| Wylie | e-texts produced with BDRC’s OCR application |
པར་རྟོགས་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བྷི་དྲ་ཤྲཱི་བོ་དྷི་དང་། ལོ་ཙ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ།། ། རྒྱ་གར་སྐད་དུ། ཨེ ་བཱི་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ།། དཔེ་ལཾ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དང་པོར་མལ་ནསཱ་ལངས་ཏེ་ཧཱུཾ། ཁ་ལཱ་སོགས་པ་དག་པར་བྱས་ནས་སྟན་འཇམ་པོ་ལ་ཉེ་བར་འདུག་སྟེ། སྙིང་གར་བཾ་ལས ་པདྨ་དམར་པོ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ།། ངོའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཡི་གེ་ཧུཾ་མཐིང་ག། དེའི་འོད་ཟེར་གྱི་ས་ལདུན་གྱི་བར་སྣོང་ལ་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ ་དང་།། ལྷ་མོ་རྣམས་གསོལ་བར་དམིགས་ཏེ། ཡིད་ཀྱིས་མཆོད་པར་བསམ་མོ།། འོད་ཟེར་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་གསལ་བར་བསམས་ལ་ཚད་མེད་པ་བཞི་བསྒོམ་པར་བྱའོ།། དེའི་རྗེས་ལ་སྔགས་འདིས་ཆོས་ཐམས་ཅད་སྟོང་པ ་ཉིད་དུ་མོས་པར་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷེཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་ཧཱུཾ། ཞེས་བརྗོད་ནས་སྙིང་གའི་ཉི་མའི་སྟེང་དུ་ཧཱུཾ་དེ་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་བསལ་བར་དམིགས་པར་བྱའོ།། འོད་ཟེར་འབྲོས་ཏེ་བགེགས་བསྲེགས་ལ་སྙིང་གའི་ཧཱུཾ་ཡོངས་སུ ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའི་ཆང་གཟུངས་ལ་ཡི་གེ་ཧཱུཾ་བསམས་ཏེ། དེའི་འོད་ཟེར་གྱི་ཁམས་གསུམ་གྱི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ་འོད་ཟེར་བསྡུས་མ་ཐག་ཏུ། རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་སྐུ་མདོག་ནག་པོ་ཞལ་གཅིག་པ ་གཉིས་པ། ཕྱག་གཡོན་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ། ཕྱག་གཡས་པ་རྡོ་རྗེ་འཕྱར་བ་མཆེ་བ་གཙིགས་པ་རལ་པ་དེང་ཐོད་པའི་དབུ་རྒྱན་ཅན། སྤྱི་གཙུག་གི་འཁོར་ལོ་དང་། རྣ་རྒྱན་དང་། མགུལ་བརྒྱན་དང་། གདུ་བུ་དང་། སྐྲ་རགས་ཀྱིས ་ངརྒྱན་པ། མི་མགོའི་ཆུན་འཕྱང་། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། དཔྲལ་བ་དང་། མགྲིན་པ་དང་། སྙིང་གར། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་པ། རང་དང་འདྲ་བའི་ཤེས་རབ་ཀྱིས་འཁྱུད་པ། ཐུགས་ཀར་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ ་ཧཱུཾ་བསྒོམ་པར་བྱའོ།། དེའི་འོད་ཟེར་གྱིས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ན་མཁའ་ལ་བཀུག་སྟེ་བདག་ཉིད་ལ་བསྟིམ་པར་བྱའོ།། སླར་འོད་ཟེར་གྱིས་དེ་བཞིན་གཤེགས་པ་བསྐུལ་ཏེ། བདག་ལ་དབང་བསྐུར་བ་དང་། མཆོད་པ་དང་། བསྟོད ་པར་བསམ་མོ།། དེ་ནས་བདུད་རྩི་མྱང་བ་བྱས་ནས།། ཆོས་ཀྱི་སྐུ་འདི་ལྟར་དམིགས་པར་བྱའོ།། སྤྱི་བོ་དང་མགྲིན་པ་དང་། སྙིང་ག་དང་། ལྟེ་བར་བདེ་བ་ཆེན་པོ་དང་། ལོངས་སྤྱོ་དེ་དང་། ཆོས་དང་སྤྲུལ་པའི་འཁོར་ལོ་བསམས་ཏེ། ཧཾ་ཨཾ་ཧཱུཾ ་ཨ་སྟེ། དེ་དག་གི་ལྟེ་བར་བསྒོམ་པར་བྱའོ།། དེ་ནས་སྲོག་དང་རྩོལ་བསྒྱུར་ནས་ཨཾ་ལས་ཡེ་ཤེས་ཀྱི་མེ་སྦྱར་ལ། སྔར་བཀོད་པའི་ཡི་གེ་བསྒྲེགས་ཏེ། ཧཾ་ལས་བདུད་རྩིའི་ཐེག་ལེ་འབབ་པ་ལྟེ་བར་བསྒོམ་པར་བྱའོ།། ་དེལ་བསྟན་ཞིང་སེམས་རྩེ་གཅིག་པར་བྱས་ལ་དུ་བ་ལ་སོ་ཐོས་པའི་རྟགས་རྙེད་ནས་སྤྲིན་མེད་པའི་ནམཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱའོ།། དེ་ལྟ་བུ་ལ་ཇི་སྲིད་མི་སྐྱེ་བའི་བར་དུ་གནས་པར་བྱའོ།། མ་གོམས་པའི་དབང་གིས་སྐྱོ་བར་གྱུར་ན། ་སྔོན་དུ་བཤད་པའི་དཔལ་ཧེ་རུ་ཀའི་སྐུ་འཇའ་ཚོན་ལྟ་བུ་དམིགས་ཏེ་ལྡང་བར་བྱའོ།། དེའི་བཟླས་པ་ནི་ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་འདི་བཟླས་པར་བྱའོ།། མཆོད་པ་ལྔས་མཆོད་ལ་རང་གི་སྙིང་གར་བསྡུ་བར་བྱའོ།། དཔའ་བོ་གཅིག ་པའི་སྒྲུབ་ཐབས།། སློབ་དཔོན་ཆེན་པོ་ཌོ་བྷཱི་ཧེ་རྱ་ཀས་མཛད་པ་རྫོགས་སོ།། ། དྷྱེ་དྭཱི་བཾ་ཀ་རའི་ཞིའི་སྔ་ནས་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་རོ།། ། རྒྱ་གར་སྐད་དུ། ཤྲཱི་ཨ་བྷི་ས ་