CLOSE WINDOW

GT1841: lus kyi dbang po nyams pa dang lus na ba gso ba'i cho ga rdo rje rgyal mtshan zhes bya ba
Wyliee-texts produced with BDRC’s OCR application

མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། ལུས་ཀྱི་དབང་པོ་ཉམས་ཤིང་ན་བ་གསོ་བའི་ཆོ་ག་བྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གོས ་གསར་པ་དྲི་མ་མེད་པ་བགོས་ཏེ་ཞག་གསུམ་བསྙུང་བར་གནས་ཏེ། ལུས་ཀྱི་དབང་པོ་གང་ལ་ཡང་ཁྲུས་ལན་གྲངས་བདུན་ནམ་བཅུ་གཅིག་གམ། ཉེར་གཅིག་གམ་སུམ་ཅུ་རྩ་གཉིས་སུམ་བརྒྱ་རྩ་བརྒྱད་དམ་སྟོང ་ཕྲག་གཅིག་གམ་ཁྲི་ཕྲག་གཅིག་ལ་སོགས་པ་ན་བའི་རིགས་དང་སྦྱར་ལ་བྱའོ།། དེ་ནས་དེའི་འོག་ཏུ་རྡོ་རྗེ་རྣམ་པར་འཇོམས་པའི་ང་རྒྱལ་དུ་བྱས་ཏེ། རང་གི་སྙིང་གའི་སེ་བིན་ལས་འོད་འཕྲིན་ལས་བཞི་གང་མོས ་པའི་ཁ་དོག་ཏུ་འཕྲོས་པས་རེག་བྱའི་ལྷ་མོ་ཁ་དོག་འོད་ཟེར་དང་མཐུན་པོ། ཕྱག་ན་རེག་བྱའི་ལྷ་མོ་བྱེ་བྲག་དཔག་ཏུ་མེད་པ་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པར་མཆོད་པའི་སྤྲིན་གྱིས་བསྟིབས་ནས ་ལཉེས་པར་བྱ་སྟེ། ཡེ་ཤེས་ཀྱི་འོད་ཕུང་པོ་ཆེན་པོ་གཅིག་ཏུ་གྱུར་ནས་སླར་བདག་གི་སྙིང་གའི་ས་བོན་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྡུས། དེ་ནས་ཡང་འཕྲོས་ནས་ལྷ་མོར་གྱུར་པས་སེམས ་གྱི་དོན་བྱས་ནས་ཡང་སྙིང་གར་འོད་དུ་གྱུར་ནས་ཐིམ་མོ།། དེ་ལྷ་མོ་སྤྲས་ནས་ལྷ་མོ་དེ་དག་ཡང་བདག་གི་ལུས་ལ་ཐིམ་པས། ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྣམ་པར་དག་པ་དྲི་མ་མེད་པའི་ཡེ་ཤེས ་ཀྱི་ལུས་སུ་སོང་སྟེ། སངས་རྒྱས་སྐུའི་མཁྱེན་པ་རྫོགས་པར་དྲི་མིགས་ཤིང་སྙིང་པོ་རྒྱས་བསྡུས་ལ་ཅི་རིགས་པར་བཟླསོ།། དེ་ཡང་ལུས་ཀྱི་སྟོང་ན་ན་ཆུ་ལ་བཟླ་སོ།། སྨད་ནན་དྲི་ཆུ་ལ་བཟླ་སོ།། ཆེ་ན་འགི་ཧཾ་ལ་བཟླ་སོ།། བྲང ་ན་ན་པུ་རམྦི་གྱི་ཁུ་བ་ལ་བཟླསོ།། མགོ་ནོ་ནཱ་རྡོ་རྒྱུས་ལ་བཟླསོ།། སྐེ་དང་མཇིང་པ་ན་ན་ཉའི་མཁྲིས་པ་ལ་བཟླསོ།། ལག་པ་ན་ན་སྟག་ཚིར་ར་ལ་བཟླསོ།། ཕོ་མཆིན་ན་མ་བདེན་བཅའ་སྒ་ལ་བཟླས་སོ།། བློ་སྙིང་མི་བདེན་བཅུ ་གང་རྒྱ་མཚོ་གསེར་གྱི་བྱེ་མ་ལ་བཟླསོ།། ཡི་གེ་འཆུས་ན་སེ་འབྲུ་དང་གུར་ཀུམ་ལ་བཟླསོ།། སྤོས་ན་རྒྱ་མ་ཆེ་ལ་བྱའོ།། བ་ཤང་གཅི་ཆེ་ཆུང་འདོམ་ན་སྡིག་སྲིན་ལ་བྱའོ།། སྒྱུ་མ་ནུ་ན་སྦྱར་བའི་ལན་དྷ་ལ་བྱའོ།། མཁལ་མ ་ནཱ་ན་གསེར་གྱི་ཕུད་པུ་ལྀ་བྱའོ།། པུས་མོ་ན་ན་ཙན་དན་འདེ་གུ་ལུ་བྱའོ།། རྐང་པ་ན་ན་ལི་ཤི་ལ་བྱའོ།། འཁྲུ་ན་སྦྱོང་རྩི་དང་ཨུཏྤལ་ལ་བྱའོ།། སྐྱུག་ན་ན་ལེ་ཤམ་གྱིས་བྱའོ།། གཟེར་བ་ལ་ཆུ་དཀྱིལ་གྱི་རྡོ་བ་གྲང་མོ་ལ་བྱའོ།། ་རྩིབས་ལོགས་ན་བ་ལེ་ལ་གོ་མཐིལ་གེ་ཡོན་པ་ལ་བསྔགས་ཤིང་བློན་ནོ།། གྱེ་བ་ན་བ་རྒུན་འབྲུ་མོ་ལ་བཟླ་སོ།། ཆུ་སོན་ན་དོང་ཁོ་དང་ལནོ་ཚྭ་ལ་བ་ཟླས་ཤིང་དུགས་བྱའོ།། རིམས་ལ་ཆུ་དང་ཙན་དན་དཀར་པོ་ལ་བཟླས་ནས ་བྱའོ།། འབྲུམ་བུ་ལ་ག་པུར་དང་སེང་ལྡེང་གི་ཁུ་བ་ལ་བཟླསོ།། གླང་གཟེར་ལ་ཨ་ཀ་ལའི་ཁུ་བཱ་ལ་བཟླསོ།། མཛེས་ཟིན་པ་ལ་ནི་གུ་གུལ་དང་བྷ་ས་ལི་དང་འབྲས་ཀྱི་ཐལ་བ་ལ་བཟླསོ།། གདོན་དྲག་པོས་ཟིན་པ་རྣམས་ལ ་སྒྲོག་ཤད་ཀྱི་ལྕུག་མ་དང་། བལ་པོ་སེའུའི་ལྕ་མ་དང་ཀླུ་ཤིང་གི་ལྕུག་མ་ལ་བྱའོ།། འབྲས་ལ་ཚིལ་ཆེན་གྱི་ཁུ་བ་བསྲེས་ལ་བྱའོ།། མཚོན་གྱིས་བཏབ་པ་རྣམས་ལ་པ་ལ་ཤའི་ལོ་མས་བྱའོ།། སྐྲངས་པ་ལ་ཚ་སྣ་དང་ལུམ ་བུའི་ཕྱེ་མས་བྱིའོ།། ཤུ་བ་དང་དུར་བྱིད་དང་། ཤུ་དག་ལེ་བྱའོ།། ཞ་འབྲུམ་དང་ཆུར་པོ་ལ་སེང་འཕྲོ་མ་དང་ཚ་བའི་ཡུངས་མོ་ལ་བྱའོ།། ལྷོག་པ་དང་པོལ་ལ་རབ་གནས་བྱས་པའི་ཚ་ཚ་རྙིང་པའི་ས་ད་། དུག་སྣ་ཚོགས་ལ ་བཟླསཽ་སོ།། ཆུ་རྒྱུས་ཀྱི་ནད་ལ་མར་སྣ་ཚོགས་པ་ལ་བཟླས་ཏཽ་སྐུ་མཉེ་བྱའོ།། སྙིང་རླུང་དང་འདར་བ་རྣམས་ལ་ཏ་མ་ལའི་འབྲས་བུ་ལ་བཟླས་སོ།། ལྦ་བ་ལ་སེང་ལྡེང་གི་ཕུར་པ་ལ་བཟླས་ལ་བྱའོ།། སྦྲིད་ཅིང་རེངས་པའི་ནང་ལ་ཚ་བ ་གསུམ་ལ་བཟླས་པ་བྱའོ།། ཡན་ལག་གི་ཚོགས་ན་པཱ་རྣམས་ལེ་ཁྲགཽ་སྣ་ཚོགས་ལ་བཟླས་པ་བྱའོ།། དབུགས་མི་བདེ་བོ་རྣམས་ལ་ཨཱ་ལི་ཀཱ་ལིའི་འབྲས་བུ་ལ་བཟླས་ལ་བྱའོ།། ཁྲིག་ནད་ལ་གླང་པོའི་ཤེས་བྱའོ།། སོ་ནད་ལ་བྲ ་མ་དཀར་མོའི་རྩ་བ་ལས་བཟླསོ།། མཆུ་ནང་ལ་ནི་ཨ་རུ་རིའི་པགས་པ་ལ་བཟླསོ།། སྐལ་པ་ན་བ་ལིཾ་འབྲུ་མར་ལ་བཟླསོ།། ལུས་ཀྱི་དབང་པོ་ཉམས་པ་དང་ལུས་ན་བ་གསོ་བའི་ཆོ་ག་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་སློབ་དཔོན་ཡེ་ཤེས ་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། སེམས་ཅན་ཚེ་ཟད་པ་བསྲིངས་པའི་ཆོ་ག། སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་དཀྱིལ་འཁོར ་