CLOSE WINDOW

GT1875: them yig gsang ba zhes bya ba
Wyliee-texts produced with BDRC’s OCR application

པའི་རིམ་པ་ཕྱོགས་གཅིག་ཏུ་སྡེབས་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ལྷུན་པོ་རི་རབ་ཟོམ།། རྒྱུད་དོ་ཅོག་གི་བརྒྱ་རྩ་བརྒྱད།། དེ་ཡི་རྩ་བར་འདི་གསུངས་པ།། སྒྲུབ ་པའི་ཐབས་ནི་བརྒྱ་དང་བརྐྱང་།། ལོ་གྲངས་རེ་རེའི་འདོད་པའོ།། འདི་ཉིད་ལ་ནི་རྣམ་པ་གཉིས།། རྒྱུད་ཀྱི་རྩ་བ་གཞིར་བླངས་ནས།། བསྐྱེད་པ་ཉིད་དང་རྫོགས་པའོ།། བསྐྱེད་པཞི་བརྒྱ་དང་ལྔ།། རྫོགས་པའི་རིམ་པ་སྒྲུབ་པ་གསུམ།། འདི་ཉིད ་རྩ་བའི་རྗེས་འབྲས་པའོ།། དེ་ལ་ཐོག་མར་དབང་བསྐུར་ནི།། འཇིག་རྟེན་གྱི་གང་ཟག་སྨིན་བྱའི་ཕྱིར།། འཇིག་རྟེན་འདས་དང་འཇོག། རྟེན་པའི།། དབང་བསྐུར་རིམ་པ་གཉིས་སུ་བཤད་།། འདས་པ་ལ་ནི་བརྒྱད་ཡིན་ནོ།། འཇིག ་རྟེན་དབང་བསྐུར་རྣམ་པ་དྲུག། སྤྱི་ཡི་དབང་དང་བཅོ་ལྔ་ཡིས།། མ་སྨིན་པ་རྣམས་སྨིན་པར་བྱེད།། དེ་ཡི་སྡོམ་ནི་འདི་ལྟ་སྟེ།། དེ་ལ་སྒྲུབ་ཐབས་བརྒྱ་དང་བརྒྱད་གསུངས་པ་ལ།། འཇིག་རྟེན་འདི་བློ་དོར་བ་རྣམས་ལ་འདས་པའི་དབང ་བརྒྱད་བསྐུར་ཏེ། བློ་རྒྱ་ཆེ་བ་སྤྲོས་པ་ལ་དགའ་བ་རྣམས་དང་། ལྷ་སུམ་ཅུ་རྩ་ལྔའི་དཀྱིལ་འཁོར་དུ་དབང་དོན་གཉིས་རྫོགས་པར་འདོད་པས་ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པར་འདོད་པས། ལྷ་མོ་བརྒྱད ་ཀྱིལ་འཁོར་དུ་དབང་བསྐུར། བདུད་འདུལ་བར་འདོད་པས་ཁྲོ་བོ་བཅུའི་དཀྱིལ་འཁོར་དུ་དབང་བསྐུར། རང་གི་དོན་སྒྲུབ་པར་འདོད་པས་དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར། ཤེས་རབ་འཕེལ་བར་འདོད་པས་ཡབ་ཡུམ ་གཉིས་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ཡེ་ཤེས་སྔོན་དུ་སྒྲུབ་པར་འདོད་པས་རིགས་ཀྱི་ཁྲོ་བོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར། མཆོག་གི་ལས་སྒྲུབ་པར་འདོད་པས་སྒོམ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་བསྙེན ་བསྒྲུབ་བྱའོ།། འཇིག་རྟེན་པ་ལ་དྲུག་སྟེ། འཇིག་རྟེན་གྱི་འདོད་པ་རྣམས་ཀྱིས་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ཏུ་དབང་བསྐུར་ཏེ། འཇིག་རྟེན་པའི་མཐུ་དང་རྫུ་འཕྲུལ་འདོད་པས་ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དུ་དབང་བསྐུར། དཔལ ་དབང་ཕྱུག་འདོད་པས་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར། སྟོབས་དང་གྲགས་པ་འདོད་པས་གཟའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། སྙན་པ་དང་ལེགས་པ་འདོད་པས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཀྱིལ་འཁོར ་དུ་དབང་བསྐུར། ནད་དང་གདོན་ཞི་བར་འདོད་པས་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། དབང་བསྐུར་བཅུ་བཞི་པོ་དེ་དག་གི་ལས་ཀྱི་རིམ་པ་ལ་སྟོན་པ་དབང་བསྐུར་བའི་ཆོ་ག་དང་བཅོ་ལྔ་ནི། དབང་བསྐུར་དམ་པར་གསོལ་ཅིག་ཞེས ་རྒྱུད་ཀྱི་སྒྲུབ་པར་ཕྱུང་བའོ།། ལྷག་མ་གཟའི་ལས་ཀྱི་བྱེ་བྲག་བདུན་ཡོད་པ་ལས། གཟའི་གདོན་ལས་གྲོལ་བར་བྱེད་པ་རིན་པོ་ཆེ་གྲོལ་བྱེད་དང་། གཟའ་ངན་པ་བཟློག་པ་རྒྱ་མཚོའི་སྤྲིན་དང་། གཟའ་བརྒྱད་རྒྱ། ་ལས་མ་གྲུབ་པ་གྲུབ་པར་བྱེད་པ་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་དང་། བསྒྲིབ་བྱ་གཟའི་བྱད་དུ་གཞུག་པ་འཁོར་ལོ་ཅན་དང་བཅས་པོ། ཐོག་གི་སྒྲ་བསེང་པོ་དྲག་ཤུལ་ཅན་དང་། ལོ་ཐོག་འཇོམས་པར་བྱ་བའི་ཆུ་ཐིག་དང་། ་འགལ་བར་སྐྲག་པར་བྱེད་པའི་ལས་སྣ་ཚོགས་སུ་བསྟན་པོ་མགལ་མེའི་འཁོར་ལོ་དང་བདུན་ལ། རྒྱ་མཚོ་སྤྲིན་དང་། རིན་པོ་ཆེ་གྲོལ་བྱེད་དང་། འདོད་པ་རབ་ཏུ་སྦྱིན་པ་དང་གསུམ་མོ།། གཟའ་དང་ཞེས་པའི་སྒྲིབ་པ་པོ་འཁོར་ལོ་ཅན ་དང་། དྲག་ཤུལ་ཅན་དང་། ཆུ་ཐིག་དང་འགལ་བ་མའི་འཁོར་ལོ་བཞི་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པའི་སྒྲུབ་པའོ།། རྒྱུ་སྐར་གྱི་ལྷག་མ་གཉིས་ལ། རྒྱུ་སྐར་ངན་པ་བཟློག་པར་བྱེད་པ་བདུད་རྩི་སྤྲིན་དང་། རྒྱུ་སྐར་གྱི་ལས་སྣ ་ཚོགས་སྒྲུབ་པར་འདོད་པ་དུས་འཛིན་བཟང་པོ་དང་། གཉིས་ནི་རྒྱུ་སྐར་དང་ཞེས་པའི་སྒྲུབ་པའོ།། ལྷ་བརྒྱད་ཀྱི་ལྷག་མ་གཉིས་ལ། འཇོག་རྟེན་པའི་ལྷ་ཉེ་བར་བྱེད་པ་དོན་དྲུག་ནི། ལྷ་རྣམས་རྒྱབ་ཀྱི་ཕྱོགས་པའི་སྒྲུབ་པ་པོ་ཚོགས་ཀྱི་བདག ་པོ་སྒྲུབ་པ་དབུལ་མོ་གཏེར་སྦྱིན་ནི། འཕོངས་པའི་སྒྲུབ་པའོ།། ཀླུ་ལྷག་མའི་བརྒྱད་ལས་ཡམས་ལས་ཐར་པར་བྱེད་པ་ཡིད་བཞིན་ནོར་བུ་དང་། ཀླུ་སྒྲུབ་པོ་རིན་པོ་ཆེ་དབྱིག་སྒྲུབ་དང་། ཀླུའི་གདོན་ལས་གྲོལ་བར་བྱེད་པ་སྦྲུལ་འབྱིན ་གསང་བ་དང་། ཀླུའི་གདོན་ལས་ཐར་པར་བྱེད་པ་ཀླུ་སྲོག་མེ་དཔལ་གྱི་འཁོར་ལོ་དང་བཞི་ནི་མི་བཟང་གདོན་གྱིས་ཉེན་པའི་སྒྲུབ་པའོ།། བསྒྲུབ་བྱ་བྱད་དུ་གཞུག་པའི་སྲོག་གཅོད་པའི་སྲོག་གཅོད་སྤུ་གཱི་དང་། རིམས་ཀྱི་སྒྲ་བསད་པ། ་རལ་གྲིའི་འཁོར་ལོ་དང་། རྨུགས་པའི་ལོས་གཟི་མདངས་ཆེན་མོ་དང་གསུམ་མོ།། སེམས་ཅན་རྨུགས་པར་བྱེད་པའི་ལས་ཀྱི་མཐུའོ།། ཆ་རི་དབབ་པ་བདུད་རྩིའི་རྒྱུན་དང་། ཆུ་གཏོར་གྱི་ཀླུ་ལ་སོགས་པའི་གདོན་རྣམས་མཉོས་པར་བྱེད ་པ་བདུད་རྩིའི་རྒྱ་མཚོ་གཉིས་ནི་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་སྒྲུབ་པའོ།། སེར་བ་བསྲུང་བ་འབྱུང་བ་རྒྱུན་གཅོད་དང་། བྱིས་པ་གདོན་ལས་ཐར་བར་བྱེད་པ་མེའི་འཁོར་ལོ་གཉིས་ནི། སེམས་ཅན་ཐམས་ཅད་སྲུང་བར་བྱེད ་པའི་སྒྲུབ་པའོ།། རྡོ་རྗེ་རང་རྟགས་ཀྱི་སྒྲུབ་པ་བདུན་ལ། སྒྲུབ་པ་ངེས་པའི་ཆོ་ག་ནི་མི་ཆོད་པའི་མན་ངག་གི་སྒྲུབ་པ་ནི་མི་ཤིགས་པའི་སྒྲུབ་པའོ།། ཡོ་ག་པྲ་སེན་དྲག་པ་ནི་བདེན་པ་ཞེས་པའི་སྒྲུབ་པའོ།། འདོད་པའི་དོན་དུས་ལ་ངེས ་པའི་སྒྲིབ་པ་ནི། སྲ་བ་ཞེས་པའི་སྒྲུབ་པའོ།། དབང་པོ་དང་ལྡན་པ་ནི་བརྟན་པ་ཞེས་བྱ་བའི་སྒྲུབ་པའོ།། འདོད་པའི་གཏན་ཚོགས་ཐོགས་པ་མེད་པ་ནི། ཐོགས་པ་མེད་པ་ཞེས་བྱ་བའི་སྤྲུལ་པའོ།། མནའ་ལས་རྒྱལ་བ་དང་། ་ཚོང་ལས་རྒྱལ་བ་དང་། ཕ་རོལ་གྱི་སྡེ་ཕམ་པར་བྱེད་པ་དང་། གདོན་དང་ནང་ལས་རྒྱལ་བ་དང་བཞི་ནི། ཐམས་ཅད་དུ་མ་འཕམ་པའི་སྒྲུབ་པའོ།། མངོན་སྤྱོད་ཀྱི་སྦྱིན་སྲེག་ནི་སེམས་ཅན་ཐམས་ཅད་འཇི་འབྱེད་འོ།། ན་གདོ ་གྲི་ནི། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པའོ།། ཡེ་ཤེས་འདུས་པའི་ཐོ་བ་ནི། ལས་ཐམས་ཅད་འཇོམས་པར་བྱེད་པའི་སྒྲུབ་པའོ།། གསེར་གྱི་རི་བོ་ནི་རིག་སྔགས་ཐམས་ཅད་གནོན་པར་བྱེད་པའི ་སྒྲུབ་པའོ།། ཕྱིར་བཟློག་གསང་བ་དང་། རྡོ་རྗེ་རྣོན་པོ་དང་ཉེ་བའི་ལས་ཕྱི་མ་གསུམ་ནི་གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པའོ།། ལྷའི་གཽདོན་ལས་ཐར་བར་བྱེད་པ་དང་། འབྱུང་པོ་དང་། དྲི་ཟ་དང་། ཚངས་པ ་དང་། སྲིན་པོ་དང་། ཤ་ཟ་དང་། ཀླུ་དང་། ལོག་འདྲེན་གྱི་དང་། བརྗེད་བྱེད་ཀྱི་དང་། སྨྱོ་བྱེད་ཀྱི་དང་། ལྷ་མ་ཡིན་གྱི་དང་། གཞོན་ནུའི་དང་། གནོད་སྦྱིན་གྱི་གདོན་ལསཽ་ཐར་བྱེད་པ་དང་། བཅུ་གསུམ་ནི། གདོན་ཐམས ་ཅད་ལས་འ་བར་བྱེད་པའི་སྒྲུབ་པའོ།། རྡོ་རྗེ་ཐོ་བ་ནི་གདོན་ཐམས་ཅད་བརླག་པར་བྱེད་པའི་སྒྲུབ་པོའོ།། རྡོ་རྗེ་ལྕགས་ཀྱུ་ནི། འབྱུང་པོ་ཐམས་ཅད་འགུགས་པོར་བྱེད་པའི་སྒྲུབ་པའོ།། ཡིད་བཞིན་ནོར་བུ་འོད་འབར་བ་ནི། རིག་སྔགས ་ཀྱི་ལས་ཐམསོ་ཅད་བྱེད་དུ་འཇུག་པའི་སྒྲུབ་པའོ།། རྡོ་རྗེ་བེ་ཅོན་ནི། མ་གྲུབ་པོ་རྣམས་གྲུབ་པར་བྱེད་པའི་སྒྲུབ་པའོ།། རིན་པོ་ཆེ་གཏེར་སྒྲུབ་ནི། གྲུབ་པ་རྣམོས་ཆུད་མི་ཟར་བྱེད་པའི་སྒྲུབ་པའོ།། ཞི་བའི་སྦྱིན་སྲེག་ནི་ཞི་བའོ།། ། ་རྒྱས་པ་ནི་རྒྱས་པའོ།། ཛག་ཆིངས་འཕྲུལ་ཡིག་དང་། རླུང་གི་ཞགས་པ་གཉིས་ནི། སེམས་ཅན་ཐམས་ཅད་རེངས་པར་བྱེད་པའི་སྒྲུབ་པའོ།། བཀྲ་རིགོས་ཉི་མ་ནི། དཔལ་ཀུན་གྱིས་ནི་ལེགས་པར ་བརྒྱན་གྱི་སྒྲུབ་པའོ།། གསལ་བའི་སྣང་བ་དང་། དགྲ་ལས་རྒྱལ་བ་དང་། དྲི་མ་དང་བྲལ་བའི་སྐྱོང་བྱེད་དང་། པདྨ་རྒྱས་པ་དང་། རྡོ་རྗེ་རྒྱལ་མཚན་དང་ལྡནྟི། སེམས་ཅན་དབང་པོ་ཉམས་པ ་དང་ཞེས་པའི་སྒྲུབ་པའོ།། ཁྲིས་ཀྱི་ཆོ་ག་ནི། བཀྲ་ཤིས་བུམ་པ་སྤྱི་བླུགས་ཞེས་པའི་སྒྲུབ་པའོ།། རབ་ཏུ་གནས་པ་ནི་བུམ་པའི་ཁ་བརྒྱན་དཔག་བསམ་ཤིང་ཞེས་པའི་སྒྲུབ་པའོ།། རྒྱུན་གྱི ་འཁོར་ལྡེ་དང་། དུག་གསལ་བའི་མེ་ལོང་དང་། རང་བྱུང་འཇིགས་བྲལ་གསུམ་ནི་ཚེ་ཚད་མེད་པ་ཞེས་པའི་སྒྲུབ་པའོ།། བྱད་མ་དབྱིག་སྒྲུབ་དང་། བཅུད་ལེན་གཉིས་ནི། ཚེ་ཉམས་ད ་ཞེས་པའི་སྒྲུབ་པའོ།། དཔག་བསམ་སྟོད་པ་དང་རིན་པོ་ཆེ་ལས་ཀྱི་ཕྲེང་བ་དང་། ལས་ཚོགས་སྟོང་རྒྱས་གསུམ་ནི། ཕུན་སུམ་ཚོགས་མི་ནི་གང་ཆགས་དང་ཞེས་པའི་དོན་ཏོ།། འགྱུར་བྱེད་ཆེན་མོ ་དང་གཞན་གྱི་ལྕེ་དབབ་པ་བཟློག་པ་དང་། སྡང་པ་གསུམ་གྱི་ལས་ཐོར་བུ་གསུམ་ནི།། མཛའ་སྡུག་སྐྱེ་བོ་སྡང་བ་དང་ཞེས་པའི་བསྒྲུབ་པའོ།། གོ་ཆ་ཆེན་མོ་ནི། བྲམ་ཟེ་ལ་སོགས ་གཙེས་པ་དང་ཞེས་པའི་བསླབ་པའོ།། རྩི་འབྱོར་དབྱིག་གི་ནོར་བུའི། ཕན་ཚུན་མཐུན་པ་མ་ཡིན་དང་ཞེས་པའི་སྒྲུབ་པའོ།། དཔགོ་བསམ་གྱི་ཤིང་རྒྱས་པ་ནི། ནོར་འགྲིབས་པས་ནི་འཕོངས་པ་དང་ཞེས་པའི ་xxx ་xxx ་xxx ་xxx ་xxx ་