CLOSE WINDOW

GT187: dpal 'khor lo sdom pa'i lag mchod kyi cho ga zhes bya ba
Wyliee-texts produced with BDRC’s OCR application

ཆེན་པོ་པྲཛྙཱ་རཀྵི་ཏཱས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས་དང་། ལོ་ཙ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་ཙ ་སཾམྦ་ར་ཧསྟ་པཱུ་ཛི་བི་དྷི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་ལག་མཆོད་ཀྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་མ་ཡི་གཙོ་མོ་ནི།། རྡོ་རྗེ་ཕ་ག་མོ་ལ་བཏུད་དེ། བདག་གི་ལག་པའི་མཚང་པ་ཡི།། ་ཆོ་ག་མན་ངག་བཞིན་དུ་བསྡུ།། དེ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པར་དཔལ་འཁོར་ལོ་བདེ་མཆོགི་རྣལ་འབྱོར་དང་ལྡན་པའི་སྔགས་པས་ལག་པ་གཡོན་པོའི་མཐེ་བོ་དང་མཛུབ་མོ་དང་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་དེ་དག་གི་སེན ་མོ་རྣམས་སུ་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་རང་བཞིན་ཅན་གྱི་གློ་རིམས་ཇི་ལྟར་བར་དཀར་པོ་དང་སེར་པོ་དང་དམར་པོ་དུ ་ནག་པོ་དང་། དམར་པོ་དང་ལྗང་གུའི་མདོག་ཅན་གྱི། ཨོཾ་ཧ་ན་མ་ཧི། སྭཱཧྨཱ་ཧུ། བཽ་ཥཱཊ་ཧེ། ཧཱུཾ་ཧཱུཾ་ཧོཿཕཊ་ཧ~ཾ་ཞེས་བྱ་བའི་ཡི་གེ་རྣམས་དགོད་ངོ་།། ལག་པའི་མཐིལ་དུ་ཡང་སྐད་ཅིག་གིས་གྲུབ་པའི་པདྨ་དམར་པོ་འདབ་མ་ལྔ་པ་བསྒོམ ་ལ་དེའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡོན་བསྐོར་དུ་རིམ་པ་ཇི་ལྟ་བ་བཞིན་ཡ་མི་ནི་དཱ་རྨོངས་བྱེད་མ་དང་སྐྱོ་བྱེད་མ་དང་འཇིགས་བྱུང་མ་དང་ཙཎྜཱ་ཀཱའི་རང་བཞིན་ཅན་ནག་པོ་དང་དཀར་པོ་དང་སེར་པོ་དང་ལྗང་གུ་དང་དུ་བའི ་མདོག་དང་ལྡན་པ། ཧ་ཡོ། ཧཱུ~ཾ་མྲྀ། ཧཱུཾ་ཧཱུ~ཾ། ཧཱུཾ་ཧཱུཾ་ཕཊ་ཕཊྚ། ཅེས་པོའི་ཡི་གེ་རྣམས་དང་། ལྟེ་བ་ལ་ནི་རྡོ་རྗེ་ཕག་མོའི་རང་བཞི་ནོ་ཁ་དོག་དམར་མོ་ཨོཾ་བཾ་ཞེས་བྱ་བའི་ས་བོན་དགྲ་བལྟ་བར་བྱའོ།། ལག་པའི་བོལ་ལ་ཡང་འདི་དག་ཉིད་ཀྱི ་གཟུགས་བརྙན་ནམ་འཁོར་ལྷོ་གསུམ་ཡོངས་སུ་རྫོགས་པར་བལྟ་བར་བྱའོ།། དེ་ནས་ལག་པ་ལ་གནས་པའི་འབྱུང་བ་ས་དང་ཆུ་དང་མེ་དང་རླུང་དང་ན་མཁའ་རྣམས་ལྟུང་བྱེད་མ་དང་གསོར་བྱེད་མ་དང་འགུགས་བྱེད་མཱ་དདྱ་ཁར་གྱི་དབང ་ཕྲུག་མ་དང་། པདྨའི་དྲ་བ་ཅན་གྱི་རང་བཞིན་དུ་ལྷག་པར་མོས་པར་བྱའོ།། དེ་ནས་ལག་པ་ལ་གནས་པའི་ས་བོན་གྱི་ཡི་གེ་ངག་ལ་ཁུ་བོའི་རྫས་ཀྱིས་བྱུག་ཏེ་ལག་མཐིལ་ངེ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས ་པའི་འཁོར་ལོ་གསུམ་གྱི་རང་བཞིན་དུ་ལྷག་པར་མོས་པར་བྱས་ནས་ཁུ་བ་ལ་སོགས་པའི་རྫས་དེ་ཡི་གེ་གསུམ་གྱི་སྔགས་སམ་རྐང་པ་བརྒྱད་པའི་སྔགས་ཀྱིས་དབུལ་བར་བྱའོ།། དེ་ནས་ཡང་དག་པར་མཆོད་ནས་ཆོ་ག་ལྷག་པ་དང་མ་ཚང་བ་དག་པར་བྱ ་བའི་དོན་དུ་ཡི་གེ་བརྒྱ་པའི་སྔགས་བཏོན་ཏེ། ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབས་པའི་དོན་དུ་གསོལ་བ་བཏབ་ནས་རྫས་གཞན་ནམ་ཡང་ནོང་མ་ཡིན་པ་གསུན་དུ་གཞག་སྟེ་ལོག་པའི་མཐིལ་དུ་སྦྱར་བའི་རྫས་སྦྱིན་ལག་གིས་བླངས་པ་ལས་སྙིང་ག་དང་ལྟེ་བ ་དང་མགོ་རྣམ་སུ་ཡི་གེ་ཧཱུཾ་དང་ཨཱཿདྲང་ཨོཾ་བརྗོད་པ་སྔོན་དུ་འགྲོ་བས་བྱུགས་པ་ན་ལྷའི་ཚོགས་དེ་དག་བདག་ཉིད་ལ་ཞུགས་པར་མོས་པར་བྱའོ།། ཆོ་ག་འདི་ཡང་ཀུན་སྤྱོད་པའི་རྒྱུད་དང་འབྲེལ་པ་ཡིན་ནོ།། ལག་པའི་མཆོད་པའི་ཆོ་གའོ།། ཡང་ན་སྔར་བརྗོད་པའི་ཆོ་གས ་སྦྱངས་པའི་ལག་པ་གཡོན་པའི་སྲིན་ལག་གིས་གནས་དང་ཉེ་བའི་གནས་ལ་སོགས་པའི་རང་བཞིན་དུ་ཛ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་གཅིག་བརྗོད་ཅིང་ཇི་ལྟར་སྦྱངས་པའི་ཆང་གི་གྲུ་གསུམ་གཉིས་བྱུགས་ནས་དེའི་དབུས་སུ་ཡང་དཀྱིལ་འཁོར ་ཟླུམ་པོའོ།། དེ་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བརྟེན་པའི་དཀྱིལ་འཁོར་བཅས་པའི་བཅོམ་ལྡན་འདས་བཀུག་པར་བསམས་ཏེ། དེ་ལ་བདུད་རྩི་ལྔ་ལ་སོགས་པའི་རང་བཞིན་དུ་གྲུབ་པའི་བཟའ་བ་དང་བཅའ་བ་ལ་སོགས་པ་ཡི་གེ ་གསུམ་མམ་རྐང་པ་བརྒྱད་པའི་སྔགས་ཀྱིས་ཕུལ་ནས་པདྨའི་སྣོད་ལ་གནས་པའི་ཆང་བདུད་རྩིར་བསྒྲུབས་པ་སྲིན་ལག་དང་མཐེ་བོས་བླངས་ཏེ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མལ་རང་རང་གི་སྙིང་པོ་དང་ཉེ་བའི་སྙིང་པོ་ངག་གིས་དང་། མ ་འགྲོ་མ་ནས་བརྩམས་ཏེ་གཤིན་རྗེ་འཇོམས་མའི་མཐར་ཐུགས་པ་རྣམས་ལ་ཡང་འདི་རྣམས་ཉིད་ཀྱི་རང་རང་གི་སྔགས་ཇི་ལྟ་བ་དག་གིས་ཚིམ་པར་བྱའོ།། དེ་ནས་ཡང་དག་པར་མཆོད་ནས་མ་ཚང་བ་དང་ལྷག་པ་དག ་བར་བྱ་བའི་དོན་དུ་ཡི་གེ་བརྒྱ་པ་བཏོན་ནས་ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གང་བ་པའོ།། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་གཱ་ཤུདྡྷོ&ཧཾ། ཞེས་བརྗོད་བཞིན་པར་པདྨའི་སྐོར་བའི་ཕྱག་རྒྱ་མཉེས་པར་བྱ་སྟེ་ཕྱག་རྒྱ ་བཏུལ་བ་འཁྱུད་པའི་སྟངས་ཀ་སྔོན་དུ་འགྲོ་བས་སྲིན་ལག་གིས་སཽ་ལ་རེག་ཅིང་ཨོཾ་བཛྲ་མུཿཞེས་བརྗོད་པས་གཤེགསུ་གསོལ་ཏེ། འཁོར་ལོ་དེ་བདག་ཉིད་ལོ་གཞུག་པར་བྱའོ།། དེ་ནས་ས་དེ་ལ་གནས་པའི་ཆང་ལོག་པ་གཡོན་པའི་སྲིན་ལོག་གིས ་བླངས་ནས་དེས་སྙིང་གི་དང་དྷེ་དེང་མིགོ་རྣམསུ་ཡི་གེ་ཧཱུཾ་དང་ཨ། དང་ཨོཾ་བརྗོད་པ་སྔོན་དུ་འགྲོ་བས་བྱུག་སྙིང་ལག་པ་དེ་ལ་གནས་པའི་ལྷའི་འཁོར་ལོ་ཡང་བདག་ཉིད་ལ་གཞུག་པ་ང་ལྟ་བར་བྱའོ།། གྲུ་གསུམ་དཀྱིལ་འཁོར་ལ་གནས་པ། ་མགོན་པོ་འཁོར་ལོ་བདེ་མཚོགས་ལ།། ལག་པས་མ་ཆོད་པ་བཤང་པ་འདི།། རྣལ་འབྱོད་པ་ལ་ཕནྡེ་བྱེད་ཡིན།། འག་བའི་མཆོད་པའི་ཚིག་དཔལ་པྲཛྙཱ་རཀྵི་ཏས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱིཿདང་། སྒྲ་བསྒྱུར་ལོ་ཅི་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ་