CLOSE WINDOW

GT1838: rna ba'i dbang po nyams pa dang de'i nad gso ba'i cho ga sgra las rnam par rgyal ba zhes bya ba
Wyliee-texts produced with BDRC’s OCR application

ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། རྣ་བའི་དབང་པོ་ཉམས་ཤིང་རྣ་བ་གསོ་བར་འདོད་པའི་སྒྲུབ་པ་པོ་དམ ་ཚིག་དང་ལྡན་པས། ཞག་གསུམ་བསྙུང་བར་གནས་ཤིང་གོས་གསར་པ་གྱོན་ལ་ཁྲུས་ཀྱི་ཆོ་ག་བརྒྱ་རྩ་བརྒྱད་བྱས་ལ། དེའི་རྗེས་ལ་བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་གུར་དམི་ཌ ་ལ་བདག་ཉིད་ཀྱི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་པས། འཕྲིན་ལས་བཞིའི་འདོད་པ་རྣམས་ཡོངསུ་རྫོགས་པར་བྱས་པས། དེ་ནས་ཡང་འོད་འཕྲོས་པས་སྔར་དང་འདྲ། དེ ་ནས་འོད་འཕྲོས་སྒྲའི་ལྷ་མོ་གྲངས་མེད་པ་འཕྲོས་ཏེ། དེ་དག་རེ་རེ་ལས་ཀྱང་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ཏེ། སྣང་བ་ཐམས་ཅད་སྒྲའི་ལྷ་མོ་ཞལ་ནས་སྒྲ་སྙན་པ་སྣ་ཚོགས་པ་བརྗོད་པས། ཕྱག་ན་སྒྲ་སྙན་པའི་འབྱུང ་འབྱུང་ཁུངས་པ་ཝང་དང་། གླིང་བུ་དང་། རྫ་རྔ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་བསྣམས་ཤིང་དེ་ཉིད་ཀྱི་སྒྲས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་མཆོད་པའི་བྱེ་བྲག་སྤྲིན་རྣམ་པར་བྱེད་པ་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་མཆོད་ནས། སླར་ཡེ་ཤེས་ཀྱི་འོད་ཕུང་པོ་ཆེན་པོ་གཅིག་ཏུ་གྱུར་ནས་བདག་ཉིད་ལ་བསྐོར་བ་ལན་གསུམ་བྱས་ནས་བདག་གི་སྙིང་གའི་ས་བོན་ལ་ཐིམ་ནས་དེ་ཉིད་ཐིམ་པས་ལུས་ངག་ཁྲོ་བོ་རྡོ་རྗེ་རྣཾ ་འཇོམས་ཀྱི་ང་རྒྱལ་དུ་དམིགས་ལ་ཚོགས་རྫོགས་པར་བྱ། དེ་ནས་ཡང་འོད་འཕྲོས་པས་ལྷ་མོ་དེ་དག་གིས་གོང་ལྟར་སེམས་ཅན་གྱི་དོན་བྱས་ནས། ཡང་ཡེ་ཤེས་ཀྱི་འོད་ཕུང་པོ་གཅིག་ཏུ་གྱུར་ནས། བདག་གི་སྙིང་གའི ་ན་ལ་བསྟིམ་པ་སྔ་མ་དང་འདྲའོ།། དེ་ནས་ལན་གཅིག་འཕྲོས་ནས་དོན་གཉིས་རྫོགས་པར་བྱས་ནས་བདག་གི་རྣ་བ་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྙན་རྣམ་པར་དག་པ་དྲི་མ་མེད་ཅིང་འོད་གསལ་བ་ཡེ་ཤེས་ཀྱི ་མན་པ་རྫོགས་པར་དམིགས་ཤིང་སྙིང་པོ་རྒྱས་བསྡུས་ཅི་རིགས་པར་བཟླས་སོ།། རྣ་བ་ན་བ་རྣམས་ལ་ཁུག་ཆོས་ཆེན་པོ་ཆེའི་ཕྱེ་མ་དང་རྩི་མར་ལ་བཟླས་ཏེ་བྷྲྀག། འོན་ཞིང་སྒྱུ་མི་ཐོས་པ་རྣམས་ལ་འབྲུ་མར་དང་རུཎྜ ་ས་ཏེ་བྱུག་གོ།། ཟུག་ཆེ་ཞིང་གཟེར་བ་རྣམས་ལ་མིར་སྣ་ཚོགས་དང་སྦྲང་རྩིལ་བཟླས་ལ་རྩ་རྣམས་ལ་བྱུགས་ཏེ་ཉི་མ་ལ་བསྲེག་གོ།། རྣ་བའི་དབང་པོ་ཉམས་པ་དང་དེའི་གསོ་བོའི་ཆོ་ག། སྠི་ལས་རྣམ་པར་རྒྱལ་བ་ཞེས་བྱ ་བ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། སྣའི་ནང་གསོ་བར་བྱེད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། ཁྲུས་ཀྱི་ཚེ ་