| Wylie | e-texts produced with BDRC’s OCR application |
རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལོ།། སྲིན་པོའི་གདོན་ལས་ཐར་བར་འདོད་པས་སྔོན་དུ་འཇུག་དུས་དང་མཚན་ཉིད་བསྟན་པ་སྟེ། གཏུམ་ཞིང་གཟུ ་ལུམས་ཆེ་བ་དང་། གཏམ་སྤྱི་རྡོལ་ལཾ། རླུང་པོ་སྨྲ་ཞིང་འཐབ་པ་ལ་དགའ་རྟག་ཏུ་ཚིག་རྩུབ་པའི་མི་ལ་མར་ངོའི་ཚེས་ཉི་ཤུ་བཞི་ལ་སྲིན་པོའི་གདོན་འཇུག་སྟེ། ཞུགས་པའི་མཚན་མ་ནི་གློ་བུར་དུ་ངུ། རྀས་དགའ་ནི་གླུ་ལེན། ཚིག ་བཅོལ་འགྲུས་སུ་སྒྲ་སྐོམ་དོང་ལྟོ་ཆེ། ཤ་ལ་སྲེད་རྒྱུག་ཅིང་ལག་པས་ལ་སྡེབས་པ་འམ་སྐོར་བར་བྱེད་པའོ།། དེ་ལས་ཐར་པ་ནི་ཁུར་བ་སྣ་ཚོགས་པ་དང་། ཤ་སྣ་ཚོགས་པ་དང་། མ་བསད་པར་ཤི་བའི་ཁྲག་སྣ་ཚོགས་པ་དང་། དྲི་ཞིམ ་པོའི་སྤོས་སྣ་ཚོགས་པ་དང་། འབྲས་ཆན་གྱི་གཏོར་མ་སྦྱིན་ཏེ། བདག་ཉིད་ཁྲུས་དང་གཙང་སྦྲ་ལ་གནས་པར་བྱ་སྟེ། དགེ་སློང་ངམ་བྲམ་ཟེ་ལ་སྟོན་མོ་བྱ། ལྷོ་འམ་ནུབ་ཏུ་གཏོར་མ་བཏང་ལ་དུག་མོ་ཉུངས་དང་། ཁི་དྷ་དང་། ཏ་མ་ལའི་ལོ་མ ་དང་། མེ་ཏོག་སྐམ་པོ་དང་། པི་པི་ལིང་དང་། བཅའ་སྒ་དང་། ན་ལེ་ཤམ་དང་། སྐྱུ་རུ་ར་དང་ནིམ་པའི་རྩ་བ་དང་། སྒྲོག་སྐྱ་དང་ཤིང་ཀུན་དང་། རྒྱམ་ཚ་ཡུངས་ཀར་རྣམས་བསྙམས་ལ་ར་དཀར་མོའི་གཅིན་དང་རློན་བཏགས་བྱས་ལ་བའི་གཅིན་ཕུལ ་བཅུ་དྲུག་མེ་ཆུང་བས་བཅོས་ལ་ནང་བ་དེ་གོས་དཀར་པོ་གོན་ཏེ་ཁྲུས་ལ་སྔར་ལྟར་བ་སྔགས་ནས་བྱིན་ན་སྲིན་པོའི་གདོན་ལས་ཐར་ངེས་སོ།། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར ་འཇོམས་པ་ལ་ཕྱག་འཚལ་ལོ།། ཤ་ཟའི་གདོན་ལས་ཐར་བར་འདོད་པས། སྔོན་དུ་མཚན་མ་བརྟགས་ཏེ། ཤ་སྐམ་ཤིང་ང་རྒྱལ་ཆེ། ཕྲ་མ་ལ་དགའ་འཛའ་ངོ་ཆེ། ནོར་འཕྲོག་པ་དང་ལུས་ཤེད་ཆུང་བའི་མཱི་ལ། ཡར་ངོའི་ཚེས ་གཉིས་དང་གསུམ་དང་བརྒྱད་དང་བཅུ་གཅིག་ལ་འཇུག་སྟེ། ཞུགས་པའི་རྟགས་ནི་ཤཾ་མདོག་སྔོ་བས་རྩུབ་པ་དང་། དྲི་རུལ་པ་ཅན་ནམ་གཞན་མཐོང་ན་དྲག་ཏུ་རྒོད་ཅིང་གཤེལ་བར་བྱེད། ཕྱི་ས་ལ་ཁྲག་གི་བློ་ཅན་ནམ་ཤ་ཟའི ་གདོན་མཚན་མ་གཉིས་པ་ནཱི། ལུས་འདར་རྒྱུག་ངུ་ཞིང་གླུ་ལེན་རེས་གར་བྱེད། ཤ་དང་ཆང་ལ་དགའ་བ་ནི་སྤྲུལ་པའི་འདྲེ་ཞུགས་པའོ།། གསུམ་པ་ན་མཁའ་ལ་ལྟ་བར་བྱེད་ཅིང་ཁ་ཟས་འདོད་པར་བྱེད། ཆང་དང་ཤ་ལ་ངོམ་པ་སྡེ ་པ་ནི་ཤ་ཟ་ལུམ་ཅན་གྱིས་ཟིན་པའོ།། དེ་དག་ལས་ཐར་པའི་ཐབས་ནི། ཀྲྀ་ས་ར་དང་། ལ་ཕུག་སྒོག་སྒྲ་ཏིལ་མར་ཞོ་བཙོས་དང་འབྲས་བུ་བཅས་པའི་བཱ་ལཾ་ནུབ་ཕྱོགས་སུ་བྱིན་ལ་དེ་ནས་བཅའ་སྒ་པིཾ་པི་ལིང་ཤིང་རྩ་འབྲས་བུ་གསུཾ ་དང་། སྒོག་སྐྱ་ཤུ་དག་ཤིང་ཀུན་ཤཱི་རི་ཁན་དའི་མེ་ཏོག་དེ་དག་ཆ་བསྙམས་ལ། ར་གཅིན་དུ་བཏགས་ལ་མཱ་ཕུལ་བཞི་དང་། བ་གཅིན་ཕུལ་བཅུ་དྲུག་དུ་བཙེས་ལ་ཁྲུས་ལ་སོགས་པ་བྱས་ལ་སྔ་མ་དང་འདྲ་བར་བསྐུས་པ་དང་། བྱུག ་པ་དང་། ལྟོར་བཏང་བས་ཤ་ཟའི་གདོན་ལས་ངེས་པར་ཐར་རོ།། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཆི་ལོ།། ཀླུའི་གདོན་ལས་ཐར་བར་འདོད་པ ་