| Wylie | e-texts produced with BDRC’s OCR application |
དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། གཟའ་རྣམས་ཀྱི་ལས་གྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཀྱིལ་འཁོར་སྔ་མ་ལྟར་བྲིས་ལ་སེང་ལྡེང་གི་ཕུར་བུ ་བརྒྱད་ལ་གཟའ་བརྒྱད་ཀྱི་སྙིང་པོ་སོ་སོར་བྲིས་ལ། རྩེ་མོ་ལ་དུག་ཁྲག་གིས་བྱུགས་ལ་སོ་སོའི་གནས་སུ་གཟུགས་སོ།། གཏོར་མ་བརྒྱད་ཤ་སྣ་ཚོགས་དང་ཁྲག་སྣ་ཚོགས་ཀྱི་བཤམ་མོ།། དབུས་སུ་གཙོ་བོའི་བུམ ་པ་ལ་ཡབ་ཡུམ་གྱི་མཚོན་མ་བཏབ་ལ་སྙིང་པོ་བསྡུས་པ་ལན་བརྒྱ་རྩ་བརྒྱད་བཟླས་ལ་སྐུ་མདོག་ཕྱག་འཚན་གསལ་བར་བསྐྱེད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་གཟུགས་འདྲ་བ་བྱུང་སྟེ། གཟའ་སོ་སོའི་སྙིང ་གནས་བཟུང་སྟེ་རྣལ་འབྱོར་པའི་ལས་ཀྱི་མཐའ་གྲུབ་པར་གྱིས་ཤིག་བར་མངའ་གསོལ། དེ་ནོས་གཟའ་ལས་ཆུ་འགྲོལ་བ་ལ་སོགས་པ་གང་བྱེད་པ་ལ་བསྙེན་པ་བརྒྱ་བཟླས། མཆོད་པ་སྟོང་བྱ། དེ་ནས་སྔགས་པ ་བཞི་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་རྒྱུད་རྫོགས་པ་སུམ་བརྒྱུ་ཀླག་སྟེ། བརྒྱ་ཚོགས་ཀྱི་མཆོད་བྱ་ཞིང་། གཙོ་བོ་ཡབ་ཡུམ་ལ་བདུག་ཉིད་ཀྱིས་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདག། དེ་ནས་གཟའ་བརྒྱད ་ཀྱི་ལས་ཇི་ལྟར་བྱེད་པའི་དོན་ཁས་བླངས་ལ་གཏོར་མ་བཏང་ཞིང་རང་གིས་ཇི་ལྟར་འདོད་པའི་གཞུང་གི་ལས་ལ་སྦྱར་ན་འགྲུབ་པར་གདོན་མི་ཟའོ།། གཟའ་བརྒྱད་ཀྱི་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའོ། ་ཆོ་ག། འདོད་པ་རབ་ཏུ་ཞི་བ་ཞེས་བྱ་བ། དཔལཱ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། རྒྱུ་སྐར་ངན་པ་ཟློག་པར་འདོད་པའི ་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་དཀྱིལ་འཁོར་སྔ་མ་ལྟར་བཞེངས་ལ། རྒྱུ་སྐར་རྣམས་ཐང་ལ་དབབ་པའི་ཆོ་ག་ནི། གཏོར་མ་དང་མཆོད་པའི་བྱེ་བྲག་ལྷར་གྲངས་དང་མཉམ་པར་བཤམ ་བ་ར་བྱའོ།། དཀྱིལ་འཁོར་གྱི་གྲུ་བཞི་དར་དམར་པོའི་གདུགས་དབུབ། དེའི་ནང་དུ་གཟའ་བརྒྱད་ཀྱི་གཟུགས་གཉིས་གཉིས་བཞག། བག་ཟན་ལ་རྒྱུ་སྐར་རྣམས་ཀྱི་གཟུགས་ཏེ། སོ་སོའི་སྐུ་མདོག་དང་མཐུན་པའི་ཚོན་གྱིས ་སྦྱར། རྒྱུ་སྐར་རེ་རེ་ལ་ངར་བླུད་འཐོབ་གང་བ་བཅུ་གསུམ་བཅུ་གསུམ་གྱིས་བསྐོར། དེ་ནས་ཀྱང་ཚོན་སྣ་ཚོགས་པས་བསྒྱུརརོ།། གཏོར་མ་རེ་རེའི་ནང་དུ་ལྷ་བ་ཤོས་རེ་བྱའོ།། དེ་ལྟར་བྱས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་སྔགས་དང ་ཕྱག་རྒྱས་གོང་ལྟར་སྤྱན་དྲངས་ལ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བསྟིམས་ལ། གཙོ་ལ་མཆོད་བསྟོད་ཅི་རིགས་པར་བྱས་ལ་དེ་ནས་གཟའ་རྣམས་ལ་བསྟོད། མཆོད་པ་ལྔ་དབུལ་དེ་ནས་རྒྱུ་སྐར་རྣམས་རི་རབ་ཀྱི ་ངོས་ལ་སྤྱན་དྲངས་ཏེ། ཧཱུ~ཾ་རི་རབ་ཆེན་པོའི་ངོས་དག་ནས།། དུས་ཚོད་ཀུན་ལ་དབང་སྒྱུར་བའི།། རྒྱུ་སྐར་ཚོགས་དང་དམག་དཔུང་བཅས།། བཙུན་མོ་གཡོག་འཁོར་བཅས་པ་རྣམས།། སྤྱན་འདྲེན་མཆོད་ཀྱིས་འདིར་གཤེགས་ཤིག། ་