CLOSE WINDOW

GT1834: tsha ba'i rims kyis dgra bsad pa'i ral gri'i 'khor lo zhes bya ba
Wyliee-texts produced with BDRC’s OCR application

རྫོགས་སོ།། ། དཔྲལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། བསྒྲུབ་བྱ་རྣམས་ཆ་བའི་རིམས་ཀྱིས་རྨུགས་ཤིང་མྱུས་བྱར་བྱེད་པར་འདོད་པའི་སྒྲ་བ་བོ་དམ་ཚིག་དང་ལྡན་པས། ་མནྟ་སུམ་བར་ར་དམར་པོའི་ཁྲག་གིས་བྱུགས་པའི་སྟེང་དུ་བུམ་པ་ཚད་ལྡན་ལ་ཁྲ་གོ་སྣ་ཚོགས་བྱུགས་ལ། དེའི་ནང་དུ་ཚ་བའི་སྨན་སྣ་ཚོགས་དང་། དུགོ་སྣ་ཚོགོས་བླུགས་ལ་གཙོ་བོ་ལ་མཆོད་པ་ལ་སོགས་པ ་བྱས་ལ་ཛུམ་པོཛིན་པསྒྲུབ་བྱ་དེ་བཀུག་ཅིང་ཚ་བ~ཾ་སྣ་ཚོགས་ལ་བསྡིགས་འདི་འབུམ་ཕྲག་བདུན་བཟླས་ལ་བུམ་པར་ཐུག་གོ།། ནཱ་མཱཿཙཎྜཱ་ཛྲ་པཱ་ཎི་ཨ་མུ་ཀཾ་མཨཱ་རྱེ་སཅེས་ལས་སྦྱོར་རྒྱ་དུས་ན་འམ་པའི་ཁྲུག་དང་། ་ཚུ་ལ་སོགས་པ་སྟེ། བྱོའི་ཁང་ལ་གཏོར་ནི་ཚ་བའི་རིམས་བེབས་ཏེ། བསྒྲུབ་བྱམ་རུངས་པར་འགྱུར་བར་ངེས།། ཚ་བའི་རིམས་ཀྱིས་དགྲ་བསད་པའི་རལ་གྲིའི་ལ་ཞེས་བྱ་བ། སྲས་རྡོ་རྗེས ་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལྔ་ཕྱག་འཚལ་ལོ།། བསྒྲུབ་ཀྱི་མྱོས་པའི་ལས་རྨུགས་ཤིང་དྲན་པ་ཉིམས་པར་འདོད་ན། ཤི་རི་ཁ་ཛྷའོ་ཁུ་བ་ལ་བྷྲྀང་པེར་སྡུས་པ་སོང་ཕྱུག་ལྟ ་བཟླས་ནས། དཏུ་ར་བརྡུངས་པའི་ཁར་བའི་ཁུ་བ་དང་སྦྱར་ནས་སྙིང་པོའི་གོ་ཤམ་ལ་ཆེ་གེ་མོ་མྱོས་བོར་གྱིས་ཤིག་ཅེས་བཟའ་བཏུང་གང་ཡང་རུང་བ་ལ་སྦྱར་ནས་བྱིན་ན། བྱིས་པར་འགྱུར་བ་ལ་ཐེ་ཚོམ་བྱ་མི་ཀྲིས་སོ།། ་གྲོང་ཁྱེར་ཙམ་མྱོས་ཤིང་རྨུགས་པར་འདོད་ན། བསྙེན་པ་སྔ་མ་ལྟར་བྱས་ལ་བིལ་བའི་ཤིང་ལ་མེ་སྦར་ལ། གྲོང་ཁྱེར་གྷི་མཐའ་མ་བསྐོར་ཅིང་གྲོང་ཁྱེར་ཆེ་གེ་མོའི་མི་རྣམས་མྱོས་པར་གྱུར་ཅིག་སྭཱ་ཧཱ། ཞེས་བཟླས་པས ་ཉིན་ཞོག་བདུན་དུ་རྨུགས་ཤིང་དྲན་པ་ཉམས་པ་ལ་ཐེ་ཚོམེ་བྱར་མྱེད་དོ།། ཡུལ་ཁམས་ཙམ་རྨུགས་པར་འདོད་ནོ་ཤིང་སྣ་བཅུ་བདུན་གྱི་དུ་བས་མཐའ་མ་བསྐོར་ཅིང་ཡུལ་ཆེ་གེ་མོའོ་མི་རྣམས་རྨུགས་པར་གྱུར་ཅིག ་སྭཱཧཱ། ཞེས་བཟླས་པས་ཉིན་ཞག་བདུན་གྱི་བར་དུ་རྨུགས་པ་ལ་ཐེ་ཚོམ་མེད་དོ།། སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པའི་ལས་ཀྱི་མཐའ་གཟི་མདངས་ཆེན་མོ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལོ།། དཔལ་བསྐྱེད་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། དཔའ་བོ་གཅིག་པའི་དཀྱིལ་འཁོར་བཞེངས་ལ། བུམ་པ་ཁ་དོག ་དཀར་པོར་བྱས་ལ་མཚལ་ལཱམ་སཱ་ནི་དྷུ་རའི་མཚན་མས་བཏབ་ལ། རྡོ་རྗེ་རྣམ་འཇོམས་རང་ཡང་ཁ་དོག་དཀར་པོར་བསྒོམ། གནས་ཁུང་གི་ནང་ཐམས་ཅད་ཀྱང་དཀར་པོར་བྱས་ལ། དར་དཀར་པོའི་ཡོལ་བ་བྱ། དེ་ནས ་བུམ་པའི་ནང་དུ་བཾ་ལས་ཡེ་ཤེས་ཀྱི་མཚོ། དེ་ལས་འོད་འཕྲོས་པས་པཾ་དཀར་པོ་ཡོངས་སུ་གྱུར་པ་ལས་པད་མའི་སྙིང་པོ་དཀར་པོ། འོད་ཟེར་དཀར་པོ་དང་། སེར་པོའི་ཚོགས་དཔོག་ཏུ་མེད་པ་འཕྲོ་བ། དེའི་སྟེང་དུ་ཉི་མ་དང ་