| Wylie | e-texts produced with BDRC’s OCR application |
བྲིས་ལ་གསལ་ཤོང་ལ་བསྐྱོན་ནོ།། འབྱུང་འི་འགུགས་པའི་སྒྲུབ་པ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག ་ལོ།། རིགས་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པའི་སྒྲུབ་པ་ལས་ཀྱི་བྱེ་བྲག་སྣ་ཚོགས་པ་སྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ལྔའི ་དཀྱིལ་འཁོར་བཞེངས་ལ། བུམ་པ་ལྔ་ལ་རྒྱོང་སྟོང་ཕྲག་རེ་བཟླ་ས་ལ། དེ་ནས་ལས་ལ་སྦྱར་བ་ནི། རིག་སྔགས་གཅད་པར་འདོད་ན་མཚོན་རྣོན་པོ་ལ་སྙིང་པོ་རྒྱས་པ་ལན་གཉིས་བརྗོད་པས་རྩཝ་ཀུ་ཤ་བཤད་དོ།། ཡང་ན་ས ་བཅད་དོ་ངས་རིགས་སྔགས་གཅད་པར་ངེས་སོ།། ལན་གསུམ་པས་རིག་སྔགས་ཉམས་པ་སྐོངས་སོ།། མར་ངོའི་ཉི་ཤུ་གསུམ་ལ་སྔགས་བརྗོད་ལ་དཀྱིལ་འཁོར་གྱི་མདུན་དུ་མཆོད་པ་བྱས་ན་རྨི་ལམ་དུ་དགེ ་བ་དང་མི་དགེ་བ་སྟོན་པར་ངེས་སོ།། ཐལ་བ་འམ་ཆུ་ལ་ལན་བཞི་བཟླས་ཏེ། དུར་ཁྲོད་ཀྱི་སོལ་བ་ལ་གཟུགས་བྱིས་ཏེ་མཚོན་གྱིས་བཏུབ་ཅིང་ས་ལ་བརྡབས་ན་གདོན་ལས་གྲོལ་བར་ངེས་སོ།། ཡང་ན་དུར་ཁྲོད་ཀྱི་སོལ་བ་ལག ་མཐིལ་གཡོན་དུ་རྡོ་རྗེ་བྲིས་ཏེ། ས་ལ་གཟུགས་བྲིས་ལ་རྡོ་རྗེ་དང་ལྡན་པའི་ལག་པས་མནན་ན་གཞན་གྱི་རིག་སྔགས་ནོན་ཏོ།། སྐུད་པ་ལ་མདུད་པ་བོར་བ་ལ་ལན་ཉེར་གཅིག་བརྗོད་པས་རིག་སྔགས་འཆིང་ངོ་།། དཀྱིལ་འཁོར་གྱི་ཙན་དན ་དམར་པོས་རྡོ་རྗེ་རྩེ་ལྔ་པ་བྲིས་ལ་གུ་གུལ་གྱིས་བདུགས་ལ་མེ་ཏོག་གཏོར་ཅིང་གཞན་གྱིས་རྣ་བར་ལན་ཉེར་གཅིག་བཟླས་ནཱ་ཀ་བེབས་པར་ངེས་སོ།། ཆུ་འམ་སོ་ཕག་གི་དུམ་བུ་འམ་ཐལ་མོ་བརྡབས་པ་ལན་བདུན་བཟླས་ན་ནད་པ་ལ་འཕྲ ་མེན་མའི་ཉེ་འབྱེད་ལས་གྲོལ་ལོ།། རྨེ་ཤྱའི་མདོངས་དང་ཆུ་གྲི་དང་མེ་ལོང་ལ་བནྡྷ་བཛྲ་ས་ནཱ་སྦྲུལ་གྱིས་ཟིན་པ་ལས་གླེལལོ།། རྒྱུ་སྤོས་དང་། རྒྱ་མཚོ་སྐྱེ་བ་དང་། ལྡོང་རོས་དེང་། རྨ་བྱའི་མཁྲིས་པ་སྟོང་བཟླས་ཏེ། ཆུ་དང་སྦྱར་ཏེ་ར ་བཏང་ན་དུག་གིས་ཟིན་པ་ལས་གྲོལ་ལོ།། མུ་སྐོལ་བ་ལེ་ལེན་ལྔ་བཟླས་ཏེ། བཏང་ན་སྲིན་བུ་དང་སྦྲང་བུའི་ནད་སོས། མར་ལ་ལོན་བརྒྱ་རྩ་བརྒྱད་བརྗོད་ནས་བུད་མེད་སྦྲུམ་མའི་བུ་སྒྱོ་ཁ་མ་ལ་བྱིན་ན་བདེ་བར་བཅས་པར་འགྱུརོ།། དུད་པ ་སྣ་ཚོགས་པ་ལ་སྔགས་ལན་ཉེར་གཅིག་བརྗོད་ནས་གདུག་པས་ཟིན་པ་ལས་གྲོལ་ལོ།། སྦྱིན་སྲེག་གི་ཐལ་བ་གཙང་མ་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ནས་རྐུན་མ་བྱུང་བའི་ཕྱོགས་སུ་གཏོར་ན་རྒ་མི་ཤེས་པར་འགྱུརརོ།། གོས་ཀྱི་མཐའ་མར ་མདུད་པ་ལན་བདུན་བོར་ནས་སྔགས་ལན་བདུན་བརྗོད་པས་བདག་བསྲུང་བར་ཤེས་སོ།། སྤྱི་གཙུག་གི་སྐྲ་ལ་མདུད་པ་བྱོར་ནས་ལན་བདུན་བརྗོད་པས་གཞན་བསྲུང་ངོ་།། ཆུ་ལ་ལན་བརྒྱ་རྩ་བརྒྱད་བརྗོད་ནས་ཕྱོགས་བཞིར་གཏོར་བས ་ཆུ་སྲིན་གྱི་འཇིགས་པ་ལས་གྲོལ་ལོ།། ཡུངས་ཀར་ལ་ལན་བདུན་བཟླས་ནས་གཏོར་ན་སྟག་གི་འཇིག་པ་ལས་ཐར་རོ།། ཕུར་བུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཞིང་དཀྱིལ་དུ་བཏབ་ན་ཞིང་བསྲུང་བར་བྱེད་དོ།། ཤིང་སོར་བཅུ ་གཉིས་མེར་བཏང་ལ་འབྲས་དང་འོ་ཐུག་དྲང་། ཞོ་དང་སྦྲང་རྩི་དང་མར་དང་སྦྱར་ལ་བླུགས་གཟར་དུ་བླུགས་ལ་ཞག་གསུམ་དུ་བསྲེག་ལུགས་སྟོང་རྩ་བརྒྱད་བྱས་ན་བདག་དང་གཞན་ཞི་བར་འགྱུར་རོ།། ཞག་བདུན་བྱས་ན་གྲོང་ཁྱེར་ཙམ ་ཞི་བར་འགྱུར་རོ།། མངར་གསུམ་གྱི་སྦྱིན་སྲེག་ཞག་བདུན་དུ་བྱས་ན་ཆར་ཕེབསོ།། དུར་བའི་ཉག་མ་ལ་སྦྲང་རྩི་ཞོ་དང་མར་གྱི་སྤྱུགས་པའི་སྦྱིན་སྲེག་ཉི་མ་གཅིག་ལ་སྟོང་རྩ་བརྒྱད་བྱས་ན་དེ་ལྟར་ཞག་བཅུའི་བར་ལ་བྱས་ན་དུས་མ་ཡིན ་པར་འཆི་བ་རྣམས་ཞིའོ།། རྩཝ་དུར་མོའི་སྦྱིན་སྲེག་ལན་འཛུམ་བྱོས་ན་ཚེ་སྟོང་ཕྲག་ལྔ་ཐུབ་བོ།། སློངས་མོའི་ཟིས་ཟ་ཞིང་སྔགས་འབུམ་ཕྲག་གཅིག་བཟླས་ཏེ། ཟླ་བ་གཟིས་ཟིན་པོའི་ཆེ་བ་ནག་མོ་འོ་མ་ལ་ལན་བརྒྱ་རྩ་བརྒྱ་དེ་བརྗོད་ནས ་བྱུགས་ན་བཅུད་ལེན་དུ་འགྱུར་རོ།། ལོ་ལེགས་པ་དང་བུ་ཚ་འཕེལ་བར་འདོད་ན་ཞོའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་པས་འགྲུབ་པར་འགྱུརརོ།། ཕ་རོལ་གྱི་དཔུང་གི་གནོད་པ་ཉམས་པར་བྱེད་ན། ལྕགས་པེ་ཏིལ ་མར་དང་སྦྱར་བའི་སྦྱིན་སྲེག་ལན་གསུམ་བྱས་ཏེ། རྒྱལ་མཚན་དང་དུང་ལ་བརྒྱ་རྩ་བརྒྱད་བརྗོད་པས་འཕྱར་ཅིང་བུས་པས་རྒྱལ་མཚན་མཐོང་ཞིང་དུང་གི་སྒྲ་ཐོས་པས་ཕ་རོལ་གྱི་དམག་དཔུང་གིས་མི་ཚིགས་སོ།། གཞན་དུ་ལོངས་མ ་སྤྱད་པའི་བུམ་པ་འབྲུ་དང་སྨན་དང་རིན་པོ་ཆེས་བཀང་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཁྲུས་བྱས་ན་བགེགས་ཀྱིས་ཟིན་པ་ལས་ཐར་རོ།། བྱིས་པ་བཀྲུས་ན་གདོན་གནོད་བཅོག་གིས་ཟིན་པ་ལས་ཐར་བར་འགྱུར་རོ།། རྨ་བྱའི་མཇུག་མ་ལ ་ལོན་སྟོང་རྩ་བརྒྱད་བརྗོད་ན་དུ་གོ་ཅོག་ཞི་བའོ།། སྐུད་པ་ལ་མདུད་པ་བདུན་བོར་ནས་ལན་བརྒྱ་རྩ་བརྒྱད་བརྗོད་ནས་མགུལ་དུ་བཏགས་ན་རིམས་ནད་བསྲུང་ངོ་།། ལམ་དུ་ཞུགས་པའི་ཚེ་རྡོ་རྗེ་ཅན་ལ་དམིགས་ཏེ་ལན་གསུམོ་བརྗོད་ནས་སོང ་ན་ཆོམ་རྐུན་གྱི་འཇིགས་པ་མི་འབྱུང་ངོ་།། གྲུ་རྒལ་བའི་ཚེ་ཚུ་ལ་ལན་བདུན་བརྗོད་ནས་ཆུའི་ནང་དུ་གཏོར་ནས་ཆུ་རྒ་ལ་ན་བདེ་བར་ངོགསུ་ཕྱིན་ནོ།། ཡུངས་ཀར་ལ་སྟོང་རྩ་བརྒྱད་བཟླས་ནས་བདག་གི་དམག་འཁོད་པའི་ས་ལ་དང་། མགོ ་ལ་གཏོར་ན་དམག་རྒྱལ་བར་ངེསོ།། མདའ་སྔོན་པོ་ལ་སྟོང་རྩ་བརྒྱད་བརྗོད་ནས་ཕ་རོལ་གྱི་དམག་གི་ཁྱིམ་དུ་འཕངས་ན་ཕ་རོལ་གྱི་ནུས་པ་ཉམས་པར་འགྱུར་རོ།། ཡིད་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ན་ཆོམ་རྐུན་གྱི་ནུས་པ་མེད་པའོ།། ་ལྕགས་ཀྱི་ཕུར་པ་ལ་ལན་སྟོང་བཟླས་ནས་དུར་ཁྲོད་དུ་བཙུགས་ན། མི་མ་ཡིན་པ་ཐམས་ཅད་ཀྱི་གནོད་པ་དང་བྲལ་ཞིང་བཅིངས་པར་འགྱུར་རོ།། དེ་ཉིད་ཕྱུང་ན་འཐོར་བར་ངེས་སོ།། མཚམས་གཅད་པར་འདོད་ན་ཡུངས་ཀར་རམ ་དུར་ཐལ་ལམ་ཆུས་བྱའོ།། ནད་པ་ལ་གདོན་དབབ་ཕ་ནི་གུ་གུལ་ལ་ལན་ཉེར་གཅིག་བཟླས་ཏེ་བདུག། ཆར་དབབ་པ་དཀའ་ན་མངར་གསུམ་ཁྲག་དང་སྦྱོར་བའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་པས་དབབ་པོ།། མངར་གསུམ་ཀ་ར ་དང་བཅས་པའི་སྦྱིན་སྲོག་བྱས་ན་ཆར་པ་འཆད་དོ།། སེར་བ་བཅད་པར་འདོད་ན་ཡུངས་ཀར་དང་ཏིལ་ནག་པོ་ལ་བཟླསོ།། སྤྲིན་བསྤུ་བར་འདོད་ན་སྲིན་བལ་གྱི་མདུད་པོ་ལ་བཟླས་སོ།། དེ་ལྟར་རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ ་འཇུག་པའི་ལས་ཀྱི་བྱེ་བྲག་བཞི་བཅུ་རྩ་གཉིས་བཀོད་པ་ཡིད་བཞིན་ནོར་བུ་འོད་འབར་བ་ཞེས་བྱ་བ། སློབ་དཔོན་ཡོ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ།། གཟུ ་