| Wylie | e-texts produced with BDRC’s OCR application |
ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཉི་མ་བཅུད་ལེན་བྱ་བ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇིམས་པ་ལ་ཕྱག་འཚལ་ལོ།། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཀྱིལ་འཁོར ་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར། མེ་ཏོག་སིལ་མ་བཀྲམ་ལ་ས་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས་རྒྱུ་སྐར་རྣམས་ཀྱི་དཀྱིལ་འཁོར་བཞེངས་ཏེ་དབུས་པདྨ་མ་འདབ་བརྒྱད་ལ་དཀཪྻ ་ལྟེ་བ་སྔོན་པོ།། མུ་ཁྱུད་པདྨའི་ཕྲེང་བས་མཛེས་པར་བསྐོར་བ། ཁྱམས་དམར་པོ་ལ་ཤར་ནས་བརྩམས་ནས་སྣ་ཚོགས་ཡིད་དུ་འོང་བའི་ཁང་བུ་བདུན་བདུན་གྱིས་བསྐོར་བ་སྒོ་བཞི་མུ་ཁྱུད་སྣ་ཚོགས་སྐར་མའི་འོད་འཁྲུག་པ་བྲིའོ།། དེ་ནས ་གཙོ་བོའི་མཚན་མ་དང་། པདྨ་རྣམས་ལ་གཟའ་བརྒྱད་ཀྱི་མཚན་མ་དང་། ཁང་བུ་རྣམས་སུ་ཤཱར་ནས་བརྩམས་པ་སྟེ། མདུང་དང་མདའ་བོ་ཆེ་དང་། འཁོར་ལོ་དང་གཏུན་ཤིང་དང་། ཕུབ་དང་རལ་གྲི་དང་། རྔ་ཡབ་དང་། མེ་དང་ཆུ་དང་། ་ས་དང་རླུང་དང་། རྒྱལ་མཚན་དང་སྦྱང་བ་དང་། རྡོ་ལྡོང་དང་མེ་ལོང་དང་། བསེ་ཁ་སྦྱར་དང་། དངུལ་གྱི་ཕྲེང་བ་དང་། ཞགས་པ་དང་། མདའ་དང་ལྕགས་ཀྱུ་དང་། སིན་དྷུ་རའི་སོལ་བ་དང་། སེངྒེ་དང་ཝ་དང་། བྱི་ལ་དང་། གླང་པོ་དང་། བྱ་རྒོད ་དང་། རི་སྐྱེགས་དང་། རྨ་བྱ་རྣམས་བྲི་བར་བྱའོ།། དེ་ནས་བུམ་པ་ཉི་ཤུ་རྩ་དགུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སོ་སོའི་མཚན་མ་དྲི་སྣ་ཚོགས་པས་བཏབ་ལ་ཕྱོགསུ་བཞག་གོ།། ཕྱོགས་མཚམས་རྣམསུ་ཕུར་བུས་འཁོར་བར ་བཞག་གོ།། དྲི་དག་གི་བར་བོར་དུའང་ཚོན་སྣ་ཚོགས་པའི་སྐུད་པས་སྦྲེལ་ལོ།། བདུག་སྤོས་ལ་སོགས་པའི་མཆོད་པའི་ཡོ་བྱད་ཅི་འབྱོར་བཤམ་མོ།། དེ་ནས་གཟའ་རྒྱུ་སྐར་གྱི་གཏོར་མ་དང་། ཕྱོགས་སྐྱོང་རྣམས་ལ་གཏོར་མ་ཚུལ་བཞིན ་དུ་བཤམ་མོ།། དེ་ནས་ཡན་ལག་བདུན་པ་སྔོན་དུ་སོང་བས་སོ་སོའི་བུམ་པར་སྔགས་དང་ཕྱག་རྒྱས་བསྐྱེད་དོ།། ཤར་གྱི་བུམ་པ་དང་པོ་ནས་བརྩམས་ཏེ་དཀར་པོ་ཞལ་གཅིག་ཕྱག་སྟོང་ལྡན་པ་ཕྱག་རྣམས་ན་མདུང་བསྣམས་པ། ཞལ་ནས ་བདུད་རྩིའི་རྒྱུན་འའབྲུ་བ། ཀྱི་དཀར་ལ་ཞོན་པ་བསྐྱེད་དོ།། དེའི་འོག་སྐུ་མདོག་འདྲ་བ་ལ་སྣར་མ་མདོག་སེར་ལྗང་ཕྱག་ན་མདའ་བོ་ཆེ་ཉྫལ་ཞོན་པ། མགོ་མདོག་དཀར་སྨུག་འཁོར་ལོ་བྲེ་མོ་ལ་ཞོན་པ། ལག་མདོག་དཀར་བ་གཏུན་ཤང ་བསྣམས་པ་གླང་ལ་ཞེན་པ། ནབས་སོ་མདོག་དཀར་སེརརུ་ཕྱུག་ན་ཕུལ་ཁྱུང་ལ་ཞོན་པ། རྒྱལ་རལ་གྲི། སྒེག་རྔུ་ཡབ་བསྣམས་པོ་རྟ་ལ་ཞོན་པ་བསྐྱེད་དོ།། ལྷོ་ཕྱོགས་སུ་མཆུ་མགོ་སེར་བ། ལག་པ་བརྒྱ་སྟོང་གྲངས་མེད་པ། རིན་པོ་ཆེའི་རྒྱན་རྣམས་ཀྱིས ་བརྒྱན་པ། ཕྱག་རྣམས་ན་མེ་བསྣམས་པ་བྱ་ལ་ཞོན་པ་བསྐྱོད་དོ།། གྲེ་མདོག་སྔོ་སྒྱུ་ཕྱག་རྣམས་ན་ཆུ་གླང་ལ་ཞོན་པ། སྐུ་མདོག་དམར་སྐྱ་ཕྱག་རྣམས་ནས། སྟག་ལ་ཞོན་པ། མེ་བཞི་མདོག་དཀར་པོ་ཕྱག་ན་རླུང་། རིན་པོ་ཆེ་སྣ་བཞིའི་ཁྲི་ལ་གནས་པ ་ནག་པ་མདོག་ནག་པ་ཕྱག་རྣམས་ན་རྒྱལ་མཚན། གཡག་ལ་ཞོན་པ། ས་རི་མདོག་སེར་པོ། ཕྱག་ན་སྡུད་པ། གསེར་གྱི་བ་དྲན་ལ་བཞུགས་པ། ས་ག་མདོག་དུད་ཁ་ཕྱག་རྣམས་ན་རྡོ་ལྡོང་གདེངས་པ། སྦྲུལ་ལ་ཞོན་པ་བསྐྱེད་དོ།། ནུབ་ཏུ་གཟི ་བརྗིད་ཆེན་མོ་མདོག་དོ་མར། ཕྱག་རྣམས་ན་མེ་ལོང་གྲོག་ལ་ཞོན་པའོ།། སྣརོན་མདོག་སེར་སྐྱ་ཕྱག་རྣམས་ན་བསེ་ཁ་སྦྱར་དྲེད་ལ་ཞོན་པ། ཁྲུམས་སྐུ་མདོག་དམར་སེར་ཕྱག་རྣམས་ན་དངུལ་གྱི་ཕྲེང་བ་རླུང་ལ་ཞོན་པ། ཆུ་སྟོད་མདོག་སྔོན་མོ ་ཕྱག་རྣམས་ན་ཞགས་པ་འབྲུག་ལ་ཞོན་པའོ།། ཆུ་སྨད་མདོག་ལྗང་སྔོན་ཕྱག་རྣམས་ན་བ་དན་བསྣམས་པ། ཅེ་སྤྱང་ལ་ཞོན་པོ། གྲོ་བཞིན་མདོག་སྨུག་པོ་ཕྱག་རྣམས་ན་ལྕགསཽ་ཀྱུ་བསྣམས་པ། སེང་གེ་ལ་ཞེན་པའོ།། བྱེ་བཞིན་མདོག་དམར་སྐྱ་ཕྱག ་རྣམས་ན། སིན་དྷཱ་རའི་སོལ་བྷ་ཝ་ལ་ཞོན་པ། བྱུང་དུ་མོན་གྲུ་མདོག་སྣང་གུ་ཕྱག་རྣམས་ན་སེང་གེ་དཀར་མོ་དོམ་ལ་ཞོན་པའོ།། མོན་དྭེ་མདོག་མཐིང་ག་ཕྱག་རྣམས་ན་བེད་མོ་སྤྲིན་ལ་ཞོན་པའོ།། ཁྲུམས་སྟོང་མདོག་ལྗང་སེར་ཕྱུག་རྣམས་ན་བྷི་ལ་ཁྭ་མོ ་བསྣམས་པ་ངང་པ་ལ་ཞོན་པའོ།། ཁྲུམས་སྨད་མ་དོག་ལྗང་སྔོན་ཕྱག་རྣམས་ན་གླང་སྔོན་པོ་བསྣམས་པ་ར་ལ་ཞོན་པ། ནམ་གྲུ་མདོག་མཐིང་ག་ཕྱག་རྣམས་ན་བྱ་རྒོད་སེར་པོ་བུམ་པ་ལ་ཞོན་པའོ།། ཋ་སྐར་མདོག་ལྡང་དམར་ཕྱག་ན་རི་སྐེགས་ཁྭ་མོ་རྔ་མོ་ལ་ཞོན ་པའི།། བླ་ཉེ་མདོག་དུང་སེར་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཕྱག་བརྒྱ་སྟོང་ན་རྨཱ་བྱེ་སྔོན་མོ་བསྣམས་པ། ཞལ་གཅིག་པ་ཞལ་ནས་བདུད་རྩིའི་རྒྱུན་འབབ་པར་རུས་སྦྲུལ་ཞོན་པ་བསྐྱེད།། དེ་དག་ཀྱང་ས་བོན་ཀུན་ལས་བྱུང་བ་འོད་ཟེར་བརྒྱ་སྟོང ་དཔག་ཏུ་མེད་བྱ་འཕྲོ་བ་བསྐྱེད་དོ།། སྔགས་ནི་ཨོཾ་ས་སྭཱཧཱ། ཨོཾ་ལཾ་སྭཱ་ཧཱ། ཨོཾ་རྟ་སྭཱཧཱ། ཨོཾ་པ་སྭཱ་ཧཱ། ཨོཾ་ཀཾ་སྭཱ་ཧཱ། ཨོཾ་མཾ་སྭཱ་ཧཱ། ཨོཾ་བྷུ་སྭཱ་ཧཱ། ཨོཾ་ཁཾ་སྭཱ་ཧཱ། ཨོཾ་ཉེ་སྭཱ་ཧཱ། ཨོཾ་སི་སྭཱ་ཧཱ། ཨོཾ་ཡེ་སྭཱ་ཧཱ། ཨོཾ་འུ་སྭཱ་ཧཱ། ཨོཾ་ཨཻ་སྭཱ་ཧཱ། ཨོཾ་གི་སྭཱ་ཧཱ། ་ཨོཾ་ར་སྭཱ་ཧཱ། ཨོཾ་རུ་སྭཱ་ཧཱ། ཨོཾ་བྷ་སྭཱ་ཧཱ། ཨོཾ་ཏེ་སྭཱ་ཧཱ། ཨོཾ་རཾ་སྭཱ་ཧཱ། ཨོཾ་རི་སྭཱ་ཧཱ། ཨོཾ་ད~ཾ་སྭཱ་ཧཱ། ཨོཾ་ཁྲི་སྭཱ་ཧཱ། ཨོཾ་སྨ་སྭཱ་ཧཱ། ཨོཾ་ལཾ་སྭཱ་ཧཱ། ཨོཾ་ཤཾ་སྭཱ་ཧཱ། ཨོཾ་དྷ་སྭཱ་ཧཱ། ཨོཾ་ན་སྭཱ་ཧཱ། ཨོཾ་ཉ་སྭཱ་ཧཱ། ཞེས་གོ་རིམས་ཀྱིས་སོ་སོའི་ཡེ་ཤེས་སེམས། ་དཔའ་རྣམས་བསྟིམས་ལ། བུམ་པ་ཞལ་གྱི་བདུད་རྩི་ཆུ་བོའི་རང་བཞིན་དུ་དམིགས་སོ།། དེ་ནས་མཆོད་པ་དང་བསྟོད་པའི་བྱེ་བྲག་ཅི་རིགས་པར་བྱས་ལ། ཇི་ལྟར་འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་སློབ་མ་གོས་སར་པ་གྱོན་ལ་ཁྲུས་ནས་སྟོན་ལ ་དཀྱིལ་འཁོར་དུ་གཟུག་པ་དང་། མེ་ཏོག་ཕོག་པའི་ལས་བྷྲཱུཾ་ལྟ་ངོ་བསྐྲུན་པ་དང་དབང་བསྐུར་བར་བྱའོ།། དེ་ནས་གཏོར་མའི་ཆོག་རྒྱས་པར་བྱའོ།། གཏོར་མ་ཆུ་ཀླུང་ཆེན་པོར་བསྐུལ་ལོ།། དཀྱིལ་འཁོར་བརྫུ་ཞུང་སློབ་མདུ་རྦ་ནཱ། ་ཆུ་ཡིས་ཁྲུས་བྱ་ཞིང་བཀྲ་ཤིས་གསོལ་བ་དང་། ཚོགས་ཇི་ལྟར་རིགས་པར་བསག་གོ།། རྒྱུ་སྐར་ཉྩི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་གོ་ཆ་མོ་ཞེས་བྱ་བ། དཔེལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ་