| Wylie | e-texts produced with BDRC’s OCR application |
མཆོད་ཕྱིར་དང་། སྐུད་པ་སེར་པོ་དང་འགྲོན་བུ་དང་། གསེར་ལ་སོགས་ཏེ་རིན་པོ་ཆེ་སྣ་ཚོགས་དང་བཅས་པའི་གཏོར་མ་བྱང་ཕྱོགས་སུ་སྦྱིན་པར་བྱའོ།། དེ་ནས་ཁྲུས་བྱ་སྟེ་གྲོ་དང་ནས་དང་མོན་སྲན་དང་། ་རྨྱ་སྲན་དང་འབྲས་བུ་གསུམ་དང་། ཚུ་བ་གསུམ་དང་ཡུངས་ཀར་དང་། ཤུ་དག་དང་ཤིང་ཀུན་དང་རྩ་བ་ལྔ་དང་ཏི་ལི་གཉིས་དང་སྒོག་སྒྲ་རྣམས་ཆ་བསྙམས་ལོ་མར་ཕུལ་བཞི་དང་། འོ་མ་ཕུལ་བ་ཞི་དོང་བ་ལང་གི་ཀོ་བ་ཕུལ་བཞི་དང་། ་རའི་ཆུས་བཏགས་ལ་མི་ཆུང་བས་བཅོས་ལ་ནད་པ་རིག་སྔགས་ཀྱིས་ཁྲུས་བྱིས་ལ། དེ་དག་ལ་སྔགས་བརྒྱ་རྩ་བརྒྱད་སྔགས་ལ་ལུས་ལཾ་བྱུགས། སྣར་ཐུག་མིག་ལ་བསྐུ་ལྷོར་བཏང་བས་གནོད་སྦྱིན་གྱི་གདོན་ལས་ཐར་བར་ངེས་སོ།། ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། གདོན་ལས་རྣམ་པར་ཐར་པར་ངེས་པའི་སྒྲུབ་ཐབས་དམ་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ།། འབྱུང་པོ་ཐམས་ཅད་འགུགས ་པའི་ལས་བྱེད་པར་འདོད་པས་བྱེད་པར་དུར་ཁྲོད་དུ་སོང་ནས། མཎྜལ་ནག་པོ་བྱས་ལཾ་བུམ་པ་ནག་པོ་དང་མཐིང་གི་མགུལ་ཆིངས་བྱས་ལ། དུག་ཤིང་གི་ལོ་མས་ཁ་བརྒྱན་བྱས་ཏེ། སྲིང་བུ་ནག་པོའི་གཟུངས་ཐག་བཏགས་ལ། བཅོམ ་ལྡན་འདས་སྐུ་མདོག་ནག་པོར་བསྒྱུར་ཏེ། རིག་སྔགས་ཀྱི་སྙིང་པོ་ཇི་ལྟར་ནུས་པ་བཟླས་ལ་དེའི་རྗེས་ལ་སརྦ་ཀུ་ལན་ཨ་བརྟ་ཡ་སྭཱ་ཧཱ། ཞེས་སྟོང་ཕྲག་གཅིག་བཟླས་ནས་གཟུངས་ཐག་ནས་བཟུང་སྟེ་བདག་ཉིད་ཀྱི་སྙིང་ག་ནས་རྡོ་རྗེ ་ལྗགས་ཀྱུས་མཚན་པ་གྲངས་མེད་པ་འཕྲོས་པས་གང་འབྱུང་པོའི་གདོན་གང་ལ་དམིགས་པ་འགུགས་པར་དམིགས་ཏེ། བཟླས་བརྗོད་ཀྱི་འཕྲོ་འདུ་བྱས་པས་འབྱུང་པོ་དམིགས་པ་ཙམ་གྱིས་ཁུགས་ཏེ། དེ་ནས་བུམ་པའི་ནང་དུ་བཀུག ་ཏེ་རྡོ་རྗེ་ཅན་གྱི་ཞབས་ཀྱི་འོག་ཏུ་མནན་ཏེ་ཀུ་ཅོའི་སྒྲ་འདོན་ཅིང་ཇི་ལྟར་བགོ་བ་བཞིན་དུ་ཉན་པར་དམིགས་སོ།། དེ་ནས་གནན་པར་འདོད་ན་དུར་ཁྲོད་དུ་བུམ་པ་དང་བཅས་པ་མནན། བསྲེག་ན་ཏིལ་གྱི་བུམ་པ་ལ་བརྒྱ་རྩ་བརྒྱད་དབུལ། སྐྲོད་ནཱ ་བྱ་ནག་མོའི་སྤུ་ལ་སྔགས་བཟླས་ལ་རླུང་ལ་བསྐུར། བཀུག་ན་འབྱུང་པོའི་སྟོབས་ཉམས་པར་འདོད་ན་མཆོད་རྟེན་གྱི་འོག་ཏུ་འཁོར་ལོ་བརྒྱངས་ལ་བཞུག་གོ།། དེ་ཉིད་བརླག་པར་འདོད་ན་ཏ་ལའི་ལོ་མ་ལ་གཟུགས་དང་མི་ར་ཁྲག་གི ་བྲིས་ལ་གསལ་ཤོང་ལ་བསྐྱོན་ནོ།། འབྱུང་འི་འགུགས་པའི་སྒྲུབ་པ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག ་ལོ།། རིགས་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པའི་སྒྲུབ་པ་ལས་ཀྱི་བྱེ་བྲག་སྣ་ཚོགས་པ་སྒྲུབ་པར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས། གནས་ཁང་ཡིད་དང་མཐུན་པར་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ལྔའི ་དཀྱིལ་འཁོར་བཞེངས་ལ། བུམ་པ་ལྔ་ལ་རྒྱོང་སྟོང་ཕྲག་རེ་བཟླ་ས་ལ། དེ་ནས་ལས་ལ་སྦྱར་བ་ནི། རིག་སྔགས་གཅད་པར་འདོད་ན་མཚོན་རྣོན་པོ་ལ་སྙིང་པོ་རྒྱས་པ་ལན་གཉིས་བརྗོད་པས་རྩཝ་ཀུ་ཤ་བཤད་དོ།། ཡང་ན་ས ་