CLOSE WINDOW

GT1788: rgyud kyi bden pa'i don nges par sgrub pa rnal 'byor pa'i pra se na legs par brtag pa
Wyliee-texts produced with BDRC’s OCR application

རྒྱུད་ཀྱི་ཚིག་ལག་ཏུ་བླང་བ་མན་ངག་གིས་སྒྲུབ་པའི་རྣལ་འབྱོར་པའི་ཚེ་དང་སྟོབས་སྒྲུབ་པ་ཞེས་བྱ་བ། སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། དཔལ་ཕྱག་མ་རྡོ་རྗེ་ལ་ཕྱག་འཚལ་ལོ།། བདེན་པ ་ཡང་དག་པའི་མཚན་རྟོགས་པར་བྱེད་པ། པྲ་སེ་ན་སྒྲུབ་པར་བྱེད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་མཎྜལ་ལ་སོགས་པ་སྔོན་དུ་བྱ་བའི་རིམ་པ་གོང་ལྟར་བྱས་ལ། རིན་པོ་ཆེའི ་བུམ་པ་མཛེས་པ་ལ་ཁ་དོག་དཀར་པོར་བསྒྱུར་ཏེ་དེ་ཉིད་ཀྱི་ནི་བུམ་པ་ཤེས་པའི་རྗེས་རྣམས་ཀྱིས་བཏབ་ལ་ཁ་རྒྱན་ལ་སོགས་མཛེས་པའི་ཆས་དང་ལྡན་པར་བྱ་ཞིང་། རྨ་བྱ་དང་མེ་ལོང་ཆུག་པ་དང་གས་པ་ལ་སོགས་པའི་སྐྱོན་མེད་པ་དང་། ་མདའ་དཀར་མོ་ལ་བྱ་རྒོད་ཀྱི་མིག་གཡས་པོ་དར་དཀར་པོའི་ལྟབ་ཏུ་ཕུར་ལ་བཏགས་ལ་དེ་དག་རྣམས་བུམ་པའི་སྟེང་དུ་བཞག་ལ་དར་དཀར་པོ་དྲི་མ་མེད་པས་ཡོལ་བ་བྲིས་ཏཽ། སྤོས་ལ་སོགས་པ་དྲི་ཞིམ་པ་རྣམས་ཀྱི་ཆག་ཆག་གིས་གནྡྷ ་ཁང་ཀུན་དུ་བཏབ་སྟེ། ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་བཞི་པ། རལ་གྲི་དང་སྣ་ཚོགས་རྡོ་རྗེ་དང་། མེ་ལོང་དང་མདའ་དང་གཞུ་བསྣམས་པ་རྣམ་པར་བསྒོམ་པར་བྱའོ།། ཡེ་ཤེས་བསྟིམས་པ་ལ་སོགས་པ ་བྱས་ལ། ཁྲོ་བོ་དེ་ཉིད་ཀྱི་སྙིང་ཁོ་ནས་འོད་འཕྲོས་པས་སངས་རྒྱས་དཔག་ཏུ་མེད་པོ་སྤྱན་དྲངས་ཏེ་རབ་ཏུ་གནས་པ་བྱའོ།། བུད་དྷ་རེ་རའི་སྤྱན་ལ་ལྷ་མོ་དཀར་མོ་ལག་ནི་མེ་ལོང་དང་བདང་རྩིའི་བུམ་པ་ཐོགས་པ་དཔག་ཏུ་མཱཾ་པ་བྱུང་སྟེ། སྒྲུབ་པ ་བདག་ཉིད་ཀྱི་མིག་ལ་བསྟིམས་པས་སངས་རྒྱས་དེ་ཉིད་ཀྱི་ཞིང་ཁམས་དཔག་ཏུ་མེང་པོ་མཐོང་བ་ལ་བློ་ཡིས་མོས་པ་བྱས་པས་རྡོ་རྗེའི་མིག་དང་ལྡན་པར་གྱུར་ཏེ། མེ་ལོང་གི་ནང་དུ་ཡང་གང་ཡིན་པའི་གཟུགས་དང་། བདེན་པའི ་མཚན་ཉིད་སྟོན་པར་འགྱུར་བ་ལ་ཐེ་ཙོམ་མེད་དོ།། དེ་ལ་ཡར་ངོའི་ཚེས་བརྒྱད་ཀྱིས་ཚེས་སྔ་དྲོ་གྲོས་གསར་པ་དྲི་མ་མེད་པ་གྱོན་ལ། འདི་ལྟར་སྔགས་འདི་ལན་སྟོང་བཟླས་ཏེ་བུམ་པའི་ཆུ་བདག་ཉིད་ཀྱི་མིག་གཡས་པ་ལ་སྡུག ་རེ་བཟླས་ཤིང་བཀྲུས་ན་རྡོ་རྗེའི་མིག་དང་ལྡན་པར་འགྱུར་རོ།། དེའི་སྔགས་ནི། ཨོཾ་ཀཱ་ཊ་བཛྲ་པྲ་མོ་ཊ་ན་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཆོ་ག་རྫོགས་པ་ལན་བདུན་བྱས་ན་བདེན་པའི་ཚིག་ཉིད་འཇིག་རྟེན་པ་དང་འཇིག་རྟེན ་ལས་འདས་པ་མཚན་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བར་འགྱུར་བ་ལ་ཐེ་ཚོམ་བྱར་མེད་དོ།། འདི་དག་ལ་ཡང་མི་རུང་བའི་སྒྲུབ་པ་ཆང་ལ་སོགས་པ་བདུན་སྤངས་ཏེ་ཆོ་ག་ལ་འབད་པར་བྱའོ།། རྒྱུད་ཀྱི་བདེན་པའི་དོན་ངེས་པར་སྒྲུབ་པ། ་རྣལ་འབྱོར་པ་པྲ་སེ་ན་ལེགས་པར་བརྟག་པ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པོ་རྫོགས་སོ།། ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདོད་པའི་དོན་ངེས་པར་སྒྲུ་བ་པ་པོ་དམ་ཚིག་དང་ལྡན་པས་གནས ་