CLOSE WINDOW

GT182: bde mchog shes par byed pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཾ་བ་ར་ཨ་ཀ་ལི་ཏ་ནཱ་མ། བོད་སྐད་དུ། བདེ་མཆོག་ཤེས་པར་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། དཔལ་ལྡན་ཁྲག ་འཐུང་འགྲོ་བའི་གཙོ།། དངོས་དང་དངོས་མེད་བདག་ཉིད་ཅན།། རང་རང་རྣམ་རྟོག་འཇོམས་མཛད་ལ།། ཕྱག་འཚལ་དེ་ཡི་སྒྲུབ་ཐབས་བཤད།། རི་ཡི་ཕུག་དང་རི་ཡི་སུལ།། ཆུ་ཡི་ངོགས་དང་མཆུ་མདོ་དང་།། རྒྱ་མཚོའི་ངོགས་ཀྱི་ཉམ ་དགའ་དང་།། ཤིང་གཅིག་དྲུང་དང་དུར་ཁྲོད་དང་།། སེམས་བྲལ་ཁང་པ་སྟོང་པ་རུ།། དཔའ་བོའི་གཙོ་བོ་བསྒོམ་པར་བྱ།། བསྟན་པ་ཡི་ནི་གནས་དག་གམ།། གང་དུ་ཡིད་ནི་དགའ་བར་རོ།། དེ་ལ་ཕུང་པོ་ལྔ་ཡི་ང་རྒྱལ་གྱིས།། སེམས་བསྐྱེད་པར་ནི་དགེ་བར་བྱ།། ་གཟུགས་ཀྱི་ཕུང་པོ་ལ་ཨོཾ་ལས་རྣམ་པར་སྣང་མཛད་པོ་དཀར་པོ།། ཚོར་བ་ལ་ཨོཾ་ལས་རྡོ་རྗེ་ཉི་མ་སེར་པོ།། འདུ་ཤེས་ལ་ཧྲཱིཿལས་པདྨ་གར་གྱི་དབང་ཕྱུག་དམར་པོའོ།། འདུ་བྱེད་ལ་ཧོ་ལས་རྡོ་རྗེ་རྒྱལ་པོ་ལྗང་གུའོ།། རྣམ་པར་ཤེས་པ་ལ་ཧཱུཾ་ལས་རྡོ་རྗེ་སེམ་ད ་དཀར་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་ཧི་ལས་དཔལ་ཧེ་རུ་ཀ་ནག་པོའོ།། སྣ་ཚོགས་པདྨ་ཟླ་བ་དང་།། ཉི་གཟུགས་དབུས་ཀྱི་གདན་བཞུགས་ཤིང་།། སེང་གེ་གླང་པོ་རྟག་དག་དང་།། རྨ་བྱ་མ་མཁའ་ལྡིང་གི་སྟེང་།། རོའི་སྟེང་དེ་དག་རིས་བཞིན་དུ། ་རིག་དྲུག་གཙོ་བོ་བསྒོམ་པར་བྱ།། སྙིང་པོ་རྡོ་རྗེ་ས་གནོན་གྱུར།། གཞན་རྣམས་གོ་རིམ་བཞིན་དུ་ནི།། ཕྱག་གཡས་འཁོར་ལོ་རིན་ཆེན་དང་།། དེ་བཞིན་པདྨ་སྣ་ཚོགས་རྡོ་རྗེའོ།། གཡོན་ན་དྲིལ་བུ་དཀུར་བྱས་ཏེ།། ཐམས་ཅད་དག་ནི་སྤྱན་གསུམ་ཉིད།། མིག་ལ་ཧཱུཾ ་ལས་གཏི་མུག་རྡོ་རྗེ་དཀར་པོའོ།། རྣ་བ་ལས་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་ནག་པོའོ།། སྣ་ལ་ཁཾ་ལས་སེར་སྣ་རྡོ་རྗེ་སེར་པོའོ།། ཁ་ལ་ཨཱ་ལས། འཆགས་རྡོ་རྗེ་དམར་པོའོ།། ལུས་ལ་ཏྲཾ་ལས་ཕྲག་དོག་རྡོ་རྗེ་ལྗང་གུའོ།། སྐྱེད་མཆེད་ཐམས་ཅད་ལ་ཨོཾ་ལས་དབང་ཕྱུག་རྫ ་རྗེ་དཀར་པོའོ།། སའི་ཁམས་ལ་ལཾ་ལས་ལྟུང་བྱེད་མ་སེར་པོའོ།། ཆུའི་ཁམས་ལ་མཾ་ལས་གསོད་བྱེད་མ་ནག་མོའོ།། མེའི་ཁམས་ལ་ཏཾ་ལས་འགུགས་བྱེད་མ་གསེར་ལྟར་སེར་པོའོ།། རླུང་གི་ཁམས་ལ་ཡ~ཾ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོའོ།། ན་མཁའི ་ཁམས་ལ་པདྨའི་དྲ་བ་མ་དུ་བལྟར་སྔོ་བ་སྟེ། དེ་དག་རང་རང་གི་དཀྱིལ་འཁོར་ལ་བཞུགས་ཤིང་། ཞལ་གཅིག་པ་ལ་ཕྱག་བཞི་པ།། ཕྱག་གཡས་འཁོར་ལོ་རྡོ་རྗེ་དང་།། པདྨ་རལ་གྲི་གྲི་གུག་དང་།། པད་སྣོད་གཡོན་པ་དག་ལ་ནི།། ཁ་ཊྭཱཾ་ག་དང་ཟླ་བའོ།། པདྨའི ་དྲ་བ་ཅན་ཉིད་དང་།། ཞལ་གསུམ་པ་ལ་ཕྱག་དྲུག་པ།། འདི་ཡི་ཕྱག་ལ་པད་སྣོད་དང་།། དེ་ནས་ཁ་ཊྭཱཾ་ག་ཞགས་པ།། ལྕགས་ཀྱུ་ཉིད་དང་ཚངས་པའི་མགོ། གྲི་གུག་དག་ནི་བསྒོམ་པར་བ།། དེ་ལྟར་ཕུང་པོ་དང་ཁམས་དང་།། སྐྱེ་མཆེད་དག་གི་རྣལ་འབྱོར་པ་ཐ་མལ ་པའི་དབང་གིས།། ཨོཾ་པྲ་ཀྲྀ་ཏེ་པ་རི་ཤུདྡྷསརྦ་དྷརྨཱ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ་ཧཾ། ཞེས་བྱ་བས་རྣམ་པར་དག་པར་བྱའོ།། སྙིང་གའི་དཀྱིལ་འཁོར་མཁའ་དབུས་གནས།། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ།། དེ་ལ་དེ་ཁོ་ན་ཡི་མཆོག། ཡེ་ཤེས་ལྔ་ཡི་རང་བཞིན ་ཞི།། འོད་ཟེར་སྣ་ཚོགས་རང་བཞིན་མཆོག། ཀུན་ནས་རྣམ་འཕྲོ་བསམས་ནས་ནི།། ཀུན་ནས་ཕྱོགས་ནི་བཞི་པོ་རུ།། གསང་སྔགས་རྗེས་སུ་དྲན་པར་བྱ།། ཕུར་བུ་བསྣམས་པའི་ཁྲོ་བོ་དག། ཕྱོགས་བཅུ་དག་ཏུ་སྤྲོ་བར་བྱ།། མཛུབ་མོ་མཐེ་བོར ་སྦྱར་བྱས་ཏེ།། སེ་གོལ་ཕྱོགས་བཅུར་བརྡབ་པར་བྱ།། ཤར་དུ་ཨོཾ་སུམ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ། བྱང་དུ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧུཾ་ཕཊ། ནུབ་ཏུ་ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ལྷོར། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྷ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། གསང་སྔགས་རྒྱལ ་པོ་འདི་ཡིས་ནི།། བགེགས་རྣམས་ཀུན་གྱི་སྤྱི་བོ་ལ།། ལུགས་དང་ལུགས་ལས་བཟློག་པ་ཡིས།། ཁྲོ་བོའི་ཕུར་བུ་དགོད་པར་ནི།། ཨོཾ་གྷཿགྷཿགྷཱ་ཏ་ཡ་གྷཱ་ཏཱ་ཡ། སརྦ་བིགྷྣཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཡ་ཀཱི་ཡ་སརྦྦ་པཱ་པཾ་ཧཱུཾ་ཧཱུཾ ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲཱ་དྷཱ་ར་ཨཱཛྙཱ་པ་ཡ་ཏི། སརྦ་དུཥྤ་བིགྷྣཱཾ་ཀཱ་ཡ་བཱ་ཀྲྀ་དྷ་བཛྲཱ་ཀཱི་ལ་ཡ་ཧཱུཾ་ཕཊའོ།། རྡོ་རྗེ་ཕུར་བུས་བརྡུང་ཞིང་ཁྲོ་བོ་ལ་བལྟས་ལ་བསྣུན་པ་ནི།། ཨོཾ་བཛྲ་མུངྒ་ར་བཛྙཱ་ཀཱི་ལཱྀ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊའོ།། སྲིང་རྗེའི་ཕྱོགས་བཅུ་དག་ཏུ་ནི།། འོད་ཟེར ་ཕྲེང་བས་བསྡུ་བྱས་ལ།། འོད་ཟེར་དེ་བལྟས་དེ་ལས་ནི།། རཾ་བ་དྲྀ་བ་དེ་བཞིན་དུ།། རྡོ་རྗེ་ས་གཞི་བླ་བྲེ་དང་།། མདའ་ཡི་དྲ་བར་གནས་པར་བསམས།། དེ་ཡི་ཕྱི་རོལ་ཐག་རིང་བར།། རྡོ་རྗེ་མེ་ཡི་དྲ་བར་དགོད།། ཨོཾ་མེ་དི་ནི་བཛྲཱི་བྷཱ་ཝ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀ ་རཧཱུཾ་ཛྫ། ཨོཾ་བཛྲ་པཉྩ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་ཤ་ར་ཛ་ལ་ཏྭཱཾ་སཾ་ཏཱཾ། ཨོཾ་བཛྲ་ཛྭ་ལཱ་ན་ལཱཪྴ་ཧཱུཾ་ཧཱུཾ་ཧཱུཾ། མཁའ་འགྲ་དབྱིངས་གནས་ནི་ཡིད་འོང་བའི།། དཀྱིལ་འཁོར་མཆོག་དགའ་བལྟས་ནས་ནི།། དངོས་གྲུབ་པ་ནི་བསྐུལ་བྱས་ལ།། ་བྱིན་གྱིས་བརླབ་པ་དག་ཀྱང་བྱ།། སངས་རྒྱས་བྱང་ཆུབ་སེམས་པ་དང་།། ཀུན་ནས་ཁྲོ་བོ་ལྷ་མོ་དང་།། བྱང་ཆུབ་སེམས་བླ་མ་དམ་པ་དག། ཏིལ་གྱི་གང་བུ་བཞིན་བལྟས་ཤིང་།། མཆོད་པའི་བདག་ཉིད་ཅན་ལྷ་མོ།། དགུ་པོ་བལྟས་ནས་མཆོད་པར་བྱ།། དེ ་ནས་སྐྱབས་སུ་འགྲོ་བྱས་ལ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་ཉིད་ཧེ་རུ་ཀར་བྱས་ནས།། སེམས་ཅན་དེ་དག་ཧེ་རུ་ཀའི།། གོ་འཕང་མཆོག་ལ་དགོད་པར་བྱ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷ&ཧཾ།། ཞེས་ལན་གསུམ་བརྗོད་ཅིང་།། ཨོཾ་མུ ་ཞེས་བྱ་བས་གཤེགས་སུ་གསོལ་བར་བྱའོ།། དེ་ནས་ཚངས་པའི་གནས་བཞི་ལ།། གོ་རིམ་བཞིན་དུ་གནས་པར་བྱ།། རྩེ་གཅིག་པ་ཡི་སེམས་ཀྱི་ནི།། བསམ་གཏན་ཕ་རོལ་ཕྱིན་དམིགས་ཏེ།། ཆོས་རྣམས་དོན་གྱི་སྟོང་པ་ཉིད་དུ།། ཕྱིན་དང་ནང་ནི་བལྟ་བྱས་ལ།། བྱང་ཆུབ་ཚོགས ་དག་བསྒོམས་ནས་ནི།། སེམས་ཙམ་ཉིད་ལ་གནས་པར་བྱ།། རླུང་གི་དཀྱིལ་འཁོར་བལྟས་ནས་ནི།། ས་འོག་བར་དུ་བསམ་པ་ནི།། ཡི་གེ་ཡཾ་ལས་བྱུང་བ་ཡི།། གཞུ་ཡི་དབྱི་བས་ཅན་ཁ་དོག་སྔོ།། རྒྱལ་མཚན་གྱི་མཚན་དུ་བ་ཡི།། ཕྲེང་བས་དཀྲིགས་པ་བསམ་པར ་བྱ།། དེ་སྟེང་ཡི་གེ་རཾ་ལས་ནི། མེ་ཡི་དཀྱིལ་འཁོར་ཟུར་གསུམ་མཆོག། ཁ་དོག་དམར་པོ་འབར་བ་ཡི།། ཕྲེང་བས་དཀྲིགས་པ་འབར་བའོ།། ཉི་མ་བྱེ་བ་ལྟ་བུ་ལ།། རྡོ་རྗེས་མཚན་པ་གཞན་བསམ་པ།། དེ་སྟེང་ཆུ་ཡི་དཀྱིལ་འཁོར་ཉིད།། ཡི་གེ་བཾ་བྱུང་དམ་པ་ནི།། ་ཁ་བ་དག་དང་འདྲ་བ་ཉིད།། ཟླུམ་ལ་འོད་ཟེར་གྱིས་བསྐོར་བའོ།། དེ་སྟེང་ཡི་གེ་ལཾ་བྱུང་ཟེར།། ས་ཡི་དཀྱིལ་འཁོར་ཟུར་བཞི་པ།། རྡོ་རྗེས་མཚན་པ་སེར་པོའོ།། འོད་ཟེར་ཚོགས་ཀྱིས་དཀྲིགས་པ་བསམ།། དེའི་སྟེང་རི་རབ་ཀྱི་མཆོག་ནི།། ཟུར་བཞི་རིན་ཆེན་རང ་བཞིན་ཅན།། རྩེ་མོ་བརྒྱད་ཀྱིས་ཉེར་མཛེས་ཤིང་།། ཡི་གེ་སུཾ་བྱུང་ཡིད་འོང་བ།། གཟི་མཆོག་དམ་པའི་དམ་པ་བསྒོམ།། དེའི་སྟེང་དུ་འདབ་མ་སྣ་ཚོགས་པའི་པདྨ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྩེ་གསུམ་པ་དང་། དེའི་སྟེང་དུ་ཡི་གེ་པཾ ་ཡོངས་སུ་གྱུར་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དང་། དེའི་དབུས་སུ་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན། འོད་ཟེར་སྣ་ཚོགས་འགྲོ་བས་བསམ་པར་བྱའོ།། དེའི་དབུས་སུ་དཔལ་ཧེ་རུ་ཀ་ཉི་མའི་དབུས་ན ་གནས་པ། ཕྱི་རོལ་དུདུ་ཁྲོད་གཏུམ་དྲག་སོགས།། རྡོ་རྗེ་དྲ་བའི་ནང་དག་ཏུ།། ཕྱོགས་ཀྱི་གཡོན་སྐར་ཀུན་དག་དང་།། དབང་ལྡན་ལ་སོགས་ཕྱོགས་མཚམ་ལ།། བཞི་བཞི་དག་ནི་རབ་སྦྱར་བྱ།། གཏུམ་དྲག་དང་ནི་ཆང་ཚིང་དང་།། འབར་བས ་ཁྱབ་པ་ཀེང་རུས་ཅན།། འཇིགས་རུང་དག་ནི་ཤར་ཕྱོགས་ཀྱི།། གཡོན་སྐོར་དུ་ནི་ཡང་དག་གནས།། དབང་ལྡན་ལ་ནི་ཧ་ར་ཧ་ར་རྒོད།། མེ་ཡི་མཚམས་སུ་དཔལ་འཛིན་ཏེ།། བདེན་བྲལ་ལ་ནི་མུན་ཆེན་དང་།། རླུང་ལ་ཅ་ཅོ་སྩོགས་པའོ།། གཡོན་དུ་ཤྲི་ཤ་ཨ་ཤྭཏྨ། ་ཆུ་ཤིང་དང་ནི་ཨམ་པའོ།། ཕ་ཊ་དང་ནཱི་ཀ་རཉྫ།། ལ་ཏཱ་པ་ར་ཨརྫུ་ན།། དབང་པོ་དང་ནི་ནོར་སྦྱིན་དང་།། ཆུ་དང་གནོད་སྦྱིན་བདག་པོ་དང་།། དབང་ལྡན་དེང་ནས་བྱིན་ཟ་དང་།། སྲིན་པོའི་དབང་པོ་རླུང་གི་བདག། གནས་འཇོག་དང་ནི་འཇོག་པོ་དང་།། ཀརྐོ་ཊ་དང་པདྨ ་ཉིད།། པད་ཆེན་ཧུ་ལུ་ཧུ་ལུ་དང་།། རིག་ལྡན་དང་ནི་དུང་སྐྱོང་ངོ་།། གརྫི་རྟ་དང་གུར་ནི་རྟ།། འཁྱིལ་བ་དང་ནི་མཐུན་ཉིད་དང་།། འགེངས་བྱེད་དེ་བཞིན་ཆར་ཚོན་དང་།། དྲག་པོའི་སྤྲིན་དག་འདི་དག་གོ། བཅོམ་ལྡན་འདས་ནི་ཞལ་བཞི་པ།། གནག་དང་ལྗང ་དང་དམར་དང་སེར།། སྤྱན་གསུམ་ཕྱག་ནི་བཅུ་གཉིས་པ།། གཡས་བརྐྱང་བ་ཡིས་ཡང་དག་བཞུགས།། ན་བཟའ་དཀར་པོ་ཡོངས་སུ་འཆང་།། དྲི་མཆོག་དག་གིས་ལགས་པར་བྱུགས།། འཇིགས་བྱེད་དང་ནི་དུས་མཚན་གྱི།། ནུ་མ་དང་ནི་མགོ་མནོན་པའོ།། ་སྟག་གི་པགས་པ་བསྣམོས་པ་སྟེ།། ཐུགས་རྗེ་རོ་ཡིས་རྣམ་པར་བསྒྱིངས།། རྡོ་རྗེ་ཕག་མོས་ཀུན་ནས་འཁྱུད།། འཁྱུད་པ་དག་གི་ཕྱག་གཉིས་ཀྱིས།། རྡོ་རྩེ་མོ་དགུག་པ་དང་།། རྡོ་རྗེ་དྲིལ་བུ་བསྣམས་པའོ།། ཕྱག་གཞན་གཉིས་ཀྱིས་གླང་པོའི་པགས་པ ་འཛིན་ཅིང་ཕྱག་གསུམ་པ་ལ་ཌ་མ་རཱ་དང་།། བཞི་པ་ལ་དགྲ་ར་སྟ་དང་། ལྔ་པ་ལ་གྲི་གུག་དང་། དྲུག་པ་ལ་མདུང་རྩེ་གསུམ་པའོ།། གཡོན་གྱི་ཕྱག་གསུམ་པ་ལ་ཁ་ཊྭཱཾ་ག་སྟེ་རྡོ་རྗེ་རྩེ་ལྔ་པ་ཁ་སྐྱེས་པ་དང་། རྡོ་རྗེ་དྲིལ་བུ་དང་། སྣ་ཚོགས་པདྨའི་བ་དན་འབྱུང་བ།། དབུས་སུ་སྣ ་ཚོགས་རྡོ་རྗེས་མཚན་པའོ།། འོག་རྡོ་རྗེ་རྩེ་གཅིག་པ་ཅན་དང་། བཞི་པ་ལ་ཁྲག་གི་བཀང་བའི་ཐོད་པ་དང་། ལྔ་པ་ལ་རྡོ་རྗེ་ཞགས་པ་དང་། དྲུག་པ་ལ་ཚངས་པའི་མགོ་བོའོ།། ཐོད་པའི་ཕྲེང་བའི་ཐོད་ཅན། ཟླ་བ་ཕྱེད་པ་འཇོག་པ། སྣ་ཚོགས་རྡོ་རྗེས་གནོན་པཱི་ཅོད་པན་ཅན ་འཇིག་སུ་རུང་བ། མཆེ་བ་གཙིགས་པ། སྒེག་པ་ལ་སོགས་པའི་རོའི་ཉམས་དང་ལྡན་པ། མིའི་མགོ་བོ་བརློན་པའི་ཕྲེང་བ་འཆང་བ། རལ་པ་དང་ཅོད་པན་གྱིས་བརྒྱན་པ།། མགུལ་རྒྱན་དང་། གདུ་བུ་དང་། རྣ་ཆ་དང་། སྤྱི་གཙུག་གིས་ནོར་བུས་བརྒྱན་པ། ཚངས ་པའི་སྐུད་པ་དང་། ཐལ་བ་ཞེས་བྱ་བ་ཕྱག་རྒྱ་དྲུག་གི་མཚན་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ།། དེའི་སྦྱར་སྔར་བཅོམ་ལྡན་འདས་མ། སྐུ་མདོག་དམར་པོ་ཕྱག་གཉིས་པ། ཞལ ་གཅིག་པ། སྤྱན་གསུམ་པ། སྒོ་གྲོལ་བ། གཅེར་བུ་ཐོད་པའི་དུམ་བུས་བརྒྱན་པའི་སྐ་རགས་ཅན། འཁྱུད་པའི་ཕྱག་གཡོན་ན་ཐོད་པ་གདུག་པའི་ཁྲག་གིས་བཀང་བ་བསྣམས་པ། གཡས་པའི་སྡིག་མཛུབ་ཀྱིས་ཕྱོགས་ཐམས་ཅད་ཀྱི་བགེགས ་སྡིག་པར་མཛད་ཙོང་གྲི་གུག་བསྣམས་པ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་དྲག་པ་ཞལ་ནས་ཁྲག་འཛག་པ། བྱིན་པ་གཉིས་ཡང་དག་པར་འཁྱུད་པ། བདེ་བ་ཆེན་པོ་སྩོལ་བའི་བདག་ཉིད་ཅན་ནོ།། ཤར་གྱི་འདབ་མར་མཁའ་འགྲོ་མ། དེ་བཞིན་བྱང་ལ་ཨཱ ་སྟེ། ནུབ་ལ་ཁཎྜ་རོ་ཧ་དང་། དེ་བཞིན་ལྷོར་ནི་གཟུགས་ཅན་མ།། སྔོ་དང་ལྗང་དང་དམར་པོ་དང་།། བཞི་པ་ཉིད་ནི་སེར་པོའོ།། སྤྱན་གསུམ་རྣམ་འགྱུར་དྲག་པ་སྟེ།། སྐྲ་གྲོལ་བ་དང་གཅེར་བུའོ།། རྒྱན་རྣམས་ཀུན་གྱིས་ཡང་དག་བརྒྱན།། ་ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་པ།། མཁའ་འགྲོ་མ་སོགས་ཁ་ཊྭཱཾ་ག། ཐོད་པ་ཤ་དང་བཅས་པ་འཆང་།། གཡས་ཀྱི་དུས་ནི་ཐམས་ཅད་ཆེ།། གྲི་གྲོག་མཚོན་ཆ་བསྣུན་པར་བརྩོན།། ཕྱོགས་མཚམས་བུམ་པའི་སྟེང་དག་ཏུ།། བྱང་ཆུབ་སེམས་བཀང་བ ་སྣོད་བཞག། དང་པོ་ཐུགས་ཀྱི་འཁོར་ལོ་རྩིབ་བརྒྱད་པ་སྔོན་པོ།། དེའི་ཤར་གྱི་རྩིབས་སུ་པུལླི་ར་མ་ལ་ཡར་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོའོ།། དྱང་ལཱནྡྷ་ར་རཾ་ཀང་རུས་ཆེན་པོ་དང་།། གཏུམ་པའི་མིག་ཅན་ནོ།། ནུབ་ཨོ་ཌི་ཡཱ་ན་ལ་ཀེང་རུས་དང ་འོད་ལྡན་མའོ།། ལྷོར་ཨནྡུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མའོ།། མེའི་མཚན་མས་གཽ་དཱ་བ་རིར་ཆང་དགྲ་དང་བརྟན་མའི་བློ་ཅན་མའོ།། བདེ་ནི་བྲལ་གྱི་མཚམས་རཱ་མེ་ཤྭ་རར་འོད་དཔག་མེད་དང་མི་འཐུང་མའོ།། རླུང་གི་མཚམས་དེའི ་ཀོ་ཊིར་རྡོ་རྗེ་འོད་དང་། ལིང་ཀའི་དབང་ཕྱུག་མའོ།། དབང་ལྡན་གྱི་མཚམས་མཱ་ལ་བེར། རྡོ་རྗེ་སྐུ་དང་ཤིང་གྲིབ་མ་སྟེ་དེ་ལྟར་ཐུགས་ཀྱི་འཁོར་ལོའོ།། གཉིས་པ་གསུང་གི་འཁོར་ལོ་ནི་དམར་པོ།། དེའི་ཤར་གྱི་རྩིབས་ཀཱ་མ་རུ་པར་མྱུ་གུ་ཅན་དཔས ་སྲུངས་མའོ།། བྱང་ཨོ་ཌེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ།། ནུབ་ཏཱི་ཤ་ཀུ་ནེར་དཔའ་ངོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ།། ལྷོ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ།། མེའི་མཚམས་ཀ་ལིངྒར་རབ་ཏུ་བཟ་ང་པོ་དང་ལྷ་མོ་སྔོ ་བསངས་མའོ།། བདེན་བྲལ་ལམ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ།། རླུང་གི་མཚམས་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ།། དབང་ལྡན་གྱི་མཚམས་ཧི་མ་ལཱ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ་དེ་ལྟར་གསུང་གི་འཁོར་ལོའོ།། གསུམ་པ་སྐུའི ་འཁོར་ལོ་དཀར་པོའོ།། དེའི་ཤར་གྱི་རྩིབ་སུ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ།། བྱང་གྲྀ་ཧེ་དེ་བ་ཏ་ར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ།། ནུབ་སཽ་རཱཥྚ་རྟ་མགྲིན་དང་ཆང་འཚོང་མའོ།། ལྷོ་གསེར་གླིང་དུ་ན་མཁའི་སྙིང་པོ་དང་འཁོར ་ལོའི་གོ་ཆའོ།། མེའི་མཚམས་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ།། བདེན་བྲལ་གྱི་མཚམས་སིནྡྷུར་པདྨ་གར་གྱིས་དབང་ཕྱུག་དང་། སྟོབས་ཆེན་མོའོ།། རླུང་གི་མཚམས་མ་རུ་ར་རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མའོ།། དབང ་ལྡན་གྱི་མཚམས་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། དེ་ལྟར་ན་སྐུའི་འཁོར་ལོའོ།། དཔའ་བོ་ཐམས་ཅད་ཕྱག་བཞི་པ་ཞལ་གཅིག་པ། རལ་པ་དང་ཅོད་པན་གྱི་བརྒྱན་པ།། ཐ་མས་ཅད་ཕྱག་རྒྱ་ལྔ་འཆང་ཞིང་།། སྨན ་གསུམ་སྐ་རགས་དག་གིས་བརྒྱན།། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། ཁ་དོག་གསུམ་དུ་རྣམ་པར་གནས།། འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་དང་དྲིལ་བུ་བསྣམས་པ།། གཡས་ན་ཌ་མ་རུ། གཡོན་ན་ཁ་ཊྭཱཾ་ག་དང་ཀེ་པཱ་ལ་ཤས་བཀ ་བ་བསྣམས་ཤིང་རོ་ལ་གནས་པའོ།། ལྷ་མོ་སྣ་མདོག་པ། ཞལ་གཅིག་པ། ཕྱག་གཉིས་པ། འདོད་ཆགས་ཆེན་པོའི་རྗེས་ཆགས་པ།། སྐྲ་གྲོལ་བས་ནི་རྣམ་པར་བརྒྱན།། སྤྱན་གསུམ་དྲག་པོའི་གཟུགས་ཅན་མ།། གཞན་ཡང་ན་མཁའི་གོས ་ཅན་ཏེ།། མགུལ་བརྒྱན་གཙུག་གི་ནོར་བུ་དང་།། དཔུང་རྒྱར་རྣམ་ཚངས་སྲུད་ཅན།། མག་ཟའ་བྲང་བས་མགྲིན་པ་བརྒྱན།། རྗེང་རག་ཡེར་ཀའ་སྒྲ་ཅན་ནོ།། སངས་རྒྱས་ཀྱིས་བརྒྱན་པ།། ཟད་པའ་བོད་པན་འཆང་བ། ་འཁྱུད་པ་ཡིས་ནི་ཐོད་པ་དང་།། གདུག་པ་སྡིགས་མཛུབ་གྲི་གུག་ཅན།། ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་དག་ཁྭ་གདོང་ཅན་མ་དང་། འུག་པའི་གདོང་ཅན་མེ་དང་། ཁྱིའི་གདོང་ཅན་མ་དང་། པགྣ་གི་གདོང་ཅན་མའོ།། མཱིའི ་མཚམས་དང་། བདེན་བྲལ་གྱི་མཆིམས་དང་། རླུང་གི་མཆིམས་དང་། དབ་སྔོན་གྱི་མཆེམས་ངག་ལ་གཤིན་རྗེའི་འགྲམ་པ་ཅན་དང་། གཤིན་རྗེ་ཕོ་ཉ་མོ་དང་། གཤིནི་རྗེ་མཆེ་བ་ཅན་དང་། གཤིན་རྗེ་འཇོམས་མའོ།། ཁྭའི་གདོང ་ཅན་མ་ལ་སོགས་པ་ནི་མཁའ་འགྲོ་མ་ལ་སོགས་པ་དང་འདྲའོ།། འོན་ཀྱང་རོ་ལ་བཞུགས་པ།། དཔལ་ཧེ་རུ་ཀ་ལ་སོགས་པ་དང་འདྲ་བར་གཡས་དྲརྐྱང་བས་བཞུགས་པའོ།། དེ་བཞིན་དུ་ཕྱོགས་མཚམས་ཀྱི་ལྷ་མོའི་གཟུགས་ཉིད་པ ་གླིད་འཕྲོག་པའོ།། དཔའ་བོ་དང་དཔའ་མ་ཐམས་ཅད་སྣ་ཚོགས་པདྨ་ང་ཉི་མའི་དུརྫས་སུ་ཆུད་པ་དངའབོད་ད་དཔའ་མོ་ཐམས་ཅད་ཀྱི་བྲལ་ད་རྡོ་རྗེ་ཕྲེང་བ་ནི།། རྩ་བའི་ཧཱུཾ་ལོགས་གཉིས་སུ་གཟུང་གྱི་སྣུམ་དཱུང་ཤེས་པར་བྱ་སྟེ། ་བི་ལྒང་མ་དང་། གླིང་དྲུམ་དང་། རྗེ་རྔ་མ་དང་། སུ་རྦ་ཎཱི་དང་། བའདི་མ་དང་། སྒེག་མ་དང་། གླུ་མ་དང་། གེ་རི་མ་དང་། མེ་ཏོག་མ་དང་། སྤོས་མ་དང་། མར་མེ་མ་དང་། དྲི་མ་དང་། མེ་ལོང་མ་དང་། རིམ་དང་། རིག་བྱམ་དང་། ཆོས་མ ་པི་ལྗང་མ་ནི་སྔོན་པོའོ།། སྒེག་མ་དང་། གླིང་བུ་མ་དང་། གླུ་མ་ནི་སྐྱ་རེང་སེར་པོའི་མདོག་ཅན་ནོ།། གར་མ་དང་རྫ་རྔ་མ་ནཱི་ལྗང་གུའོ།། མུ་རུ་ཛ་དང་། བཞད་མ་ནི་སྐྱ་རེང་དཀར་པོའི་མདོག་ཅན་ནོ།། པི་ཝང་མཱ་ལ་སོགས་པ་ལྷ་མོ་རྣམས་ཀྱི་ཕྱག ་ལ་པི་ཝད་མ་ལ་སོགས་པ་དགོད་པར་བྱ་ཞིང་། དེ་ལས་གཞན་པ་དག་ལ་ནི་རྡོ་རྗེ་དྲིལ་བུ་དང་། ཁ་ཊྭཱཾ་ག་དང་། པདྨའི་སྣོད་དོ།། འདི་རྣམས་ཀྱིས་རྡོ་རྗེ་དཀོར་བཅས་པའོ།། སྒེག་མོ་དང་གླུ་མ་དང་ནི་ཀན་སྲི་ཀ་དང་བཅས་པའོ།། གྷོར་མ ་པདྨ་དང་བཅས་པས་བསྐོར་བའོ།། དེ་དག་ཐམས་ཅད་ཕྱག་བཞི་པའོ།། བདུག་པ་མ་ནི་དུ་བའི་མདོག་ཅན་ནོ།། མེ་ཏོག་མ་ནི་དཀར་པོའོ།། མར་མེ་མ་ནི་མར་མེའི་རྩེ་མོ་ལྟ་བུའོ།། དྲི་མ་ནི་དམར་པོའོ།། མ་ལོང་མ་ནི་དཀར་པོའོ།། རོ་མ་ནི ་དམིར་པོའོ།། རེག་བྱ་མ་ནི་ལྗང་གུའོ།། ཆོས་མ་ཞེས་བྱ་བ་ནི་དཀར་པོ་སྟེ། བདག་ཉིད་འདུད་པའི་སྦྱོར་བས་ཤེས་པར་བྱའོ།། དེ་དག་ནི་ཕྱག་ལ་མེ་ལོང་དང་།། དེ་རྣམས་ལ་པདྨའི་སྣོད་ཀྱིས་མཚན་པའོ།། སྐུ་ཡི་འཁོར་ལོ་རླུང་དག་གི། དཀྱིལ ་འཁོར་ལ་ནི་གནས་པ་བསྒོམ།། མཁས་པས་གསུང་གི་འཁོར་ནི།། ཆུ་ལ་གནས་པ་བསྒོམ་པར་བྱའོ།། ཐུགས་ཀྱི་འཁོར་ལོ་མི་དག་གིས།། དཀྱིལ་འཁོར་ལ་ནི་བདེ་ཆེན་པོ།། དབང་ཆེན་དཀྱིལ་འཁོར་ལོ་གནས་པ།། དམ་ཚིག་དཀྱིལ་འཁོར ་བླ་མེད་པའོ།། དེ་བསྒོམ་གཉིས་པ་བསྒོམ་པ་ནི།། འཁོར་ལོ་པདྨ་རྡོར་ཕྲེང་བས།། འཁོར་ལོ་གསུམཽ་ལ་ཡོངས་བསྐོར་བས།། ཡེ་ཤེས་འཁོར་ལོ་བསྒོམ་པར་བྱ།། རིན་ཕྲེང་དེ་བཞིན་པདྨ་སྟེ།། རིན་ཆེན་དང་པོ་འོད་གསལ་བ།། སྣ་ཚོགས་རྡོ་རྗེའི ་ཕྲེང་བསྐོར་བའི།། དམ་ཚིག་འཁོར་ལོ་བྲི་བར་བྱ།། ཕྱི་རོལ་དཀྱིལ་འཁོར་རིགས་ལྔ་ཡི།། རོ་རྣམས་ཀྱི་ནི་བསྐོར་བར་བྱ།། སྙིང་གར་དཀྱིལ་འཁོར་བཞི་དབུས་སུ།། དེ་མདོག་ཕྱག་མཚན་བལྟས་ནས་ནི།། དེ་ཉིད་ཀྱི་ནི་ཐུགས་ཀ ་རུ།། ཟླ་བ་རྡོ་རྗེའི་སྟེང་ས་བོན།། ཡེ་ཤེས་དམ་ཚིག་བསྒོམ་པ་ནི།། བསྙེན་པོའི་སྦྱོར་བར་རབ་ཏུ་བརྟག། སྐད་ཅིག་སྐུ་ཡི་རྣལ་འབྱོར་གྱིས།། སྐད་ཅིག་ཕྱག་རྒྱའི་རྣམ་པར་རིག། ཀུན་ནས་སྐུ་ནི་སྐད་ཅིག་སྟེ།། སྐད་ཅིག་གིས་ནི་གསང་སྔགས་འདོན།། སྐུ ་གསུང་ཐུགས་ཀྱི་དབྱེ་བ་དང་།། ཡི་གེ་གསུམ་གྱི་རང་བཞིན་གྱིས།། མཐོ་རིས་ས་བླ་ས་འོག་དག། སྐད་ཅིག་གིས་ནི་སྐུ་གཅིག་གྱུར།། པུ་ཛ་ཨོ་ཨ། གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ། ཀ་ལ་ཀ་ཧི། པྲེ་གྲཱྀ་སཽ་སུ། ནཱ་སི་མ་ཀུ། པུལླཱི་ར་མ་ལ་ཡ་སྟེ་མགོ་བོ་ལཾ ་རབ་ཏུ་གཏུམ་མའོ།། ཛ་ལནྡྷ་རསྠི་གཙུག་ཏུ་གཏུམ་པའི་མིག་ཅན་མའོ།། ཨོ་ཌྱན་ཏེ་རྣ་བ་གཡས་པ་ལ་ནི་འོད་ལྡན་མའོ།། ཨཪྻཱ་ད་སྟེ་སྤྱི་བོའི་རྒྱབ་ཏུ་སྣ་ཆེན་མའོ།། གནས་ཏེ་ས་རབ་ཏུ་དགའ་བའོ།། གཽ་དཱ་བ་རི་སྟེ་རྣ་བ་གཡོན་ལ་བརྟན་པའི་བློ་ཅན་མའོ།། རཱ་མེ ་ཤྭ་རི་སྟེ་སྨིན་མའི་དབུས་སུ་ལ་ནི་མི་ཐུང་མའོ།། དེ་བི་ཀོ་ཊ་སྟེ་མིག་ལ་ནི་ལང་ཀའི་དབང་ཕྱུག་མའོ།། མཱ་ལ་བ་སྟེ་ཕྲག་པ་གཉིས་ལ་ཤིང་གྲིབ་མའོ།། ཉེ་བའི་གནས་ཏེ་དེ་བཞིན་དུ་ས་དྲི་མ་མེད་པ་ཐུགས་ཀྱི་འཁོར་ལོ་སྟེ་མཁའ་སྤྱོད་དོ།། ཀཱ་མ་རུ་པ་སྟེ་མཚན ་ཁུང་དག་ལ་ནི་ཨེ་ར་བ་ཏིའོ།། ཨོ་དྲེ་སྟེ་ནུ་མ་གཉིས་ལ་ནི་མི་མཐུང་མའོ།། ཞིང་དེ་འོད་བྱེད་པར་ཤེས་པར་བྱའོ།། ཏྲི་ཤ་ཀུ་ནི་སྟེ་ལྟེ་པ་ལ་ནི་རླུང་གི་ཤུགས་ཅན་མའོ།། ཀོ་ས་ལ་སྟེ་སྣའི་རྩེ་མོ་ལ་ན་ཆང་འཐུང་མའོ།། ཉེ་བའོ་ཞིང་སྟེ་འོད་འཕྲོ་ཅན་ནོ།། ཀ ་ལིང་ཀ་སྡེ་ཁ་ལ་ནི་ལྷ་མོ་སྔོ་བསངས་མའོ།། ལམྦ་ཀ་སྟེ་མགྲིན་པ་ལ་ནི་ཤིན་ཏུ་བཟང་མོའོ།། ཚན་དོ་ཧ་སྟེ་ཤིན་ཏུ་སྦྱང་དཀའ་བ་ཉིད་དོ།། ཀཉྩི་ཀ་སྟེ་སྙིང་ག་ལ་ནི་རྟ་རྣ་མའོ།། ཧི་མ་ལ་ཡ་སྟེ་འདོམས་ལ་ནི་བྱའི་གདོང་ཅན་མའོ།། ཉེ་བའི་ཚན་དོ་ཧ་སྟེ་མངོན་དུ་གྱུར་པའོ།། ་གསུང་གི་འཁོར་ལོ་སྟེ་ས་པ་སྤྱོད་པའོ།། པྲེ་ཏ་པུ་རི་སྟེ་མཚན་མ་ལ་ནི་འཁོར་ལོའི་ཤུགས་ཅན་མའོ།། གྲྀ་ཧ་དེ་བ་སྟེ་བཤད་པའི་ལམ་ལ་ནི་དུམ་སྐྱེས་མའོ།། དུར་འདུས་པ་ཅན་ཏེ་རིང་དུ་སོང་བའོ།། སཽ་རཱཥྚ་སྟེ་བརླ་གཉིས་ལ་ནི་ཆང་འཚོང་མའོ།། སུ་བརྟྟ་དཱི་བ ་སྟེ་བྱིན་པ་གཉིས་ལ་ནི་འཁོར་ལོའི་གོ་ཆ་མའོ།། ཉེ་བའི་འདུས་པ་ཅན་ཏེ་མི་གཡོ་བའོ།། ན་ག་ར་སྟེ་སོར་མོ་རྣམས་ལ་ནི་ཤིན་ཏུ་དཔའ་མོའོ།། སིནྡྷུ་སྟེ་རྐང་པའི་བོལ་ལ་ནི་སྟོབས་ཆེན་མའོ།། དུར་ཁྲོད་དེ་ལེགས་པའི་བློ་གྲོས་ཉིད་དོ།། མ་རོ་སྟེ་མཐ ་དག་ལ་ནི་འཁོར་ལོས་སྒྱུར་མའོ།། ཀུ་ལུ་ཏེ་སྟེ་པུས་མོ་གཉིས་ལ་ནི་བརྩོན་འགྲུས་ཆེན་མོའོ།། ཉེ་བའི་དུར་ཁྲོད་དེ་ཆོས་ཀྱི་སྤྲིན་ནོ།། སྐུའི་འཁོར་ལོ་སྟེ་ས་འོག་ན་གནས་པའོ།། སའི་ཁམས་ནི་ལྟུང་བྱེད་མའོ།། ཆུའི་ཁམས་ནི་གསེང་བྱེད་མའོ།། མིའི་ཁམས ་ནི་འགུགས་བྱེད་མའོ།། ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ།། ན་མཁའི་ཁམས་ནི་པདྨའི་དྲ་བ་ཅན་ནོ།། ཉེ་བའི་བསྙེན་པའི་སྦྱོར་བ་ཡིས།། མཁའ་འགྲོ་མ་ཚོགས་དཀྱིལ་འཁོར་རོ།། སེན་མོ་དང་སོ་དག་ནི་ཐོད་པའི་དྲིམ་བུ་ཅན་ནོ།། སྐྲ ་དང་སྤུ་དག་ནཽ་ཀེང་རུས་ཆེན་པོའོ།། པགས་པ་དང་དྲི་མ་དག་ནི་ཀེང་རུས་སོ།། ཤ་ནི་མཆེ་བ་རྣམ་པར་གཙིགས་པའོ།། རྩ་རྒྱུས་ནི་རྐང་དགྲའོ།། རུས་པ་ནི་འོད་དཔག་ཏུ་མེད་པའོ།། མཁལ་མ་ནི་རྡོ་རྗེ་འོད་དོ།། སྙིང་པོ་ནི་རྡོ་རྗེའི་སྐུའོ།། མིག་ནི་མྱུ་གུ ་ཅན་ནོ།། མཁྲིས་པ་ནི་རྡོ་རྗེ་རལ་པ་ཅན་ནོ།། གློ་བ་ནི་ཤིན་ཏུ་དཔའ་བོའོ།། རྒྱུ་མ་ནི་ཧཱུཾ་མཛད་དོ།། གཉེ་མ་ནི་རབ་ཏུ་བཟང་པོའོ།། གྲོང་པ་ནི་རྡོ་རྗེ་བཟང་པོའོ།། བཤང་བ་ནི་འཇིགས་བྱེད་ཆེན་པོའོ།། མཚམས་པར་ནི ་མིག་མི་བཟང་པོའོ།། བད་ཀནཱ་ནི་སྟོབས་པོའི་ཆེའོ།། རྣག་ནི་རིན་ཆེན་རྡོ་རྗེའོ།། ཁྲག་ནི་རྟ་མགྲིན་ནོ།། རྡུལ་ནི་ན་མཁའི་སྙིང་པོའོ།། ཚིལ་ཏེ་ཧེ་རུ་ཀའོ།། མཆི་མ་པདྨ་གར་གྱི་དབང་ཕྱུག་གོ།། མཆིལ་མ་ནི་རྣམ་པར་སྣང་མཛད་དོ།། སྣབས་ནི་རྡོ་རྗེ ་སེམས་དཔའོ།། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ།། ཚོར་བ་ནི་རྡོ་རྗེ་ཉི་མའོ།། འདུ་ཤེས་ནི་པདྨ་གར་གྱི་དབང་ཕྱུག་གོ། འདུ་བྱེད་ནི་རྡོ་རྗེ་རྒྱལ་པོའོ།། རྣམ་པར་ཤེས་པ་ནི་རྡོ་རྗེ་སེམས་དཔའོ།། དེ་བཞིན་གཤེགས་པ་ཐམས་ཅད་པ ་ཉིད་ནི་དཔལ་རྡོ་རྗེ་ཧེ་རུ་ཀའོ།། མིག་ནི་གཏི་མུག་རྡོ་རྗེའོ།། རྣ་བ་ནི་ཞེ་སྡང་རྡོ་རྗེའོ།། སྣ་ནི་སེར་སྣ་རྡོ་རྗེའོ།། ཁ་ནི་འདོད་ཆགས་རྡོ་རྗེའོ།། རེག་བྱ་ནི་ཕྲག་དོག་རྡོ་རྗེའོ།། སྐྱེ་མཆེད་ཐམས་ཅད་པ་ནི་དབང་ཕྱུག་རྡོ་རྗེའོ།། ཐུགས་ལ་མི་བསྐྱོད་པའོ།། གསུང ་ལ་འོད་དཔག་ཏུ་མེད་དུའོ།། སྐུ་ལ་རྡོ་རྗེ་རྣམ་པར་སྣང་མཛད་དོ།། དཔའ་བོ་དགོད་པའི་སྦྱོར་བ་ཡིས།། སྒྲུབ་པ་དག་ཀྱང་ཡང་དག་བརྩམ།། ཨོཾ་སརྦྦ་བཱི་ར་ཡོ་གཱི་ནཱི་ཀ་ཡ་བྷཱཀྵོཏྟྭ་བཛྲ་ས་བྷཱ་བ་ཨཱཏྨ་ཀོ་ཧཱུ~ཾ། ཨོཾ་བཛྲཱི་ཤུདྷཿསརྦ་དྷརྨཱཿབཛྲ་ཤུདྡྷོཿ། ་རང་སྙིང་ལྕགས་ཀྱུའི་སྦྱོར་བ་ཡིས།། ཡེ་ཤེས་འཁོར་ལོ་དགུག་པར་བྱ།། གཅིག་ཏུ་གྱུར་པའི་རང་བཞིན་གྱིས།། དེ་ནས་ཆོ་ག་གཉིས་དགོད་བྱ།། སྙིང་གར་ཨོཾ་ཧ་རྡོ་རྗེ་སེམས་དཔའ་དཀར་པོ། མགོ་བོ་ལ་ན་མ་ཧི་རྣམ་པར་སྣང་མཛད་སེར་པོའོ། ་སྤྱི་གཙུག་ལ་སྭཱ་ཧཱ་ཧུ་པདྨ་གགཱར་གྱི་དབང་ཕྱུག་དམར་པོའོ།། ཕྲག་པ་གཱཉིས་ལ་བཽ་ཥ་ཊ་ཧེ་དཔལ་ཧེ་རུ་ཀ་ནག་པོའོ།། མིག་གཉིས་ལ་ཧཱུཾ་ཧཱུཾ་ཧོ་རྡོ་རྗེ་ཉི་མ་དམར་པོའོ།། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་རྟ་མཆོག་ལྗང་གུ་སྟེ་གོ་ཆའོ།། ལྟེ་བ་ལ་ཨོཾ་བཾ་རྡོ ་རྗེ་ཕག་མོ་དམར་པོའོ།། སྙིང་གར་ཧཾ་ཡི་ཡ་མི་ནི་སྔོན་པོའོ།། ཁ་ལ་ཧྲཱི་མོཾ་རྨོངས་བྱེད་མ་དཀར་པོའོ།། མགོ་ལ་ཧྲེཾ་ཧཱི་སྐྱོང་བྱེད་མ་སེར་མོའོ།། སྤྱི་གཙུག་ལ་ཧཱུཾ་ཧཱུཾ་སྐྲག་བྱེད་མ་ལྗང་གུའོ།། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་གཏུམ་མོ་དུ་བ་སྣ་ཚོགས ་པའི་མདོག་ཅན་ཏེ་གོ་ཆའོ།། ཞལ་གསུམ་ཕྱག་དྲུག་རྡོ་རྗེ་ཅན།། དེ་ལས་གཞན་པ་ཕྱག་བཞི་པ།། རྡོར་དྲིལ་པད་སྣོད་ཁ~ཾ་ཊྭཱཾ་ག། ཌ་མ་རུ་དང་མགོ་བོའོ།། གཞན་རྣམས་ཕྱག་གི་མཚོན་ཆ་ནི།། འཁོར་ལོ་ལ་སོགས་རང་མཚན་མ།། དྲིལ་བུ་ཐོད་པ་ཉིད ་ངག་དང་།། ཁ་ཊཱ་ཌ་མ་རུ་ཉིད་འགྱུར།། ཕག་མོ་ཞལ་གསུམ་ཕྱག་དྲུག་པ།། ཞལ་དམར་སྔོ་དང་ལྗང་གུ་སྟེ།། པད་སྣོད་ཉིད་དང་ཁ་ཊྭཱཾ་ག། ཞགས་པ་དང་ནི་ལྕགས་ཀྱུ་ཉིད།། ཚངས་པའི་མགོ་དང་གྲི་གུགས་དང་།། འདི་ཡི་ཕྱག་ལ་རྣམ ་པར་བསྒོམ།། གཞན་རྣམས་ཞལ་གཅིག་ཕྱག་བཞི་པ།། སྤྱན་གསུམ་ཕྱག་ན་པད་སྣོད་དང་།། ཁ་ཊྭཱཾ་ག་དང་དྲིལ་བུ་དང་།། ཅང་ཏེའུ་གྲི་གུག་དག་བསྒོམ་བྱ།། རྡོ་རྗེ་སེམས་དཔའ་ཕག་མོ་དང་།། རྣམ་སྣང་ཡི་མི་ནིར་ཤེས་བྱ།། གར་གི་དབང ་ཕྱུག་རྨོངས་བྱེད་མ།། དེ་བཞིན་ཧེ་རུ་ཀ་བསྐྱོད་མ།། རྡོ་རྗེ་ཉི་མ་སྐྲག་བྱེད་མ།། རྟ་མཆོག་གི་ནི་གཏུམ་མོའོ།། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར།། མཐེ་བོ་གཉིས་ནི་བརྟན་པོར་རབ་ཏུ་སྦྱར།། དེ་ནི་དཔྲལ་བའི་ཕྱོགས་དབུས ་རབ་བཞག་ནས།། བསྐོར་ཞིང་བསྐོར་བས་ཀུན་ཏུ་བསྐྱོད་པར་བྱ།། རྐང་པ་མནན་ཅིང་སྟེང་དུ་བལྟ།། གྱེན་དུ་ཕོ་གཱི་སྒྲ་སྒྲོགས་ཤིང་།། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། དཔའ་བོ་རྣལ་འབྱོར་མ་རྣམས ་འགུགས།། དེ་ནས་སྙིང་པོའི་ཕྱག་རྒྱ་བསྟན་ཏེ།། ལག་པ་གཡས་པ་དང་གཡོན་པ་དག་བསྐོར་ཞིང་།། མཁའ་འགྲོ་མེའི་བདེ་བ།། ཛ་ཧཱུཾ་བི་ཧོཿསྦྱོར་བས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱཱ་སྟེ། ཨོཾ་ཡོཾ་ག་ཤུདྡྷ ་སརྦ་དྷརྨ་ཡོ་ག་ཤུདྡྷོ་ཧཾ། ཞེས་བརྗོད་པར་བྱའོ།། དེ་ནས་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ན་མཁའི་དཀྱིལ་ཡོངས་སུ་གང་བར་བལྟས་ལ།། ཡེ་ཤེས་ཀྱི་བདུད་རྩིའི་ཆུས་བཀང་བའི་བུམ་པ་ཕྱག་ན་བསྣམས་ཤིང་དབང་བསྐུར་བ་ལ་མངོན་དུ ་ཕྱོགས་པས་དབང་བསྐུར་བ་ནི། ཇི་ལྟར་བལྟམས་པཱ་ཙམ་གྱིས་ནི།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་ཁྲུས་གསོལ་ལོ།། ཨོཾ་སརྦ་ཏཱ་ཐཱ་གི་ཏ་ཨ་བི་ཀ་ས་མ་ཡེ་ཤྲཱི་ཨཱཿཧཱུཾ། ་རྡོ་རྗེ་སེམས་དཔས་རྒྱས་བཏབ་བྱ།། གཞན་རྣམས་གོ་རིམ་བཞིན་དུ་འགྱུར།། ལྷ་མོ་ཞིང་སྐྱེས་ལྷན་ཅིག་སྐྱེས།། དེ་བཞིན་གནས་སྐྱེས་རྣལ་འབྱོར་མ།། ལྷ་མོ་རིགས་སྐྱེས་སྔགས་ལས་སྐྱེས།། དེ་བཞིན་མི་སྣང་མཁའ་སྤྱོད་མ།། ཐ་མ་སྐྱེས་དང ་མཆོག་ཉིད་མ།། དབུས་མ་སྣ་ཚིགས་མཱ་ནི།། མཁའ་ལ་སྤྱོད་དང་ས་ལ་སྤྱོད།། ས་འོག་ན་ནི་གནས་པ་མོ།། གནོད་སྦྱིན་མོ་དང་ཀླུ་མོ་དང་།། དེ་བཞིན་དྲི་ཟ་མི་འམ་ཅི།། ཨོཾ་བ་ས་རི་དང་དངོས་གྲུབ་མ།། ཡ་མི་ནི་དང་བདེ་གཤོགས་བསམས།། དཀོན ་མཆོག་གསུམ་ལ་ཆགས་བདག་མ།། དེ་ཀུན་དཀྱིལ་འཁོར་ལ་དགུག་བྱ།། གླུ་ཡི་བྱ་བ་སྣ་ཚོགས་དང་།། གར་གླུ་རྣམ་པར་བྱེད་པ་དང་།། སྣ་ཚོགས་རོ་མཆོག་དགའ་སྟོན་གྱིས།། མཁའ་འགྲོ་མ་ཡི་གཙོ་བོ་མཆོད།། འཇིགས་ཆེན་མཆེ་བ་གཙིགས་པ་སྟེ།། རྒྱུ ་མ་དག་གི་ཕྲེང་བ་བརྒྱན།། ཤ་ཆེན་པོ་ནི་གསོལ་མཛད་པ།། ཧེ་རུ་ཀ་དཔལ་བདག་ཕྱག་འཚལ།། ཞེས་བྱ་བས་བསྟོད་དོ།། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་ལས་བྱུང་བའི་ཀ་པཱ་ལ་ཡེ་ཤེས་ཀྱི་བདུད་རྩི་ལྔས་བཀང་བ་བཅུ་དྲུག་ཡི་གེ་བཾ་དང་ཡི་གེ་ཧཱུཾ་གིས ་བྱིན་གྱིས་བརླབས་དང་།། ཡི་གེ་གསུམ་ལས་བྱུང་བར་སྤྲོ་ཞིང་ཡི་གེ་གསུམ་བསྒོམ་པར་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ&ཧཾ། ཆོས་རྣམས་ཐམས་ཅད་རོ་གཅིག་པར།། གནས་པའི་སེམས་དག་བྱས་ནས་ནི།། ཡེ་ཤེས་བདུད་རྩི་སྦྱོར ་བ་ཡིས།། ཡེ་ཤེས་བདུད་རྩིའི་ཆུ་གཏུང་བྱ།། ཨོཾ་བཛྲཱ་ཨ་མྲི་ཏ་ཨུ་ད་ཀ་ཧཱུཾ་ཧཱུཾ་ཋཥ་ཏཱཾ་ཨ།། ཡི་གེ་དྷྭཾ་སྣའི་རྩེ་མོར་སྦྱར་ཞིང་།། ཡི་གེ་བྱཱ་ལོངྐའི་ལྟེ་བར་བཀོད་ལ་ཕྱེད་བཅས་ཀྱི་ལྟེ་བ་དང་སྙིང་ག་དང་། ལྐོག་མ་དང་། དཔྲལ་བའི་ཕྱོགས་སུ་སྔགས་ཀྱི་ཚོགས ་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་སརྦ་བཛྲ་ཀཱ་མི་ཎི་སརྦ་བྷཀྵ~ཾ་ཤོ་དྷ་ཡ~ཾ་ཀུཾ་རྱ་བཛྲཱི་ཎི་ཧཱུཾ། ཞེས་བྱིས་པས་དགའ་བར་བརྩམ་པར་བྱའོ།། ཨཱ་མཱ་ལི་མདུན་བསོ་ནས།། རྣལ་འབྱོར་ཆེན་པོས་ངལ་བསོ་བར།། ཟླ་བའི་དཀྱིལ་འཁོར་རྫོགས་པར་ནི།། ་བའི་རྩ་བར་གནས་པར་བསྒོམ།། གོ་འཕང་མཆོག་གི་ཡི་གེ་ནི།། དེ་ཡི་དབུས་སུ་གནས་པར་བསམ།། སྐུ་གསུང་ཐུགས་ཀྱིས་རྡོ་རྗེ་ཅན།། ལྷ་ཡི་སྐུ་ནི་བསྒོམ་པར་བྱ།། དེ་ཡི་དབུས་ནི་འདས་གྱུར་ཅིག། སེམས་ཉིད་འབྱུང་བར་མི་འགྱུར་མིན།། དེ་ཡང་བསམ ་གྱིས་མི་ཁྱབ་བསམ།། བབ་མ་པའང་རྟག་པར་མི་བྱའོ།། དེ་ཡང་བསམ་མི་ཁྱབ་བསམ་ནས།། དེ་ནས་འཛིན་པ་ཐོབ་པར་འགྱུར།། དེ་ནས་མཉམ་པར་གཞག་པ་ཡིས།། དམ་ཚིག་འཁོར་ལོ་བཟླས་པར་བྱ།། ཨོཾ་ཤྲི་བཛྲ་ཧེ ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་ཤཾ་བ་རཾ་སྭཱ་ཧཱ། སྙིང་པོའི་སྔགས་སོ།། ཨོཾ་ཧྲིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ཉེ་བའི་སྙིང་པོའི་སྔགས་སོ།། ཨོཾ་བཛྲ་དེ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་དང་། ཨོཾ་སརྦ་བུདྡྷཱ་ཌཱ་ཀི་ནཱི་ཡེ་བཛྲ་བརྡྷ་ནཱ་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལྷ་མྱིའི་སྙིང་པོའོ།། ཨོཾ་ཀ་ར་ཀ་ར ་པྲ་ཙཎྜེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཙཙྪཀྵཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བནྡྷ་བནྡྷ་པྲ་བྷཱ་བ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་མ་ཧཱ་ནཱ་སེ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་བཱི་ར་མ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཁ་ར་བ་རཱ་ཡེ་ཧཱུཾ་ཧཱུ~ཾ་ཕཊ། ཨོཾ་ཧྲཿཧྲཿལངྒེ་ཤྭ་རཱི་ཡེ་ཧཱུཾ་ཧཱུཾ། ་ཕཊ། ཨོཾ་ཕེཾ་ཕེཾ་དྲ་མཙྪ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཨེ་རཱི་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་མ་ཧཱ་བྷཻ་རེ་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལ་བཱི་ནི་སུ་ར་བྷཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ ་སཔྟ་པཱ་ཏཱ་ལ་ག་ཏ་བྷཱུ་ཛཱ་ག་སརྦྦ་མྦྷ་ཏརྫ་ཡ་ཏརྫྫ་ཡ་ཤྱཱ་མ་དེ་བཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་སུ་བྷུ་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲི་ཧྲི་ཧ་ཡ་ཀཱ་ར་ཎཱི་ཧུ~ཾ་ཧཱུཾ་ཕཊ། ཨོཾ་ཛྙོ་ཛྙཽཾ་ཁ་ག་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྲཱྀ་བྷྱོ་ཙཀྲ་བྷེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧེ་ཧ~ཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ ་ཉྩ་ཤོརྟྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུ~ཾ་ཧཱུཾ་ཙཀྲ་བརླི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་སུ་བཱི་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་མ་ཧཱ་བ་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙི་ལི་ཙི་ལི་ཙཀྲ་བནྟི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི་དྷི་ལི་མི་མ་ཧཱ་པཱིརྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ། ་ལུ་ཀ་སྱེ་ཧུཾ་ཧུཾ་ཕཊ། ཨོཾ་ཤཱུ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་དྷི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ཛཥྚ་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མྱ་བཱ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ ་ཧུཾ་ཧཱུཾ་ཕཊ། ཨོཾ་རུ་པི་ཎཱི་ཡེ་ཧུ~ཾ་ཧཱུ~ཾ་ཕཊ། ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀལྤཱ་གཱི་སནྣི་བྷ་ཡ~ཾ་ཧུ~ཾ་ཧཱུཾ་ཕཊ། ཨོཾ་ཛ་ཊ་མ་ཀུ་ཊོཏྐ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་དཥྚ་ཀ་རཱ་ལོ་གྲ་བྷི་ཥ་ཎཱ་མུ་ཁཱ་ཡེ་ཧུཾ་ཧཱུ~ཾ་ཕཊ། ཨོཾ་ཧཾ་ས་སྭ་བྷྲྀ་ཛ་བྷ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ་ཨོཾ་པ་ར་ཤཱུ་པ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷ་རི་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱཱགྷྣ་ཛི་ནཱཾ་བ་ར་དྷཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུནྡྷནྟ་དྷ་ཀ་ར་བ་པུ་ཥཱ་ཡེ་ཧཱུཾ་ཧཱུཾ་ཕཊ། མཆོད་པའི་སྔགས་སོ།། ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧཱི་བཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱརྱ་པ་རཱ་ཛི་ཏེ་ཏྲཻ་ལོཀྱ་མཱ ་ཏཱི་བིདྨེ་ཤྭ་རི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦྦ་བྷཱུ་ཏ་བྷ་ཡཱ་བུཾ་ཧ~ཾ་མ་ཧཱ་བཛྲཱི་ཧཱུ~ཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཤཱ་ནཱ~ཾ་ཨ་ཛྲི་ཏེ་ཨ་པ་རཱ་ཛྫ་ཏྲཱ~ཾ་བ~ཾ་ཤྱཾ་ཀ་རི་ཎེ་ཏཱ་བྷྲེ་མ་ཎི་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཤོ་ཥ་ནི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏཱ་ས་ནི་མཱུ་ར~ཾ་པྲཱ་བྷེ་ད་ནི་པ་ར་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ ་བི་ཛ་ཡཻ་ཛ~ཾ་དྷ་ན~ཾ་སྟཽམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཱ་རཱ་ཧཱི་མི་ཧཱ་ཡོ་གི་ནི་ཀཱ་མེ་ཤཱི་རྀ་ཁ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏྲ་ཀཱ་ཡི་ནཱ་མ། ལྷ་མོའི་མཆོད་པའི་སྔགས་སོ།། ཨོཾ་བཛྲ་བཱ་རཱ་ཧཱི་པྲྀ་ཏཱི་གཻ་ཧ་ན་ཧ་ནཻ་པྲ་ཎཱཾ་ཀཻ་ཀི་ནི། ཁི་ཁི་ནི། དྷུ་ནི་དྷུ་ན། ་ཧསྟེ་ཤོ་ཥ་ཡ་ཤོ་ཥ་ཡ་བཛྲ་ཁ་ཊྭཱཾ་ག། ཀ་པཱ་ལ་དྷཱ་རི་ཎི། མ་ཧཱ་བི་ཤི་ཏོ་མཱཾ་སཱ་ཤ་ནི་མ་ནུཥྚཱནྟ་པྲ་བྷིཏྟཾ་སིནྣ་ཛྱཱ། ན་ར་ཤི་རོ་མཱ་ལཱ་གྲྀ་ཐི་ཏ་དྷ་རི་ཎི་སུཾ་བྷ་ནི་སུཾ་བྷེ་ཧ་ན་ཧ་ན་པྲ་ཎཱཾ་སརྦ་པཱ་པཾ་སཏྭཱ་ནཱཾ་མ་ཧཱ་མཱཾ་ས་ཚེ་ད་ནི་ཀྲོ་དྷ་མུརྟི་དཾཥྚ་ཀ་རཱ་ལི་ནི། མ་ཧཱ་མུ་དྲེ ་ཤྲི་ཧེ་རུ་ཀཱ་དེ་བ་སྱེ་ཨགྲ་མ་ཧི་ཥཱི། ས་ཧཱ་སྲ་ཤི་རཱི། ས་ཧ་སྲ་བཱ་ཧ་གེ། ཤ་ཏ་ས་ཧ་སྲ་ཨཱ་ན་ནེ། ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལཱ་མུ་ཁི། བི་ག་ལ་ལོ་ཙ་ནི། བཛྲ་ཤི་རཱ་རེ། བཛྲ་ཤ་ནི་མི་ལི་ཏེ་ཙི་ལི་ཏ། ཧེ་ཧེ་ཧཱ་ཧཱ་ཧཱུཾ་ཧཱུཾ། ཁ་ཁ་དྷུ་དྷུ། རུ་རུ ་དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ་མ་ཧཱུ~ཾ་གྷི་ནི། པ་ཥི་ཏི་ས་དྡྷི། དྲྀ་ཛྷ་དྲྀ་ཛྙཱ་གྲྀ་གྲྀ། ཧེ་ཧཾ་ཧཱཿཧཱཿབྷཱི་མེ་ཧ་ས་ཧི་ས། བཱི་རེ་ཧཱ་ཧཱ་ཧོ་ཧེ་ཧཱུཾ་ཧཱུཾ། ཏྲཻ་ལོཀྱ་བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྭ་ཀོ་ཊི། ཏ་ཐཱ་ག་ཏ་པ་རི་བཱ་རེ་ཏེ་ཧཱུཾ་ཧཱུཾ་ཕཊ། སིདྷ་རུ་པི་ཁ། ག་ཛོ་རཱུ་པེ ་གཿཏྲཻ་ལོཀྱ་ཨུ་ད་རེ། ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧུཾ་ཧཱུཾ་ཕཊ། བཱི་རཱི་དཱི་ཏི་ཧུཾ་ཧཱུཾ་ཧཱཿམ་ཧཱ་པ་ཤུ་མོ་ཧ་ནི། མ་ཧཱ་ཡོ་གཱི་ཤྭ་རི་ཏཱཾ། ཌཱ་ཀི་ནཱི་ལོ་ཀ་ནཱཾ་བནྡྷ་ནི། སཏྱཿཔྲ་ཏྱ་ཡ་ཀཱ་རི་ཎི་ཧཱུཾ་ཧཱུཾ་ཕཊ། བྷུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རཱི་པ་ར་མ་སིདྡྷེ། ཡོ་གཱི་ཤྭ་རི་ཕཊ། ་ཧཱུཾཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སྭཱ་ཧཱ། ཕག་མེའི་རྩ་བའི་སྔགས་སོ།། དེ་ལྟར་གོ་རིམ་བཞིན་དུ་དུང་ཆེན་པོའི་ཕྲེང་བ་ལག་པའི་གཡོན་པའི་མཐེ་བོ་དང་སྲིན་ལག་གིས་ཇི་སྲིད་འདོད་ཀྱི་བར་དུ་བཟླས་པར་བྱའོ།། ཐུན་བཞི་ཡིས་ནི་སྦྱོར་བ་ཡིས།། བསྒོམ ་དང་བཟླས་པ་ལ་ཕྱོགས་པ།། དམ་ཚིག་དམ་ཚིག་སྦྱོར་བ་ཡིས།། བཟའ་བྱ་གསང་སྔགས་བསྡུ་བར་བྱ།། ཐོག་མ་བར་དང་ཐ་མ་ནི།། གསང་སྔགས་ཡི་གེ་བརྒྱ་པ་བཟླ།། འཁོར་ལོ་བརྟན་པོར་བྱ་བ་དང་།། དཔའ་བོ་མཁའ་འགྲོ་མ་རྣམས ་དང་། སྔགས་རྣམས་ཐམས་ཅད་ཉིད་དག་ནི།། ཤིན་ཏུ་བརྟན་པ་ཉིད་དུ་འགྱུར།། ཨོཾ་བཛྲེ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ།། ཧེ་རུ་ཀེ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡ་ཙྪ། ་སརྦ་ཀརྨ་སུ་ཙ་མེ་ཙིཏྟ་ཤྲི་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། བྷ་ག་བཱནྟ་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། སྐྱོ་བར་གྱུར་ན་རྣམ་པར་དག་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ལ་གནས་པར་བྱ་སྟེ། ་མཁའ་འགྲོ་མ་ནི་ལུས་དྲན་པ་ཉེ་བར་གཞག་པའོ།། ལཱ་མ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པའོ།། དུམ་སྐྱེས་མ་ནི་ཆོས་དྲན་པ་ཉེ་བར་གཞོག་པའོ།། གཟུགས་ཅན་མ་ནི་སེམས་དྲན་པ་ཉེ་བར་གཞག་པ་སྟེ། བདེ་བ་ཆེན་པོའི་འཁོར་ལོའི་རྣམ་པར ་དག་པའོ།། རབ་ཏུ་གཏུམ་མ་ནི་འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ།། གཏུམ་མའི་མིག་ཅན་མ་ནི་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ།། འོད་ལྡན་མ་ནི་དཔྱོད་པའི་རྫུ་འཕྲུལ་གྱིས་རྐང་པའོ།། སྣ་ཆེན་མ་ནི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ།། ་བརྟན་མའི་བློ་ཅན་མ་ནི་དད་པའི་དབང་བའོ།། མི་ཐུང་མ་ནཱི་བརྩོན་འགྲུས་ཀྱི་དབང་བའོ།། ལང་ཀའི་དབང་ཕྱུག་མ་ནི་དྲན་པའི་དབང་པོའོ།། ཤིང་གྲིབ་མཱ་ནི་ཏིང་ངེ་འཛིན་གྱི་དབང་པོ་སྟེ།། ཐུགས་ཀྱི་འཁོར་ལོའི་རྣམ་པར་དག་པའོ།། ཨེ་རབ ་ནི་ཤེས་རབ་ཀྱི་དབང་པོའོ།། འཇིགས་བྱེད་ཆེན་པོའི་ནི་དད་པའི་སྟོབས་སོ།། རླུང་གི་ཤུགས་ཅན་མ་ནི་བརྩོན་འགྲུས་ཀྱི་སྟོབས་སོ།། ཆང་ཐུང་མ་ནི་དྲན་པའི་སྟོབས་སོ།། ལྷ་མོ་བསངས་མ་ནི་ཏིང་ངེ་འཛིན་གྱི་སྟོབས་སོ།། ཤིན་ཏུ་བཟང ་མོ་ནི་ཤེས་རབ་ཀྱི་སྟོབས་སོ།། རྟ་རྣ་མ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། བྱ་གདོང་མ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ།། གསུང་གི་འཁོར་ལོའི་རྣམ་པར་དག་པའོ།། འཁོར་ལོའི་ཤུགས་ཅན་མ ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ།། དུལ་སྐྱེས་མ་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ།། ཆུང་ཚོང་མ་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། འཁོར་ལོའི་གོ་ཆ་མ་ནི་དྲན་པ་ཡང ་དག་བྱང་ཆུབ་ཀྱི་ཡན་ལག་གོ།། ཤིན་ཏུ་དཔོའ་མོ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལོག་གོ།། སྟོབས་ཚོན་མ་ནི་ཡང་དག་པའི་ལྟ་བའོ།། འཁོར་ལོས་སྒྱུར་མ་ནི་ཡང་དག་པའི་རྟོག་པའོ།། བརྩོན་འགྲུས་ཆེན་མོ་ནི་ཡང་དག་པའི་ངག་སྟེ། ་སྐུའི་འཁོར་ལོའི་རྣམ་པར་དག་པའོ།། ཁཱའི་གདོང་ཅན་མ་ནི་ཡང་དག་པའི་ལས་ཀྱི་མཐའ་འོ།། འུག་པའི་གདོང་ཅན་མ་ནི་ཡང་དག་པའི་འཚོ་བའོ།། ཁྱིའི་གདོང་ཅན་མ་ནི་ཡང་དག་པའི་རྩོལ་བའོ།། ཕག་གི་གདོང་ཅན་མ་ནི་ཡང་དག་པའི་དྲན ་པོའོ།། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ།། གཤིན་རྗེའི་འགྲམ་པ་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པར་བྱེད་པའོ།། གཤིན་རྗེའི་ཕོ་ཉ་མོ་ནི་དྲུགེ་པའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུངས་པའོ།། ་གཤིན་རྗེའི་མཆེ་བ་ཅན་མ་ནི་དགེ་བའི་ཆོས་སྐྱེས་རྣམས་སྤོང་བར་བྱེད་པའོ།། གཤིན་རྗེ་འཇོམས་མ་ནི་མི་དགེ་བའི་ཆོས་མོ་སྐྱེས་པ་རྣམས་མི་བསྐྱེད་པའོ།། རྡོ་རྗེ་སེམས་དཱཔཱའི་ཅོད་པནཱ་ནི།། ཡེ་ཤེས་ལྔ་པོ་རྣམས་དག་པའོ།། རྩ་བའི་སྔགས ་ཀྱིས་དཔའ་བོ་ཡི།། མཆོད་ཕྱིར་ཐོགས་སུ་རབ་ཏུ་བརྟག། རྡོ་རྗེ་ཕག་མོའི་སྔགས་ཀྱིས་ནི།། མགུལ་པས་མགུ་ལ་བརྒྱན་པ་བརྒྱན་པ་ཡིན།། སྙིང་པོ་ཡི་ནི་སྔགས་ཀྱི་ལྷ།། ཕྲེང་བ་བརྒྱ་ཡི་ཕྱེད་ཀྱིས་བརྒྱན།། ཡི་གེ་བདུན ་པའི་སྔགས་ཀྱིས་ནི།། སྨན་ལ་སྙན་ཆས་བརྒྱན་པ་ཡིན།། སངས་རྒྱས་མཁའ་འགྲོ་མ་སྔགས་ཀྱི།། པགས་པའི་གོས་ནི་འཛིན་པ་ཡིན།། རྣལ་འབྱོར་མ་དྲུག་སྔགས་ཀྱིས་ནི།། སྐེད་པ་སྐུ་རགས་ཀྱིས་བརྒྱན་པ།། གོ་ཆ་དྲུག་གིས་དཔའ་བོ་ཡི།། ་སྐུ་ནི་ཕྱག་རྒྱ་འདི་ཡིས་མཛེས།། འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི།། སྔགས་ཀྱིས་བཏུང་བའི་ཐོད་པ་ཡིན།། རྣམ་སྣང་ཞེས་བྱའི་སྔགས་གང་ཡིན།། ཐོད་པས་བརྒྱན་པའི་དབུ་ཐོང་ཡིན།། དཔའ་བོ་ཉི་ཤུ་རྩ་བཞི་ཡིས།། ལུས་ལ་ཁམས་གསུམ ་རྣམ་པོར་རྟོག། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ།། ཤེས་རབ་ཌ་མ་རུ་ཡི་སྒྲ།། ཉིན་མོའང་བཅོམ་ལྡན་དཔའ་བོ་སྟེ།། རྣལ་འབྱོར་མ་ནི་མཚན་མོར་བཤད།། སྤྲུལ་པ་ལས་བྱུང་དཔའ་བོ་རྣམས།། ཡན་ལག་དྲུག་ཅུ་སེམས་ཀྱིས་སྤྲུལ།། དག་པ་ཆོས་ཀྱི་སྤྲུལ ་པ་ནི།། ཕག་མོའི་གཟུགས་སུ་བསྟན་པ་ཡིན།། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ།། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད།། རུ་ནི་བཀོད་པ་དང་བྲལ་བ།། ཀ་ནི་གང་དུའང་མི་གནས་པའོ།། སེམས་ལ་གནས་པའི་རྣལ་འབྱོར་པ།། མྱ་ངན་འདས་པ་མི་རྟོག་ཀྱང་།། ་འཕོ་བའི་ཚེ་ན་རྣལ་འབྱོར་པ།། དཔལུ་ཧེ་རུ་ཀ་སོགས་དང་།། དཔའ་བོ་རྣལ་འབྱོར་མ་རྣམས་ནི།། ཕྱག་ན་མེ་ཏོག་སྣ་ཚོགས་ཐོགས།། སྣ་ཚོགས་རྒྱལ་མཚན་བ་དན་དང་།། རོལ་མོའི་སྒྲ་ནི་སྣ་ཚོགས་དང་།། གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས།། འཆི་བ་ཞེས་འདི་རྣམ ་རྟོག་སྟེ།། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད།། དེ་ལྟར་ཀུན་བསམས་རྣལ་འབྱོར་དག། འཇིགས་པ་ཐམས་ཅདི་རྣམས་སྤང་སྟེ།། འཁོར་ལོ་བདེ་མཆོག་བདེ་བའི་མཆོག། རྣལ་འབྱོར་བློ་ལྡན་ཆེན་པོ་སྤྱོད།། རིགས་ལྔ་དག་ཏུ་ཀུན་སྤྱོད་པ།། རིགས་གཅིག ་ཏུ་ནི་རྣམ་པར་བརྟག། ཚངས་པར་སྤྱོད་པར་རྟག་གྱུར་ནས།། རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད།། རྣམ་པར་མི་རྟོག་བདག་ཉིད་སེམས།། འདོད་པའི་ཡོན་ཏན་ལྔ་ལ་སྤྱོད།། དོགས་པ་ཐམས་ཅད་རྣམས་སྤངས་ཏེ།། སྔགས་པ་སེང ་གེ་བཞིན་དུ་སྤྱོད།། དེ་ལྟར་བདག་ཉིད་པ་རྣམས་བསམས་ཏེ།། སྔགས་མི་འདོར་ཞིང་ཤིན་ཏུ་བསྲུང་།། རྐང་པ་གཡས་བརྐྱང་བས་གནས་ཤིང་།། ཕྱག་རྒྱས་བཅིངས་ཏེ་མཉམ་གཞག་པས།། མཛུབ་མོ་མདུད་བྱས་ཕུང་མོ་ངེས་པར་སྦྱར།། མཐེ་བོ་རྡོ་རྗེ་བརྟན ་པོར་རབ་ཏུ་སྦྱརརོ།། དེ་ནས་དཔྲལ་བའི་ཕྱོགས་དབུས་རབ་བཞག་ནས།། བསྐོར་ཞིང་བསྐོར་བས་ཀུན་ཏུ་བསྐྱོད་པར་བྱ།། ཨོཾ་ཨཱཿ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡཱ་སྟཱ་དྲྀ་ཤྱ་ཧོ།། ཞེས་བྱ་བ་འདི་གསུམ་མམ་པྲ་ཞི་འམ་ལྔའི་བར་དུ་བརྗོད་པར་བྱའོ།། དེ ་ནས་ལག་པོ་གཡས་པ་དང་གཡོན་པ་བསྐོར་ཞིང་མཁའ་འགྲོ་མའི་བདེ་བ་དེའི་སྙིང་པོའི་ཕྱག་རྒྱ་བསྟན་ཏོ།། རྣལ་འབྱོར་སྟན་ནི་མཐོན་པོ་ལ།། གཅེར་བུ་སྐྲ་ནི་གྲོལ་གྱུར་པས།། སྣོར་ནི་ལུས་བལྟས་གནོས་བྱས་ལ།། མཚན་ཕྱེད་གཏོར་མ་སྦྱིན་པར་བྱའོ།། རྡོ་རྗེ་ཐལ ་མོ་གྱེན་དུ་ཁ་ཆེ་ལ། དེ་ལ་ནས་གསང་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཁ~ཾ་ག་དཱ་ཕེཾ་ཁཱ་ཧ~ཾ། སརྦ་ཡཀྵ་རཀྵ་སོ་བྷཱུ་ཏི་དྭེ་ཏ་པི་ཤཱ་ཙཱཙྪ་དཱ་བསྨཱ་རཌཱ་ཀི་ནྱ་ང་ཡ། ཨི་མཾ་བ་ལིཾ་གྲྀད་ཏུ་ས་མ་ཡ~ཾ་རཏྣ་ཏུ། སརྦ་སིདྡྷི་མེ་པྲ་ཡཙྪནྟུ། བཐེ་བོ་ཡ་ཛྲེནྡྷེ། བྷུདྡྷཿ་བི ་ཛ་ཛི་གྲ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་རེ་ཏ་ཡ། ས་སཱུ་ཁང་བི་ཤུདྡྷ་ཡེ། ས་ཧ་ཡི་ཀཱ་བྷ་བནྡྷ་ཧཱུཾ་ཧཱུ~ཾ་ཕཊ་སྭཱ་ཧཱ།། རྣལ་འབྱོར་པས་ནི་ལག་ག་ཡིན་གྱིས།། དཔའ་བོའི་བརྡ་ནི་བསྟན་པར་བྱ།། འདི་དག་པ་འ་བོ་རྣམས་ཀྱི་གཞི།། བརྡ་རྣམས་ངག་ནི་རབ་ཏུ་འཇུག། ཁམས ་གསུམ་རྒྱུ་དང་མི་རྒྱུ་བའི།། འགྲོ་བའི་ཐམས་ཅད་གཡོན་ལས་བྱུང་།། ཤིང་ལ་རྡོ་རྗེ་སེམས་དཔའ་སྟེ། ཡལ་གར་རྣམ་པར་སྣང་མཛད་གནས།། བླ་མར་པདྨ་གར་དབང་ཕྱུག། སོ་ལ་དཔའ་བོ་དྲུག་སྦྱིན་ཏེ།། མཐེའུ་ཆུང་ན་མཁའ་མི་བཟང་སྐུ།། སེན་མོ ་ངོས་ལ་རྟ་མགྲིན་ཏེ།། དཔའ་བོ་ཀུན་གྱི་གཞི་ཡིན་པས།། ལག་པ་གཡོན་པ་ངག་ལ་བྱ།། ལག་པའི་མཐིལ་ལ་ཕོ་ཉི་མོ།། སྙོམས་པར་འཇུག་པ་ལ་ཕྱོགས་པའོ།། རྒྱབཿཤིན་ཏུ་ངེས་པ་ཡིནོ།། བརྡ་ལྔ་པོ་དྲག་བྱས་ནས་ནི།། སྒྲུབ་པ་པོ་ཡིས་བརྟན ་བྱས་ཏེ།། ས་ནི་སྤྱན་ཞེས་བྱ་བར་བཤད།། ཆུ་ཁམས་གསོད་བྱེད་མ་རུ་ཤེས།། མེ་དང་ཆུ་ནི་སྒྲོལ་མ་དང་།། གོས་དཀར་མོར་ནི་རབ་ཏུ་གྲགས།། བར་སྤོབས་དག་གི་སྟོང་པ་ནི།། དེ་བཞིན་ཕ་རོལ་ཕྱིན་པ་ཡིན།། མཁས་པས་རྒྱབ་ཀྱིས་གཤེགས ་གོགསོལ་བྱ།། དེ་ལྷོར་དཔའ་བོའི་བརྡ་བྱས་ཏེ།། དེར་ནི་ལྷན་ཅིག་ཟས་བརྩམ་བྱ།། ནག་པོའི་ཕྱོགས་ཀྱི་ཚེས་བཅུ་དང་།། དཀར་པོའི་ཕྱོགས་ཀྱི་དེ་བཞིན་འགྱུར།། རྡོ་རྗེ་ལྷ་མོ་ཤ་ཆང་རྣམས་ཀྱིས་ཀྱང་།། ངེས་པར་རབ་ཏུ་འབད་དོ་མཆོད་པར་བྱ།། ་ནག་པོའི་ཚེས་བརྒྱད་ནག་པོའི་བཅུ་བཞི་དང་།། དཀར་པོའི་ཚེས་བརྒྱད་དཀར་པོའི་བཅུ་བཞི་ལ།། རྡོ་རྗེ་ལྷ་མོ་ཤ་ཆང་རྣམས་ཀྱིས་ཀྱང་།། ངེས་པར་རབ་ཏུ་འབད་དེ་མཆོད་པར་བྱ།། དེ་དག་མཆོད་པ་དེ་ལས་དང་ཤེས་ཤིང་།། དཔལ་ལྡན་ཧེ་རུ་ཀཱ་ཡཽང ་ཆགས་གྱུར་པའི།། ཐུགས་དགྱེས་གྱུར་ནས་མཆོག་ནི་སྩོལ་བར་འགྱུར།། འདི་ལྟར་མཆོག་ནི་དེ་དག་ལག་མཐིལ་གནས།། བྱང་ཆུབ་རྡོ་རྗེས་འདི་བྱས་ལ།། དགེ་ཆེན་དག་ནི་གང་སྐྱེས་པ།། ངེས་འགྲོ་བྱང་ཆུ་རྡོ་རྗེ་ཡི།། གོ་འཕངས་མཆོག་ནི་ཐོབ ་པར་ཤོག། ཀུན་སྤྱོད་སྔོན་འབྱུང་ཞེས་བྱ་མ་ལུས་པ་དང་མཁའ་འགྲོ་ངེས་བརྗོད་བླ་མ་དང་།། ལཱ་ཡི་པ་ལ་སོགས་པ་ཡིས་ནི་མཛད་པར་བལྟས་ནས་ཀྱང་།། འཁོར་ལོའི་གཙོ་བོ་དཔལ་དག་སྐྱེ་བ་གཅིག་ཏུ་ཡོངས་སུ ་གོམས་མཛད་ནས།། དཔལ་ལྡན་སམྦ་རེ་རོལོ་སྒྲུབ་ཐབས་བྱང་ཆུབ་གང་ཡིན་དེ་ལ་ཕྱག་འཚལ་ལོ།། སློབ་དཔོན་བྱང་ཆུབ་མོ་རྗེའི་ཞལ་སྔ་ནས་ཀྱིས་མཛད་པ། སམ་པར་ཤེས་པར་བྱེད་པ་ཞེས་བྱ་བའི་འགྲེལ་པ། དང་ལོ་རྡོ་རྗེ་བདེ་མཆོག་གི་མངོས ་པར་རྟོགས་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བྷི་དྲ་ཤྲཱི་བོ་དྷི་དང་། ལོ་ཙ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོ།། ། རྒྱ་གར་སྐད་དུ། ཨེ ་