CLOSE WINDOW

GT1839: sna'i dbang po nyams pa dang na ba gso ba dri ma dang bral ba'i sbyong byed ces bya ba
Wyliee-texts produced with BDRC’s OCR application

བ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། སྣའི་ནང་གསོ་བར་བྱེད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། ཁྲུས་ཀྱི་ཚེ ་ག་ལན་གྲངས་བརྒྱ་རྩ་བརྒྱད་བྱས་ཏེ། དེ་ནས་རྡོ་རྗེ་རྣམ་འཇོམས་ཀྱི་ང་རྒྱལ་དུ་གནས་པའི་ཐུགས་ཀའི་ས་བོན་ལས་འོད་སྒྱུ་མོ་ལྟར་འཕྲོས་པ་ལས་དོན་གཉིས་བྱས་པའི་ཐ་མོ་དྲིའི་ལྷ་མོ་རྣམས་བདག་ཉིད་ཀྱི་སྣ་ལ་ཐིམ་པས ་སངས་རྒྱས་ཐམས་ཅད་ཀྱི་ཤངས་དྲི་མ་མེད་པ་ཡོངས་སུ་དག་པ་ཡེ་ཤེས་ཚོགས་པའི་ཕུང་པོ་ལས་གྲུབ་པ་མཁྱེན་པའི་གོ་མ་འགགས་པ་སངས་རྒྱས་ཀྱིས་མཁྱེན་པ་དང་ལྡན་པར་དམིགས་ཤིང་སྙིང་པོ་རྒྱས་བསྡུས་ཅི ་རིགས་པར་བཟླས་སོ།། དེ་ལྟར་སྣ་ཆུབ་པ་རྣམས་ལ་འབྲུ་མར་ལ་བཟླས་ལ་བྷུ་གོ། ཁྲག་འབབ་ཅིང་དབུགས་སྟོང་པ་བཀབ་ན་ཙན་དཀར་པོ་ལ་བཟླ་སོ།། ཟུག་ཆེ་བ་ན་པ་རྣམས་ལ་གི་ཝང་འོ་མ་ལ ་སྦྱར་བ་ལ་བཟླས་ཤིང་སྣ་ཕུག་དུ་བླུག་གོ།། སྣའི་དབང་པོ་ཉམས་པ་དང་ན་པ་གསོ་བ་དྲི་མ་དང་བྲལ་བའི་སྦྱོང་བྱེད་ཅེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། །། དཔལ ་