངས་པའི་ཐིག་དང་པོ་གདབ་པོ།། ཨོཾ་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ཞེས་གྱེན་དུ་བཏབ་པའི་སྒྲས་དེ་བཞིན་གཤེགས་པ་རྣམས་འགྲོ་བའི་དོན་གྱིས་དུས་ལ་བབ་པོ་བར་བསྐུལ་ལོ།། དེ་ནས་ཚངས་ཐིག་གཉིས་པ་ཡང ་དེ་བཞིན་དུ་གདབ་པར་བྱའོ།། དེ་ནས་ཁ་དོག་གཅིག་པའི་སྐུད་པ་ལས་ཐམས་ཅད་པས་བྱིན་གྱིས་བརླབས་ལ་སའི་ཐིག་བཏབ་ལ། དེའི་སྟེང་དུ་ཡེ་ཤེས་ཀྱི་ཐིག་བཏབ་ལ་སྔ་མའི་ཐིག་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ཡེ་ཤེས ་ཀྱི་ཐིག་ལ་མཆོད་པ་བྱས་ལ་སླར་གཤེགས་སུ་གསོལ་ལོ།། དེ་ནས་ཚངས་པའི་ཐིག་དང་པོ་བཏབ་ལ་བྱ་རོག་རྗེས་གཉིས་ལྷོ་བྱང་དུ་བྲིའོ།། དེ་ནས་གཉིས་པ་བཏབ་སྟེ། དེས་ཟུར་བཞིའི་བྱ་རྗེས་བཙལ་ལོ།། དང་པོ་ཤར་གདབ ་དེ་ནས་ནུབ་གདབ། དེ་ནོས་བྱུང་། དེ་ནས་ལྟོ་གདབ། དེ་ནས་མེ་རླུང་གྲུ་གདབ། སྲིན་པོ་དང་དབང་ལྡན་གདབ། དེ་ནས་ཆ་ཆེན་ཉི་ཤུར་བཏབ་ནུ་བདེ་བ་ཡིན། དེ་ལ་དབུས་ཀྱི་ཕོ་བྲང་དང་སྒོ་རྟ་བབསོ་དང་བཅས་པའོ།། རྡོ་རྗེ་རབ་མ ་གཉིས་བཅོ་བརྒྱད་མ་གཏོགས་ཕྱི་ནས་བཙལ་བར་ཐིག་གི་རིམ་པའོ།། དེ་ནས་ཚོན་སྣ་ལྔའི་རིམ་པར་བཞག་སྟེ། སྟོང་པ་ཉིད་ལས་ཡི་གེ་ལྔ་ལས་བསྐྱེད་དེ། དྲི་དང་བདུད་རྩིས་བསངས་ལ། དེ་ནས་སྒྱུ་མ་བཞིན་དུ་ཡེ་ཤེས་ཚོན ་འབར་བའི་ལྟ་བས་སྔ་མ་བཞིན་དུ་བཀུག་ལ་བསྟིམ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་སྟྭཾ་ཞེས་བཟླས། དེ་ནས་བྱང་ཤར་མཚམས་ནས་དཀར་པོ་དྲངས་ཏེ། མཛུབ་གང་བླ་མའི་ལག་པ་གཡོན་པས་བྲིའོ།། དེ་ནས་ཆོས་དབྱིངས་འདི་ནི ་དག་པ་སྟེ།། སེམས་ཅན་ཁམས་ཀུན་སྒྲོལ་བྱེད་པ།། རྒྱལ་བ་རྡོ་རྗེ་གནམ་ལྕགས་མཆུ་རབ་ཉིད།། དེ་བཞིན་གཤེགས་པ་ཀུན་གྱིས་གནས།། ཞེས་བརྗོད་དེ། མཆོད་ལྷ་རིན་པོ་ཆེའི་སྣོད་ཀྱིས་བཀབ་ལ ་བཞག་གོ།། དེ་ནས་དབུས་ནས་བྲི་བར་བྱ་སྟེ། རྡོ་རྗེ་རྩེ་ལྔ་རྒྷ་གྲམ་རྡོ་རྗེ་ར་བར་ལྡན་པ། དེ་ནི་དབུས་ཀྱི་དཀྱིལ་འཁོར་ཡིན།། དེ་ནས་ཕྱི་ཡི་ཟླུམ་པ་ནི།། འཁོར་ལོ་རྩིབས་བཅུའི་ལྟེ་བ་བྱ།། དེ་ཡི་ཕྱི་རིམ་རྡོ་རྗེའི་ར་བ་བྱ།། གྲུ་ཆད་སྣམ་བུ ་བཞི་དང་ལྡན།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་དང་ཡང་དག་ལྡན།། དྲིལ་བུ་དང་ནི་འཕན་ལ་སོགས།། མེ་ཏོག་ཕྲེང་བ་རྣམས་ཀྱིས་བརྒྱན།། གྲུ་རྣམས་དང་ནཱི་སྒོ་བྱུང་དུ།། རྡོ་རྗེ་རིན་ཆེན་སྤྲས་པ་དང་།། དེ་བཞིན་རྩཝ ་བྱེད་པས་བརྒྱན།། རྡོ་རྗེ་ཕྲེང་བ་དང་པདྨའི་ཕྲེང་བ་བྱའོ།། མཚན་མཱ་དགོད་པ་ཡང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་རྡོ་རྗེ་དྲིལ་བུ་དགོད་པར་བྱ། ཤར་གྱི་རྡོ་རྗེའི་རྩིབས་སྣརེ་ལ་རལ་གྲི་བྲི།། ལྷོའི་ཎཱིཉྫའི་རྩིབས་རྩ་ལ་སེང་ལྡེང་གི་ཕུར་བུ།། ནུབ ་ཀྱི་རྡོ་རྗེའི་རྩིབས་རྩལ་གནམ་ལྕགས་ཀྱི་ཐོ་བ། བྱང་གི་རྡོ་རྗེའི་རྩིབས་ལ་ལྕགས་ཀྱུ་ཞགས་པ་དགོད་དེ། དེ་དག་གི་ནང་གི་ཕྱག་རྒྱ་དགོད་པའོ།། འཁོར་ལོའི་རྩིབས་བཅུ་དགོད་པ་ནི། ཁྲོ་བོ་བཅུའི་ཕྱག་མཚན་དགོད་དེ་རྒྱུད ་གཞན་དང་མཐུན། འཁོར་ལོའི་གྲུ་བཞིར་ནང་གི་ལྷ་མོ་བཞིའི་ཕྱག་མཚན་དགོད། ལྷ་སྣམ་གྱི་གཞིར་ཕྱི་ཡི་ལྷ་མོ་བཞིའི་ཕྱོག་མཚན་དགོད། སྒོ་བཞིར་སྒོ་བསྲུངས་བཞིའི་ཕྱག་མཚན་དགོད་དེ་རྒྱུད་གཞན་དང་མཐུན། ་དཀར་པོ་སེ་རློ་དམར་པོ་དང་།། དེ་བཞིན་དུ་ནི་ལྗང་དང་སྔོ།། སྔོན་པོ་ནང་དུ་ཤེས་བྱ་སྟེ།། འདི་ནི་ཚོན་གྱི་རིམ་པ་ཡིན།། ཕྱོན་དུ་ནི་དག་།། ཕྱག་ཏུ་ནི་སེར་པོ་ནི།། བྱང་གི་ལྗང་གུ་ཡང་དག་ལྡན།། དབུས་ཀྱི་ས་ཡི་ཆ་ཉིད་ནི།། ནག་པོ་མིག་སྨན ་བཅག་དང་མཚུངས།། འདི་དག་ནི་དཀྱིལ་འཁོར་བྲི་ཞིང་ཕྱག་རྒྱ་དགོད་པའི་རིམ་པའོ།། དེ་ནས་བུམ་པ་དབུས་སུ་དགོད། གཅ་བའི་བུམ་པ་དབུས་སུ་དགོད།། ཀྱི་ནུབ་རྒྱ་ཤར་མཚ་ག་ཏེ་ཁྱོད་ཀྱིས་བགེགས་བསྲུང་བ་གྱིས་ཤིག་ཅེས་བརྗོད་ནས ་ནཱན་ཏ་ཀྲི་ཏ་བཟླས་པ་ནི། བུམ་པ་གཞན་རྣམས་དང་ནི་དང་པོ་ལ་གང་བསྒོམས་པའི་ཕྱོགསུ་བཞག་གོ། དེ་ནས་སྦྱིན་སྲེག་གི་ཆོ་ག་ནི།། སྒྲུབ་པའི་ཐབས་སུ་རྒྱས་པར་བཤད་པས་འདིར་མ་བྲིས་སོ།། དེ་ནས་མཆོད་པའི་རྫས ་ནི། མེ་ཏོག་སྣོད་ནི་བརྒྱ་འམ་སྟོང་མ་བཅུའོ།། བདུག་སྤོས་དང་མར་མེ་དང་དྲི་ཆབ་དང་། ཞལ་ཟས་ཀྱི་སྣོད་བརྒྱ་འམ། སྟོང་དུམ་བཅུ་ལས་ཉུང་ངུ་མི་རུང་ངོ་།། ཨརྒྷཾ་དང་ཞལ་བསིལ་དང་རོལ་མོའི་བྱེ་བྲག་རྣམ་པ་སྣ་ཚོགས་དུང་དང ་རྫ་རྔ་དང་། མཁར་རྔ་དང་། པི་ཝང་དང་། གླིང་བུ་དང་། ཌ་མ་རུ་དང་། དྲིལ་བུ་གཡེར་ག་དང་ཕེག་རྡོབ་པ་དང་། རྔ་རིངས་ལ་སོགས་པ་ཡང་འབྱོར་ཚད་དོ།། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། འཕན ་དང་། སྤྲིན་ཆེན་པོ་ལ་སོགས་པ་ཡང་བྲིའོ།། སློབ་མའི་གྲངས་དང་བསྟན་པའི་གཏོར་མ་དུ་འབྱོར་པ་དང་། གཞན་ཡང་ལྷ་རྣམས་ལ་འབུལ་བའི་ཚོགས་ཀྱི་རྫས་དང་། བདུད་རྩི་ལྔ་དང་། རས་ཟུང་དང་བཅས་པ་མཆོད་རྫས ་འབྱོར་ཚད་པ་ཡང་བཞག་གོ།། མཆོད་པའི་རྫས་ཀྱི་རིམ་པའོ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པར་ཤེས་ནས་ནི། དེ་ནས་རྒྱན་གྱིས་བརྒྱན་པའི་གུ་རུས ་ཁམས་གསུམ་རྣམ་པར་རྒྱལ་བའི་ང་རྒྱལ་བྱས་ཏེ། མེ་ཏོག་གི་ཕྲེང་བ་སྔོན་པོ་བླངས་ཏེ་ཧཱུཾ་བཞིའི་སྔགས་ཟློས་ཤིང་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་དཀྱིལ་འཁོར་ལན་གསུམ་བསྐོར་ཏེ། བལྟས་ལ་ཕྲེང་པོ་དེ་བཅོམ་ལྡན་འདས་ལ ་ཕུལ་ལ། ཡང་གར་བྱ་བའི་ཚུལླཱི་རླུང་གི་མགོ་ལ་བཅིངས་ནས་ཕྱག་བྱའོ།། རང་ལྷའི་རྣལ་འབྱོར་དུ་འཇུག་པར་བྱ་སྟེ། དང་པོར་ཁྲོ་བོ་གནོད་མཛེས་ཀྱིས་བགེགས་བསལ་བའི་སྦྱོར་བ་སྔོན་དུ་བྱས་ནས་བླ་མ་མཆོད་པ ་དང་། སྟོང་པ་ཉིད་དང་། ཡེ་ཤེས་ཀྱི་ཡན་ལག་བསྒོམས་ནས། འབྱུང་བ་རིམ་བརྩིགས་དང་། གཞལ་ཡས་ཁང་བསྒོམ་པ་དང་། དམ་ཚིག་བསྐྱེད་ལ་ཡེ་ཤེས་སྤྱན་དྲངས་ལོ་བསྟིམས་ལཾ། མཆོད་བསྟོད་བདུད་རྩི ་མྱང་བ་ཡན་ཆད་བྱས་ལ། གཏོར་མས་འབྱུང་པོ་ཐམས་ཅད་ཚིམ་པར་བྱས་ལ། དེ་ནས་སྒོམ་པ་སྔོན་དུ་འགྲོ་བས་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་དཀྱིལ་འཁོར་སློབ་དཔོན་གྱིས་བསྒོམ་པར་བྱའོ།། ཡེ་ཤེས་ཀྱི་དཀྱི ་འཁོར་དང་བསྲེས་ནས་བསང་གཏོར་དང་མཆོད་པ་དང་། བདུད་རྩི་མྱང་བ་དང་། རས་ཟུང་ཐམས་ཅད་དབུལ་བར་བྱའོ།། མཆོད་པའི་རིམ་པའོ།། དེ་ནས་རང་དབང་བླངས་ལ། དཀྱིལ་འཁོར་ལྷ་ལ་དངོས་གྲུབ་ཐམས་ཅད ་བསྒྲུབ་པའི་ཕྱིར། སེམས་ཅན་དོན་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ།། ཡང་རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སློབ་མ་རྣམས་ནི་གཞུག་པར་བགྱི། ཞེས་རྩེ་མོ་ནས་འབྱུང་བ ་བཞིན་དུ་གསོལ་བ་བཏབ་ལ་དཔལ་མཆོག་དང་པོ་ནས་འབྱུང་བའི་ཀླུས་ཉེ་བར་བསྐུལ་བ་ཞེས་བྱ་སྟེ། ན་མཁའ་ལས་བྱུང་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའི་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་འཛིན ་པར་བདག་བསྒྲུབས་ཤིག། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་ལྷག་པའི་ལྟེ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག་སྐབས་ཤིག། ཉེས་པ་མེད་པ་རྟག་པ་སྟེ།། འདོད་ཆགས་ཀུན ་གྱི་རྗེས་སུ་ཆགས།། འདོད་ཆགས་ཆེན་པོ་དགའ་བ་ཆེ།། བཅོམ་ལྡན་དེ་ཉིད་བདག་བསྒྲུབས་ཤིག། ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོང་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང ་ཆུབ་སེམས་སུ་བདག་བསྒྲུབས་ཤིག། དངོས་གྲུབ་ཆེན་པོ་མཆོག་གི་མཆོག། དབང་ཕྱུག་ཆེན་པོ་རྒྱུལ་བས་རྒྱལ།། གྲུབ་པའི་རྡོ་རྗེ་ཆེ་གསལ་བ།། རྡོ་རྗེ་སྙེམས་པར་བདག་བསྒྲུབས་ཤིག། སྐྱོན་ག་ན་ཀྱི་ཡིད་ཁྱབ་པ། ་སེམས་ཅན་ཀུན་གྱི་སྙིང་ལ་གནས།། སེམས་ཅན་ཀུན་གྱི་ཡབ་ཉིད་དེ།། འདོད་ཆགས་མཉམ་པའི་དམ་ཚིག་མཆོག། བདེན་པ་གང་གིས་ཡེ་ཤེས་མཆོག། ཤེས་རབ་ཐབས་ཀྱིས་དཀྱིལ་འཁོར་ཡིན།། བདེན་པ་དེ་ཡིས ་མགོན་བདག་ལ།། ཁྱེད་ཀྱི་འདོད་པ་རབ་རྫོགས་མཛད།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དག་ཅིང་གསལ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་།། ་དེ་བཞིན་ཉིད་ལས་ངེས་པར་སྐྱེས།། བདེན་པ་འདི་ཡིས་དཀྱིལ་འཁོར་དུ།། གཟུགས་བརྙན་གསལ་བར་སློབ་མ་ནི།། ཀུན་གྱིས་དྲི་མ་མེད་མཐོང་ཤོག། དེ་ནས་བདེན་པ་བསྒྲག་པར་བྱ་སྟེ། ཤེས་རབ་ཐབས་དང་དཀྱིལ་འཁོར་གྱི ་བདེན་པའི་བྱིན་བརླབས་གང་ཡིན་པའོ།། མགོན་པོ་ཁྱེད་གྱི་བདེན་པ་དེས།། བདག་གི་འདོད་པ་སྐོངས་གྱུར་ཅིག། དེ་ནས་སློབ་མ་ཕྱི་རོལ་ན་གནས་པའི་དྲུང་དུ། ལས་ཀྱི་སློབ་དཔོན་གྱིས་མྱུར་མེ་གདོང་གཡོགས་སྨོས་ཆུ་རྣམས ་བཤམས་ཏེ། སློབ་མ་རེ་རེ་ནས་བཀུག་ལ་མུན་ཌལ་ཕུལ་ལྟ་ག་ན་མེ་ཏོག་ཐོགས་པའི་སློབ་མས་གསོལ་བ་ལན་གསུམ་གདབ་པོ།། སངས་རྒྱས་རྣམས་ཀྱི་རང་བཞིན་སྐུ།། སློབ་དཔོན་ལ་ནི་བདག་སྐྱབས་མཆི།། གཙོ་བོ་ཁྲོ ་བོར་བཅས་པ་ཡི། བ་དོ་རྗོད་པ། བ་མས་ལ་གདོ་ག་། རྡོ་རྗེ་ནས་བཟུང་སྟེ་ནང་དུ་གཞུག། དེ་ནས་སློབ་དཔོན་གྱིས། དེ་བཞིན་གཤིགས་པ་ཀུན་གནས་ཞེས་པ་ལ་སོགས་པས་གསོལ་བ་གདབ་པོ།། ཁྱོད་སུ་ཡིན་ཞེས་ཀྱང་དྲིའོ།། དཀྱིལ ་འཁོར་གྱི་ལྷ་ལ་སྒོ་བཞི་ནས་ཕྱག་བྱེད་དུ་བཅུག། དེ་ནས་སློབ་མ་རྣམ་པར་སྣང་མཛད་དུ་བསྐྱེད་ལ། དེ་ནས་ཨ་ཁཾ་བཱི་ར་ཧཱུཾ། རྡོ་རྗེར་གྱུར་པའི་ཡིད་ཀྱིས་སུ།། བྱང་ཆུབ་ཚོགས་ནི་རྫོགས་བྱའི་ཕྱིར།། ལག་པ་སྟོང་པས་མི ་བྱའོ།། ཞེས་མེ་ཏོག་འཛིན་དུ་བཅུག་ལ། ཤར་སྒོར་བསྟན་ལ་ཧཱུཾ་གིས་བཞག་པར་བྱའོ།། དེ་ནས་སྡིག་པ་བཤགས་པ་ནས། དགེ་བའི་རྩ་བར་བསྔོ་བའི་བར་དུ་བཅུག་ལ། དེ་ནས་སྡོམ་པ་སྦྱིན་པར་བྱ་སྟེ། སངས་རྒྱས་དང ་དགེ་འདུན་ཏེ། ཞེས་པ་ནས་མཆོད་པའི་ལས་ཀྱང་ཅི་ནུས་བགྱིའི་བར་དང་། གང་ཕྱི་རོ་རྡོ་རྗེ་འཛིན་པ་ཡིས།། དངོས་གྲུབ་སློབ་དཔོན་རྗེས་འབྲངས་ནས། སྔགས་པས་འདི་དག་སྤངས་ནས་ནི།། དངོས་གྲུབ་ངེས་པར་ཐོབ་པར ་འགྱུར་གྱི་བར་དུ་ཕོག་ལ། སློབ་མས་གཙོ་བོ་འདི་ནི་བདག་ལ་གསན་ནས། སེམས་ཅན་མྱ་ངན་འདས་ལ་དགོད་ཀྱི་བར་དུ་བརྗོད་ལྔ་ཁས་བླང་ངོ་།། དེ་ནས་ཨོཾ་ཨཱཿབིགྷ་ནཱན་ཏ་ཀྲི་ཏ་ཧཱུཾ་གིས་བསྲུངས་ལ། དེ་ནས་སརྦ་ཡོ་ག ་ཙིཏྟཾ་ཨུད་པཱ་ད་ཡཱཾ་མི་ཞེས་པས་རྣལ་འབྱོར་དུ་སེམས་བསྐྱེད་ལ། དེའི་སྙིང་གར་ཧཱུཾ་ལས་རྡོ་རྗེ་བསྐྱེད་དེ། སུ་རུ་ཏཱ་ས་མ་ཡ་སྟྭཾ་ཏ~ཾ། བོ་དྷ་ཙིཏྟ་བཛྲ་སིདྡྷ་ཡ་ཐ་སུ་ཁཾ་ཞེས་བརྗོད་དེ། སྙིང་གརརེ་རྡོ་རྗེ་བཞག་གོ།། དུས་འདིར་ཁྱོད་ཉིད་ནི ་སངས་རྒྱས་གྲུབ་པར་གསུངས། གང་ཞིག་འདི་ཉིད་མ་མཐོང་བའི།། མདུན་དུ་སྨྲ་བར་མ་བྱེད་ཅིག། བག་མེད་སྨྲས་ན་ཉམས་པར་འགྱུར།། དེ་བོས་ནཱན་ཏོ་ན་གནས་པར་བྱའོ།། རྡོ་རྗེ་གན་མེ་ལྕགས་འབར་བའི་དེང་།། ཁྱོད་ཀྱི་སྙིང ་ལ་ཡང་དག་ཞུགས་མཛད་དོ།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་བཀས་ཏེ་གཤེགསོ།། དེ་ནས་པདྨའི་སྣོད་ནས་དྲི་དང་བདུད་རྩི་ལྔའི་ཆུ་སྦྱིན་མགོར་རྡོ་རྗེ་བཞག་ལ། འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ།། དམ་ཚིག་འདས་ན ་སྲེག་པར་བྱེད། དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ།། འཐང་ཞིག་རྡོ་རྗེ་ཆུ་འཐུང་ཞིག། བཛྲོད་ཀ་ཋ་ཥ་ན་ཥ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་རྡོ་རྗེ་གནམ་ལྕགས་འདང་བ་ང་ཡིན་གྱིས།། ངས ་བང་གྱིས་ཤིག་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ།། ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག། ཁྱོད་མི་བདེ་བ་ན་སྤངས་པར་ཚེའི་དུས་བྱས་ནས། སེམས་ཅན་དམྱལ་བར་སྐྱེ་པར་གྱུར་ཏ་རེ། དམ་ཆུ་བླུང ་པའི་རྣམ་པའོ།། ། དེ་ནུས་སློབ་མ་ཨ་མི་དྲི་བར་བསྒོམས་ལ། དེ་བཞིན་གཤེགས་པ་ཐམས་ད་ཀྱིས་བྱིན་གྱིས་བཱཪྻ[]ལ། ཎཱཾ་སེམས་དཔའ་བདག་ལ་དཔའ་པར་གྱུར་ཅིག་ཅེས་བརྗོད་ནས ་མན་ངག་ཇི་ལྟ་བཞིན་དུ་ཡེ་ཤེས་དབབ་པོ།། དེ་ནས་མཐོང་བ་དྲི་བ་དྲི་བར་བྱའོ།། དེ་ནས་མེ་ཏོག་དོར་བ་ནི། ཇི་ལྟར་དེ་བཞིན་པ་སོང་ནམས་ལྷའི།། གས་ཀྱི་བྱེ་བྲག་འདི་ལའོ།། རིགས་ཀྱི་ནང་ན་འདི་བཟང་ངོ་།། དེ་ཡཱི་དངོས ་གྲུབ་འདི་འབྱུང་བས། ད་ཡེ་བསོད་ནམས་རྗེས་འབྱུང་བའོ།། དེ་འདྲིའི་དཀྱིལ་འཁོར་འདི་ལའོ།། ཞེས་བརྗེད་ནསི་མཱ་ཏོག་དེར་བར་བྱའོ།། པྲཱ་ཏཱཙྪཿབཛྲ་ཏེ་ཞེས་བརྗོད་པར་བྱའོ།། ལྷ་གཱང་ལ་བབས་པ་དང་། སྐུའི་སྟོང ་སྨད་ལ་སོགས་པའི་བྱེ་བྲག་གིས་དངོས་གྲུབ་བཟང་ངན་དག་འབྱུང་བར་ཤེས་པར་བྱའོ།། མེ་ཏོག་དང་བལྟས་ཀྱི་རིམ་པའོ།། གདོང་གཡོགས་དགྲོལ་བ་ནི། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས།། མིག་འབྱེད་པ་ནི ་བརྩོན་མཛད་དེ།། རྡོ་རྗེ་མིག་ནི་བླ་ན་མེད།། ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། ཧེ་བཛྲ་པཱ་སྱ། ཨོཾ་བཛྲ་གཱ་ཤན་ཙཀྵུ་ཙཀྵུ་པྲ་བེ་ཤ་ཕཊ། ཅེས་པས་གདོང་གཡོགས་དགྲོལ་ལོ།། དེ་ནས་དཀྱིལ་འཁོར་བཟང་པོ་འདི་ལ་བལྟོས། ་དཱ་ནི་དད་པ་རབ་ཏུ་བསྐྱེད་བྱ་བ།། ལ་སོགས་པ་བརྗོད་ལ་ལྷ་ངོ་བསྟན་ནོ།། དེ་ནས་བུམ་པ་རྣམས་ཀྱི་ལྷན་ཅིག་ཏུ་བཾསྡུས་ལ། སློབ་མའི་སྤྱི་བོར་དབང་བསྐུར་བ་སྦྱིན་ཏེ། ཨོཾ་ཨ་བྷི་ཥྛིཉྩ་སྤྱི་བོར་ཆུ་བླུགས་ལ་རིགས་ཀྱི་བདག་པོ ་མི་བསྐྱེད་པས་བརྒྱན་པོརོ་བསམ་མོ།། དེ་ནས་དབུ་རྒྱན་སྟོང་པ་ཉིད་ཁས་བྲུཾ་ཛཾ་ཨཾ་ཁི་ཧཱུཾ་ལས་རིགས་ལྔར་བསྐྱེད་དོ།། སངས་རྒྱས་ལྔ་དེར་བཅུག་ལྷ་སློབ་མོའི་མགོ་ལ་བཞག་ལ། ཨོཾ་ར་ཏ་ན་ཀུ་ལ་ཀུ་མུ་ཏྲ་ཨ་བྷི་ཥིཉྩ་མི་ཞེས་བརྗོད ་དེ་དབུ་རྒྱུན་གྱི་དབང་བསྐུརོ།། དེ་ནས་རྡོ་རྗེ་སྟོང་པ་ཉིད་ལས་པཾ་ལས་ཨ་མི་དེ་བར་བསྐྱེད། བཀུག་ལ་མཆོད་དེ་གྱུར་པ་ལས་རྡོ་རྗེར་བྱསྱཱ་ལ་སྦྱིན་ནོ།། ཨོཾ་བཛྲ་ས་མཱ་ཡ་ཨ་བྷི་ཥིཉྩཱ་མཱི་ཞེས་པས་ལག་ཏུ་སྦྱིན།། དེ་ནས་དྲིལ་བུ་སྟོང་པ་ཉིད ་ལས་དོན་ཡོད་གྲུབ་པར་བསྐྱེད་པ་དང་། བཀུག་ལ་མཆོད་དེ་སླར་དྲིལ་བུར་བྱས་ལ། ལག་པ་གཡོན་པས་དྲིལ་བུ་གཏད་ལ། ཨོཾ་ཨ་ཏི་པ་ཏ་ཨ་བྷི་ཥིཉྩ་མི་ཞེས་བདག་པོའི་དབང་སྦྱིན་ནོ།། དེ་ནས་དྲིལ་བུ་གཉིས་སློབ་མའི ་མགོར་བསྣོལ་ཏེ་བཞག་ནས། མིང་གི་དབང་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཆོས་ཀྱི་རྣམ་པར་སྣང་བའི་བདག་ཉིད་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ་མི་བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ། ཞེས་བྱིན་ལ་ཀྱེ་དཔལ་ཆེ་གེ་མོ་ཞེས ་ལྷ་གང་ལ་མེ་ཏོག་བབས་པའི་ཞབས་ཀྱིས་མཚན་པའི་མིང་གི་དབྱུང་བསྐུར་རོ།། འདི་ནི་རིག་པའི་དབང་ལྔའོ།། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་སྦྱིན་པ་བྱ་སྟེ། བད་གཞན་དོན་ནི་རྫོགས་བྱེད་པ།། རྡོ་རྗེ་སློབ ་དཔོན་དབང་ཡིན་ཏེ།། ཐུགས་རྗེ་བདག་པོ་སྩལ་དུ་གསོལ།། ཞེས་ཞུས་པས་དེ་ནས་ཧཱུཾ་ལས་རྡོ་རྗེ་སེམས་དཔར་བསྐྱེད་ལ་མཆོད་དེ་སླར་རྡོ་རྗེར་བསྐྱེད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། ་ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་ཉིད་བདག། ཕྱག་ན་རྡོ་རྗེའི་སྐྱེས་བུའོ།། ཞེས་བརྗོད་ནས་རྡོ་རྗེ་སྦྱིན་ནོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བཤད།། རྟག་པར ་ཁྱོད་ཀྱིས་གཟུང་བ་ཡིན།། རྒྱལ་བའི་བྱང་ཆུབ་མཆོད་པར་གྱིས།། ཞེས་དྲིལ་བུ་གཡོན་པར་སྦྱིན་ནོ།། སྲིད་པའི་ངོ་བོ་ཉིད་ལས་དག། བརྗོད་ལ། དཀྲོལ་ལོ།། དེ་ནས་ལྷག་པར་ལྷོའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་སྦྱིན་ཏེ།། སྲིད ་པའི་བདེ་བ་ཤིན་ཏུ་ཆུང་།། སྡུག་བསྔལ་ཆེན་པོ་ཞི་བྱའི་ཕྱིར། ཤིན་ཏུ་བདེ་བ་དམ་པའི་ཐབས།། དམ་ཚིག་འདི་ནི་རྟག་ཏུ་བསྐྱེད།། ཅེས་བརྗོད་ལ་གཞལ་ཡས་ཁུང་དང་ལྷའི་རྣམ་པར་དག་པ་བསྟན་ཏེ། གདམས་ངག་བཞིན ་ནོ།། དེ་ནས་རྗེས་གནང་སྦྱིན་པ་ནི།། འཇིག་རྟེན་ཁམས་ནི་མ་ལུས་པ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། དེ་བཞིན་དུ་རྡོ་རྗེའི་འཁོར་ལོ་དང་།། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་བར་དུ ་བསྐུརོ།། དེ་ནས་དངོས་གྲུབ་ཀྱི་རྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཕྱག་ན་རྡོ་རྗེའི་ལག་ན་འདུག། རྟག་ཏུ་ཁྱོད་ཀྱིས་བཟུང་བར་གྱིས།། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བསྟན།། དེ་ནས་སློབ་མ ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུར་བསྐྱེད་ལ་བླ་གོས་ཀྱི་མཐའ་མ་ལག་པ་གཡོན་པས་བཟུང་བའི་ཁུ་ཚུར་སྙིང་གར་བཟུང་ལ། གཡས་པ་མཆོག་སྦྱིན་དུ་བྱས་ལ། ལུང་བསྟན་པར་བྱ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ ་དང་།། འཕགས་པ་རྣམས་ཀྱིས་མགྲོན་གཅིག་ཏུ།། རྡོ་རྗེ་འཛིན་པར་ལུང་བསྟུན་གྱིས།། ཤེས་རབ་ཀྱི་ལུང་བསྟན་སྦྱིན་ནོ།། དེ་ནས་གསང་བའི་ཡེ་ཤེས་བསླབ་པ་ནི།། འདོད་ཆགས་བྲལ་བ་ལྟ་བུ་ཡི།། ཁམས་གསུམ་ན ་ཡང་སྡིག་མེད་དོ།། དེ་བས་འདོད་ཆགས་བྲལ་བར་བྱ།། ཁྱོད་ནི་ནམ་ཡང་མི་བྱེད་ཅིང་།། བདེ་ཆེན་ཐེག་པ་འདི་ལ་ནི།། ཕྱིན་ཆད་ཤི་བ་ཡོང་མིན་ཏེ།། སྡུག་བསྔལ་བསྲིས་པས་མྱ་ངན་འདས།། སྲིད་པ་གཏན་དུ་དངོས་གྲུབ ་འགྱུར།། རང་དག་ཡོངསུ་དོར་ནས་ནི།། དཀའ་ཐུབ་སྤྱད་པར་མི་བྱ་སྟེ།། ཇི་ལྟར་བདེ་བར་བསྒྲུབས་ནས་ནི།། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར།། དེ་ལྟར་སློབ་དཔོན་དཀྱིལ་འཁོར་ནི།། སྔགས་དང་རྒྱུད་ཀྱི་ཕྲིན་ལས་ཅན།། ་སངས་རྒྱས་དང་ནི་བྱང་ཆུབ་སེམས།། སྙིང་རྗེའི་དབང་གིས་སེམས་ཅན་དོན།། ཁྱེད་ཀྱི་དཀྱིལ་འཁོར་ཆོ་ག་དག། བརྩོན་པར་བྲི་དང་རྒྱུད་ལ་ནི།། ཉན་དང་བསྒྲུབ་པ་དག་ཏུ་གྱིས།། ཞེས་གནང་བ་སྦྱིན་ན།། དབང་དག་རྫོགས ་ནས་དཀྱིལ་འཁོར་གྱི་ལྷ་དང་། བླ་མ་ལ་སྒྲ་སྣ་ཚོགས་དང་། རོལ་མོའི་བྱེ་བྲག་གིས་མཆོད་ནས་བསྐོར་བ་བྱས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་སྙིང་གར་བཀོད་ལ། ཚོགས་དང་ནང་གི་སྦྱིན་སྲེག་གིས ་ཚིམ་པར་བྱའོ།། དེ་ནས་ཡི་གེ་བརྒྱ་པ་གདོན། བཟོད་པར་གསོལ། ཨོཾ་ཨཱཏྨ་ཧཱུཾ་མུཿས་གཤེགས་སུ་གསོལ་ལོ།། དཀྱིལ་འཁོར་ཕྱག་ལ་དམན་མ་ལ་སོགས་པ་གཏོར་མ་དང་རོལ་མོས་ཆུ་བོ་ཆེན་པོར་དོར་རོ།། བོདག་གིས་དཀྱི ་འཁོར་ཆོ་ག་ལེགས་སྦྱར་བས།། བསྒྱུར་བ་བསོད་ནམས་གང་ཐོབ་པ།། དེ་ཡིས་ཁྲིམས་གསུམ་འགྲོ་བ་ཀུན།། དཔལ་ལྡན་གནས་སུ་འགྲོ་བར་ཤློག། ནོར་བར་གྱུར་ན་མཁྱེན་པ་རྣམས་ལ་བཟོད་པར་གསོལ།། ཁྲོ་བོའི་རྒྱལ་པོ ་རྡོ་རྗེ་གནམ་ལྕགས་འབོར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་བླ་མ་མེ་ཏྲི་པས་མཛད་པ་རྫོགས་སོ།། ། བཎྜི་བལ་པོ་དྲ་བ་པུརྞ ་མེ་ཏི་དང་། བོད་ཀྱི་ལོ་ཙ་བ་འགར་ཆོས་ཀྱི་བཟང་པོས་བལ་པོའི་ཡུལ་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བོ།། ཨི་ཏི།། ། རྒྱ་གར་སྐད་དུ། ཨཱ་མཱ་ར་སཱ་དྷཱ་ནཾ། བོད་སྐད་དུ། གཤིན་རྫོ་གཤེད་པོ་སྒྲུབ ་