CLOSE WINDOW

GT1772: khro bo brgyad kyi dkyil 'khor du dbang bskur ba
Wyliee-texts produced with BDRC’s OCR application

ནམ་ཡང་ཤེས་རབ་ཉམས་མི་བྱ།། རྟག་ཏུ་ཁྱོད་ནི་ད་ལྟར་བསྲུངས།། ཞེས་བརྗོད་པར་བྱའོ།། སློབ་དཔོན་པདྨས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལོ།། ཁྲོ་བ ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་གནས་ཁང་ཡིད་དང་མཐུན་པར་དཀྱིལ་འཁོར་བཞེངས་ཏེ། ཐོག་མར་སའི་ཆོ་ག་ཇི་ལྟ་བ་བཞིན་རྫོགས་པར་བྱས་ལ། དེ་ནས་སྟ་གོན་གྱི་ཆོ་ག་ཇི་ལྟར ་རིགས་པར་བྱས་ལ།། དེ་ནས་ཐིག་དང་ཚོན་གྱི་ཆོ་ག་མ་ནོར་བར།། རྫོགས་པར་བྱས་ལ་བུམ་པ་དགུ་ལ་ལྷ་སོ་སོའི་མཚན་མ་གདབ། དཀྱིལ་འཁོར་རྩིབས་བརྒྱད་པ་སེར་པོ་བྲི། ལྟེ་བ་ལྗང་གུ། རྩིབས་འཆན་དམར་པོ་མུ་ཁྱུད་དཀར་པོ་ལ ་རྡོརྗེ་ར་བ་ནག་པོར་བྱའོ།། གྲུ་ཆང་ལྗང་གུར་བྱ།། སྒོ་རིགས་དང་འདྲ་བ་ལ་མེ་རི་དང་།། རྡོ་རྗེའི་ར་བ་མཛེས་པས་བསྐོར་བ་བྲི་བར་བྱའོ།། དེ་ལྟར་དཀྱིལ་འཁོར་གྱི་ལྟེ་བར་རྡོ་རྗེ་རྣམ་པར་འཇོམས་པའི་མཚན་མ་བཱི།། རྩིབས་ལ་ཁྲོ་བོ་བརྒྱད་ཀྱི་མཚན ་མའོ།། གྲོ་རིམས་མི་ནོར་བར་བྲི་བར་བྱའོ།། དེ་ནས་བུམ་པ་རྣམས་ལྷ་སོ་སོའི་གནས་སུ་བཞག། སྟེ་མཆོད་པ་དབུལ་བར་བྱའོ།། སོ་སོའི་བུམ་པ་ལ་ཁྲོ་བོ་སོ་སོའི་ཕྱག་རྒྱ་བཅིང་། སྤྱན་དྲུངས་ལ་སྔགས་ཀྱི་གཉིསུ་མེད་པར་བསྟིམས་ལ།། ་དེ་ནས་ཡེ་ཤེས་སེམས་དཔའ་དང་གོཉི་སུ་མེད་པར་བསྲེ་བར་བྱས་ལ་དེ་དག་གི་སྐུ་མདོག་དང་། ཕྱག་མཚན་དཀྱིལ་འཁོར་གྱི་བི་དྷི་ནས་འབྱུང་བ་བཞིན་གསལ་བར་བྱའོ།། ལྷ་སོ་སོའི་ཐུགས་ཀ་ནས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་ན ་ཉི་མའི་དཀྱིལ་འཁོར་དེ་གཉིས་ཀྱི་བར་ན་སྔགས་སོ་སོའི་རང་སྒྲ་དང་བཅས་པས་དམིགས་ལ་དབུས་ཀྱི་གཙོ་བོ་རྡོ་རྗེ་རྣམ་པར་འཇོམས་པ། ཤར་མཐའ་ཡས། ཤར་ལྷོ་བདུད་རྩི་འཁྱིལ་པ། ལྷོ་གནང ་མཛེས། ལྷོ་ནུབ་དུ་ཁྲོ་བོ་མངོན་མཐོ། ནུབ་དུ་རྟ་མགྲིན། ནུབ་བྱུང་དུ་གཞནྟི་མྱི་ཐུབ་པ། བྱང་དུ་གཏུམ་པོ། བྱང་ཤར་དུ་གཤཱིན་རྗེ། སྒོ་རྣམསུ་སྒོམ་གཞན་དང་འདྲའོ།། དེ་ལྟར་སོ་སོར་བུམ་པའི་ནང་དུ་གསལ་བར་བསྐྱེད་ལ།། སྒྲུབ་པ ་བོ་བདག་ཉིད་ཀྱིས་ཁྲུས་བྱས་གོས་སར་པ་གྱོན་ལ་ཉེ་རེག་དང་འཐོར་འཐུང་ལ་སོགས་པ་བྱས་ལ་བཟླས་པ་ལ་འཇོག་པར་བྱའོ།། ལྷ་སོ་སོའི་ཐུགས་ཀིའི་ཉི་ཟླའི་བར་གྱི་སྔགས་ཀྱི་རང་སྒྲ་དང་།། བདག་ཉིད་ཀྱིས་བརྗོད་པའི་སྒོ་དང་འཁོར་བར ་དམིགས་ཏེ་བཟླསོ།། ན་མཽ་རཏྣ་ཏྲ་ཡཱ་ཡ། ན་མཿཤྩཎྜ་བཛྲ་པཱ་ན་ཡེ། མ་ཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ། ཨོཾ་མ་ཐ་མ་ཐ་བཛྲ་ཧཱུཾ་ཕཊ། ཨཱ~ཾ་དྷུ་ན་དྷུ་ན་བཛྲ་ཧཱུ~ཾ་ཕཊ། ཨོཾ་ད་ཧཱ་ད་ཧཱ་བཛྲ་ཧཱུཾ་ཕཊ། ཨོཾ་པ་ཙ་བ་ཙ་བཛྲ་ཧཱུཾ་ཕཊ། ཨོཾ་དྷཱ་ར་དྷཱ་ར་བཛྲ་ཧཱུཾ་ཕཊ། ཨོཾ་དྷ་ར་ཡ་དྷ། ་ར་ཡ་བཛྲ་ཧཱུཾ་ཕཊ། ཨོཾ་དྷཱ་རུ་ན་དྷ་རུ་ན་བཛྲ་ཧཱུཾ་ཕཊ། ཨོཾ་ཙྪིན་དཙྪིན་ད་བཛྲ་ཧཱུཾ་ཕཊ། ཙེ་བུཾ་པ་རེ་རེ་ལ་སྟོང་ཕྲག་རེ་བཟླས་ཏེ། བརྒྱ་བརྒྱའི་བར་དུ་པཱུ་ཛ་ལྔ་ལྔ་དབུའོ།། ཏིང་ངེ་འཛིན་གྱི་ལྷ་འོད་དུ་ཞུ་ཆུ་དང་གཉིས་སུ་མེད་པ་རེ་བསྲེ་བར་བྱའི།། དེ་ཉིད་ལས་འོད ་འཕྲོས་པས་རང་གཞན་གྱི་དོན་རྫོགས་པའོ།། དེ་ནས་དབང་བསྐུར་བའི་ཆོ་ག་ནས་འབྱུང་བ་བཞིན་དུ་བསྐུར་རོ།། བཀྲ་ཤིས་གསོལ། བགེགས་རྣམས་ལས་རྒྱལ་བར་བྱ་བའི་ཕྱིར་ཆུས་བྲབ་པ་དང་། རྨ་བྱའི་སྒྲོས་བྱབ་པ་དང་། མེ་ལོང་གིས་ཕྱེ་བ་དང་། ་དུར་བས་བརྡེག་པར་བྱའོ།། སརྦ་གྲ་ཧེ་སྭཱ་ཧཱ། སརྦ་དུང་སྲ་བ་སྭཱ་ཧཱ། སརྦ་ཛྭཱ་ར་སྭཱ་ཧཱ། སརྦ་བྷི་ཀལྤ་སྭཱ་ཧཱ། སརྦ་ཛྭ་རེ་སྭཱ་ཧཱ། དེ་ལྟར་འདི་དཀྱིལ་འཁོར་དུ་དབང་བསྐུར་ནས་ནད་དང་གདོན་ལ་སོགས་པ་ཐམས་ཅད་ལས་ཐར་བར་འགྱུ་རོ།། ཁྲོ་བོ་བརྒྱད་ཀྱི ་དཀྱིལ་འཁོར་དུ་དབང་བསྐུར་བ་སློབ་དཔོན་དཔལ་མར་མེ་མཛད་ཀྱི་རྒྱུད་ལ་བརྟེན་ནས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར ་