| Wylie | e-texts produced with BDRC’s OCR application |
ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱགའི་ཚལ་ལོ།། གང་ཟག་གཟའ་ངན་པའི་དུས་ལས་ཟློག་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་དཀྱིལ ་འཁོར་སྔ་མ་བཞིན་དུ་བྲིས་ལ། དཀྱིལ་འཁོར་གྱི་དབུས་སུ་བུམ་པ་མཚན་ཉིད་དང་ལྡན་པ། ཁ་དོག་སྔོན་པོ་གཙོ་བོའི་མཚན་ཉིད་དང་ལྡན་པ་བཞག་ལ། དེ་ལ་གཙོ་བོའི་བསྙེན་པ་བརྒྱ་ཕུལ་ལ་བཞགོ།། དཀྱིལ་འཁོར་གྱི ་ཕྱོགས་མཚམ་སུ་ཕུར་པ་བརྒྱད་ལ་དར་དམར་པོའི་ཅོད་པ་ཎ་བཏགས་ལ་ཁྲོ་བོ་བརྒྱད་དུ་བསྐྱེད་ལ་བཞག་གོ། མར་མེ་ལ་སོགས་པས་གཙོ་བོ་དང་གཟའ་བརྒྱད་མཆོད་དོ།། གཟའི་གཏོར་མ་གཙང་མ་བརྒྱད་ཕྱོགས་གཏོར་དང ་བགེགས་གཏོར་ཡང་བཤམ་མོ།། དཀྱིལ་འཁོར་གྱི་ལྷའི་གནས་རྣམསུ་བག་ཟན་ལ་གཟའི་གཟུགས་བྱས་ལ་ཚོན་གྱིས་བསྒྱུར་ལ་བཞག། དེ་དག་རེ་རོའི་མདུན་དུ་སྦྲང་རྩི་དང་། འོ་མ་ལ་སོགས་སྤྱན་གཟིགས་ཀྱིས་ཀྱང་འཁོར་བ ་བཞག་གོ། ཁྱམས་རྣམས་སུ་རྒྱུ་སྐུར་གྱི་གཟུགས་བྱས་ལ་བཞ་གོ། དེ་ནས་གཙོ་བོ་ལ་མཆོད་པ་དང་བསྟོད་པ་བྱས་ལ། གཟུའོ་རྣམས་ཀྱི་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ཏེ། ཚིགས་བཅད་ཀྱིས་ཀྱང་སྤྱན་དྲང་བ་འདི་སྐད་དོ།། ཧཱུཾ ་ཧཱུཾ་ཧཱུཾ་རྣམ་དག་རི་རབ་ལེགས་པའི་དཀྱིལ་འཁོར་ནས།། གཟའ་བརྒྱད་རྒྱུ་སྐར་འཁོར་དང་བཅས་པ་སྤྱན་འདྲེན་ན།། སྔོན་གྱི་དམ་ཚིག་དབང་གིས་གེ་ཤེགསཽ་སུ་གོསོལོ།། ཨེ་ཧེ་ཧི་ཛཿ། རང་བཞིན་མི་མཉམ་རྣམ་དག་གཞལ་ཡས ་ལོ།། མཉེས་པར་བྲིས་ཤིང་སྤྲས་པའི་དཀྱིལ་འཁོར་འདིར།། གཟའ་ཚོན་འཁོར་དང་བཅས་པ་བཞུགསུ་གསོལ།། ས་མ་ཡཱ་ཧཱུཾ་ཞེས་སོ།། སོ་སོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླསོ།། སྐུ་མདོག་དང་ཕྱག་མཚན་རྣམས་གསལ་བར་བསྒོམས། ་ལ།། མཆོད་པ་འབུལ་བ་ནི། ཧཱུཾ་ཕྱོགས་བཅུ་ཀུན་ནས་རྣམ་དྲག་རྫས་ཀྱི་མཆོག། མཛེས་པར་བལྟམས་པའི་ཡོན་ཆབ་འདི།། གཟའ་རྣམས་འཁོར་དང་བཅས་ལྔ་དབུལ།། དམ་ཚིག་དབང་གིས་བཞེས་སུ ་གསོལ།། ཕྱོགས་བཅུ་མཛེས་པར་བལྟམས་པའི་མེ་ཏོག་འདི།། སྣང་གསལ་འདི། གཟའ་རྣམས། གདུག། སྤོས། གཤོས་གཙང་། སིལ་སྙན། གཟའ་རྣམས་དམ་ཚིག་དབང་གིས་བཞེསུ་གསོལ།། དེ་ནས་གཟའ་རྣམས། ་ལ་བསྟོད་ཅིང་གཏོར་མ་དབུལ་བ་ནི།། ཧཱུཾ་ཤར་ཕྱོམས་བཟལ་ཆེན་པི་བ་སངས།། སྐུ་མདོག་དམར་པོ་མཛེས་པ་ལ།། ན་བཟའ་དར་དཀར་སྟོད་གཡོག་ཅན།། རིན་ཆེན་སྣ་ཚོགས་རྒྱུན་གྱིས་བརྒྱན།། ཕྱག་མཚན་ཕྱག་ན་སྥུ་གྲྀ ་བསྣམས།། དེ་ལ་བསྟོད་ཅིང་གཏོར་མ་འདུལ། ས་བཟའ་ཆེན་ཕུར་བུ་ནི། ཆུ་ག་ཀྱི་ངས་པ་། སྲོག་བྲེམ་འཆོང་འོ།། རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན།། སེར་པོ་དར་གྱི་སྟོད་གཡོགས་ཅན།། ཕྱག་མཚོན་ཕྱག་ནི་གླེཊ ་བ་མི་བསྣམས།། ཟླ་བའི་སྟེང་ན་བཞུགས་པ་ལ།། ད་ལོ་བསྟོད་ཅིང་གཏོར་མ་འབུལ།། ནུབ་ཕྱོགས་གཟའ་ཆེན་ཟླ་བ་ནི།། སྐུ་མདོག་དཀར་པོ་མཛེས་པ་ལ།། ནུ་བཟའ་དར་དམར་སྟོང་གཡོགས་ཅན།། རིན་ཚན་སྣ་ཚོགས་རྒྱན ་གྱིས་བརྒྱན།། ཕྱག་མཚན་ཕྱག་ན་པདྨ་བསྣམས།། ངང་པ་དག་ལ་ཞོན་པ་ལ།། དེ་ལ་ཝ་སྟོང་དེ་གཏོར་མ་འབུལ།། བྱང་ཕྱོགས་གཟའ་ཚན་ལག་པ་ནི།། སྐུ་མདོག་སེར་པོ་མཛེས་པ་ལ།། ན་བཟའ་ཟངས་ཀྱི་ཐོར་ཅོག་གསོལ།། ་རིན་ཆེན་སྣ་ཚོགས་རྒྱུན་གྱིས་བརྒྱན།། ཕྱག་མཚན་ཕྱག་ན་ཆན་གྲི་བསྣམས།། སྦྲུལ་གྱི་སྟེང་ན་བཞུགས་པ་ལ།། དེ་ལ་བསྟོད་དེ་གཏོར་མ་འབུལ།། ལྷ་ཆེན་གཟའ་ཆེན་སྒྲ་གཅན་འཛིན།། སྐུ་མདོག་དུང་ཁ་མཛེས་པ་ལ། ་ན་བཟའ་སྦྲུལ་གྱི་བསྐྱེད་བཅིངས་ནས།། མགོ་ལུས་ཐམས་ཅད་མིག་གིས་ཁེངས།། ཕྱག་མཚན་ཕྱག་ན་མངའ་གཞུ་འགྱེངས།། རོ་སྨད་སྦྲུལ་དུ་འཁྱིལ་པ་ལ།། དེ་ལ་བསྟོད་དེ་གཏོར་མ་འབུལ།། ནུབ་བྱང་གཟའ་ཆེན་ཉི་མ ་ནི།། སྐུ་མདོགྲ་དམར་པོ་མཛེས་པ་ལ།། ན་བཟའ་ཐོག་ལྕགས་གུ་ཟུ་ཅན།། རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན།། ཕྱག་མཚན་ཕྱག་ནི་པདྨ་བསྣམས།། རྟའི་སྟེང་ན་ཞོན་པ་ལ།། དེ་ལ་བསྟོད་དེ་གཏྭོར་མ་འབུལ།། བྱང་ཤར ་གཟའ་ཚན་སྤེན་པ་ནི།། སྐུ་མདོག་ནག་པོ་འཇིགས་པ་ལ།། ན་བཟའ་དར་དམར་ཐུལ་པི་གསེལ།། རིན་ཆེན་མཛེས་པོའི་རྒྱན་གྱིས་བརྒྱན།། ཕྱག་མཚན་ཕྱག་ན་རལ་གྲི་བསྣམས།། འབྲུག་གི་སྟེང་ན་བཞུགས་པ་ལ།། དེ ་ལ་བསྟོད་དེ་གཏོར་མ་འབུལ།། གཟའ་ཆེན་འཇིགས་པའི་གཟུགས་ཅན་ཏེ། སོ་སོའི་རྒྱུ་སྐར་འཁོར་བཅས་ལ།། མེ་ཏོག་གཏོར་མ་གུས་པས་འབུལ།། འདི་དག་སོ་སོར་བསྟིམས་ནས་ནི།། ལས་འདིའི་འབྲས་བུ་གྲུབ་པར ་མཛོད།། ཅེས་གཏོར་མ་དབུལ། ཕྱོགས་སྦྱོང་དང་བགེགས་རྣམས་ལ་ཡང་བསྟོད་ཅིང་གཏོར་མ་དབུལ་ལོ།། གཟའ་ངན་པ་བཟློག་པའི་ཆོ་ག་རྒྱ་མཚོ་སྤྲིན་ཞེས་བྱ་བ། དཔལ་མར་མེ་མཛད་བཟང་པོས་མཛད་པ ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་འཚལ་ལོ།། གང་དག་གཟའ་རྣམས་ཀྱི་ཟིན་པ་ལས་གྲོལ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཀྱིལ་འཁོར་སྔ་མ ་