CLOSE WINDOW

GT1800: gzhan gyi rig sngags bcad pa rgyun gcod spu gri zhes bya ba
Wyliee-texts produced with BDRC’s OCR application

བ། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོག་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། གཞན་གྱི་རིགས་སྔགས་ཀྱི་ལས་རྒྱུན་གཅོད་པར་འདོད་པས། རྡོ་རྗེའི་དཀྱིལ་འཁོར་ལག་མཐིལ་གཡོན་པར ་བསྒོམས་ཏེ། རང་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་པ་སྤུའི་བུ་ག་ཚུན་ཆོད་རྡོ་རྗེར་བྱིན་གྱིས་བརླབས་ལ། རྡོ་རྗེ་ལས་མེ་བྱུང་བས་བསྐལ་པའི་མེའི་ཚ་ཚ་འཕྲོ་བར་དམིགས་ལ་བསྒྲུབ་བྱའི་མིང་རུས་དུར་ཁྲོད་ཀྱི་རས་ལ་བྲིས་ལ་དེ་དུག་ཆང ་གི་ནང་དུ་བཅུག་ཅིང་། ཨོཾ་ས་རཱ་ས་ར་མ་ར་ཡ་བཛྲ་བཱི་དྷཱ་ར་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་གིས་གཏུས་ནས་དུར་ཁྲོད་དུ་རླུང་ལ་འཕྱར་ཞིང་བསྐུར་ལ་ཆེ་གེ་མོའི་རིག་སྔགས་ཀྱི་ལས་བཅད་ངོ་དོ།། ཞེས་སྲང་བུ་ནག་པོ ་གྲིས་བཅད་ཅིང་མེ་ལ་སྲེག་གོ།། དེ་ལྟར་བྱས་ན་གདོན་མི་ཟ་བར་གཞན་གྱི་རིགས་སྔགས་ཀྱི་གནོད་པ་རྒྱུན་ཆོད་པར་ངེས་སོ།། གཞན་གྱི་རིག་སྔགས་བཅད་པ་རྒྱུན་གཅོད་སྤུ་གྲི་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད ་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལོ།། གཞན་གྱི་རི་ག་སྔགས་ཀྱིས་བྱས་པ་མནན་པར་འདོད་པའི་སྒྲུབ་པ་པོ་དེ་མ་ཚིག་དང་ལྡན་པས། དུར་ཁྲོད་ཀྱི་གཡམཔ་སྔོན་པོ་ལ་དུག་དང ་