| Wylie | e-texts produced with BDRC’s OCR application |
ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག། ཆོས་ཉིད་མཉམ་པོ་ཉིད་ལ་རབ་གནས་ཀྱང་།། ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་།། འདོད་དོན་གྲུབ་མ་ཐཱཧཱ ་ཡས་གཟུགས་མངའ་བ།། དཔའ་བརྟན་རྡོ་རྗེ་འཆང་ལ་ཕྱག་འཚལོ།། དེ་ལ་དང་པོར་བུམ་པའི་མཚན་ཉིད་བསྟན་པའི་དབང་དུ་མཛད་ནས། ནོར་བུ་ཡུངས་ཀར་ངུར་བ་དང་།། རིན་ཆེན་རྨ་མེད་ཅན་དན་བཅས།། ཤེལ་དང་རྡོ་རྗེ་མེ་ཏོག་དང་།། ཆུ་ཡི་གསེར ་ཡང་ན་ནི།། དངུལ་གྱི་བུམ་པ་དག་ཀྱང་རུང་།། གཙང་མའི་གོས་ཀྱི་དཀྲི་ཞིང་དགང་།། ཞེས་གསུངས་པས། གསེར་རམ་དངུལ་ལམ་ཟངས་ལས་བྱས་ཀྱང་རུང་ཞབས་ཀྱི་གདུབ་ཀོར་ནི་འཕང་དུ་སོར་གཅིག་གི་ཚད་དུ་བྱས་ལ་གདགས་སོ།། དབུས་ཀྱི་དབྱིངས ་ནི་ལྷུང་བཟེད་འདྲ་བར་བྱའོ།། མགྲིན་པའི་འཕང་དུ་སོར་བཞིའི་ཚང་དུ་བྱའོ།། མགྲིན་པའི་ནང་གི་ཚད་ཀྱང་སོར་བཞི་པའི་སྦུབས་སུ་བྱའོ།། མགྲིན་པའི་ཁ་ཁྱེར་ཕྱིར་བསྐྱེད་པ་ནི་སོར་གཉིས་ཀྱི་ཚད་དུ་བྱས་ལ།། ཁའི་ཆ་གའི་བཤལ་ཀ་སོར ་གཅིག་གི་ཚད་དུ་བྱའོ།། དབུལ་པོ་རྣམས་ཀྱི་དབུལ་པོ་རྣམས་ཀྱི་དངུལ་དང་གསེར་ལ་སོགས་པ་ལས་བྱ་བ་མི་རྙེད་པས་དེའི་ཕྱིར་རྒྱུ་གཞན་ལ་བྱ་བར་གསུངས་ཏེ།། བུམ་པ་པདྨ་དམར་པོའི་མདོག་ལྟར་དམར་ཞིང་བྱུ་རུ་དང་ལི་ཁྲི་དང་མཚལ་གྱི ་མདོག་ལྟར་དམར་བ་དང་། སོ་བཏང་ངེས་པའི་ནག་པོར་རི་མེད་པར་བྱའོ།། ལྷོར་ནི་ཆུ་ཕུལ་ལྔ་ཡན་མཆོད་ནས་བཅུ་ཤོང་པོའི་ཚད་གར་ནུས་པའི་ཚད་བྱས་ཏེ། དེ་ནས་ལུག་པ་བྱུག་སྤོས་ཀྱིས་བྱུགས་ཏེ། དྲི་ཞིམ་པོ་ཤིན་ཏུ་བཀྲ་ཤིས་པའི ་བདུག་པས་བདུག་ལ། གུ་གུལ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་ལན་བདུན་དུ་བཟླས་པས་བུམ་པའི་ནང་དུ་བདུགས་ཡོཾ། ཆུ་གཙང་མ་སྲོག་ཆགས་མེད་པར་བཙགས་པས་བཀང་སྟེ། དེའི་ནང་དུ་ཙནྡན ་དང་། ཡ་པཱུར་དང་། གུར་ཀུམ་དང་། ཛཱ་ཏི་དང་། གླ་རྩི་ལྔ་པོ་བསྲེས་པའི་ཆུ་ཡོང་བླུགས་ནས་དེར་རིན་པོ་ཆེ་ལྔ་ཞེས་བྱ་བ་ནོར་བུ་རིན་པོ་ཆེ་དང་། བྱུ་རུ་དང་། གསེར་ལྕེ་སྦྲམ་དང་། མུ་ཏིག་དང་། ཤེལ་དག་དང་། སྨན་ལྔ་ཞེས་བྱ་བ། བྱ་ཀྲི་དང་། ་སེང་ཀྲི་དང་། གི་བྲི་ཀར་ནི་དང་། ས་ཧཱ་དང་། ས་ཧ་དེ་བ་དང་། འབྲུ་ལྔ་ཞེས་བྱ་བ། ནས་དང་། སོ་བ་དང་། ཏིལ་དང་། མོན་སྲན་གྲེའུ་རྣམས་ཀྱིང་བཅུག་ལ་བུམ་པའི་ཁར་གསེར་རམ་དངུལ་ཕོར་རམ། ཁམ་ཕོར ་གཙང་མའི་ནང་དུ་ཡུངས་ཀར་བླུགས་པའི་སྣོད་བཞག་སྟེ། རས་གཙང་མ་ཁ་ཚུར་མོ་གོང་པསོ་བུམ་པའི་ཁ་དང་། ཡུངས་ཀཱར་གྱི་སྣོད་དང་བཅས་པ་དཀྵི་ཞིང་གཡོགས་ལ་བཅིང་སྟེ། མདུད་པའི་སྟེང་དུ་བའི་ལྕི་བརྒྱས་གདབ་པའི་ཚུལ་དུ ་བླན་ལ་རྩཝ་དུར་བའི་ཉག་མ་བདུན་བཙུགས་ཏེ་ཕྱག་རྡོ་རྗེ་ལ་དབུལ་བར་འོས་པའི་མེ་ཏོག་དམར་པོ་དྲི་ཞིམ་པོ་འམ། ཡང་ན་མེ་ཏོག་དྲི་ཞིམ་པོ་གང་ཡང་རུང་བའི་ཕྲེང་བས་ཀྱང་བུམ་པའི་མགྲོན་པ་བསྐོར་བའི་དོན་ནོ།། དཀྱིལ་འཁོར་མེད་པར་བུམ་པ ་འབའ་ཞོག་གིས་འདོད་བྱའི་ལས་མི་འགྲུབ་པས་ཐོག་མར་དཀྱིལ་འཁོར་བྲི་ནས་བརྟག་དགོས་པས་སྤྱིའི་རྒྱུད་དཔུང་བཟང་གིས་ཞུས་པ་ལས་འདིར་སྦྱར་བར་བྱ་སྟེ། ཕྱུགས་ལྷས་ཤིང་གཅིག་ལྷའི་ཁང་པ་འམ།། ལམ་གྱི་བཞི་མདོ་ཁང་སྟོང་ནགས ་ཚལ་དུ།། ཞེས་གསུང་སོ།། དཀྱིལ་འཁོར་བྷ་བར་བསྟན་པ་ཡང་དེ་ཉིད་ལས། དཀྱིལ་འཁོར་གྲུ་བཞི་ལྷམ་པ་གྲུ་བཞིའི་ཚང་།། ཚོན་རྩི་རྣམ་པ་སྣ་ཚོགས་ཀྱིས་བྲི།། ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངསུ་བཟུང་།། སྒོ་བཞི་པ་ལ་ཕྱོགས་ཀྱི་རྩཝ་ཡང ་དགྲམ་ཞེས་གསུངས་ཏེ། དེ་ཡང་ས་གཞི་ཤིན་ཏུ་སྦྱངས་ཤིང་ཤིན་ཏུ་མཐས་པར་བཅགས་པའི་རྣམ་ལྔ་ཞེས་བྱ་བར། འོ་མ་དང་། མར་དང་། ཞོ་དང་། གཅིན་དང་ལྕི་བ་རྣམས་དང་། སྤོས་རྣམས་བསྲེས་པ་རྣམས་ཀྱིས་བསྐུས་ལ་ཐིག་གདབ ་བར་བྱའོ།། གྲུ་བཞིའི་ཚད་ཁྲུ་བཞི་པར་བྱས་ལ་ཕུར་བུས་ལེགས་པར་གདབ་བོ།། དེའི་དབུས་སུ་གསང་སྔགས་འཆང་ཁྲུས་བྱེད་པའི་ས་ཁྲུ་དོ་བཞག་གོ།། དེའི་ཕྱི་རོམ་ཁྲུ་གུང་ཁྱོན་ཡོད་པ་ལ་ཆ་གསུམ་དུ་བགོས་ཏེ། དང་པོར་འཇིག་རྟེན་སྐྱོང ་བ་རྣམས་ཀྱི་གནས་སུ་བྱའོ།། གཉིས་པ་ནི་སྒོ་ཁྱུང་མུ་ཁྱུད་མུ་ཏིག་གི་ཕྲེང་བ་དག་བྲིའོ།། གསུམ་པ་ལ་ནི་མཆོད་པ་དག་བྲིའོ།། འཇིག་རྟེན་སྐྱོང་བ་རྣམས་དགོད་པ་ཡང་།། སྤྱིའི་རྒྱུད་གསང་བའི་དཀྱིལ་འཁོར་ལས། འདི་སྐད་དུ། བརྒྱ་བྱིན་གྱི་ནི ་འཁོར་ལོར་གསུངས།། མེ་ལྷའི་ཕྱག་རྒྱ་མེ་ཐཱ་བ་ཡིན།། གྲཝ་ཤིན་རྗེའི་ཕྱག་རྒྱ་བེ་ཅོན་ཏོ།། བདེན་བྲལ་གྱི་ནི་རལ་གྲིར་བསྟན།། ཆུ་བདག་གི་ནི་ཞགས་པར་བསྟན།། རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན།། ཀུ་བེ་ར་ཡི་དབྱུག་ཏོ་ཡིན།། དབང་ཕྱུག་གཽ་ནི་རྩེ ་གསུམ་གསུངས།། སའི་ཕྱག་རྒྱ་བུམ་པ་ཡིན།། ཉི་ཟླའི་ཕྱག་རྒྱ་ཟླུམ་པོར་བྱ་ཞེས་གསུངསོ།། དཀྱིལ་འཁོར་ནི་སྒོ་བཞིར་སྟོད་ཅིང་།། བཀྲ་ཤིས་བརྒྱད་པོའོ་དཔལ་བ་དང་། འཁོར་ལོ་དང་། གདུགས་དང་། རྒྱལ་མཚན་དང་། པདྨ་དང་། བུམ ་པ་དང་། དུང་དང་། ཉཝ་དག་བྲིས་པས་མཛེས་པར་བྱའོ།། དབུས་སུ་ནི་ཀུ་ཤཱ་གོ་དིང་ཞིང་ཕྱི་རོལ་ཐོག་དག་ཏུ་ཡང་ཀུ་ཤ་དགྲམ་མོ།། སྟེང་དུ་ཡང་བླ་རེས་ལགས་པར་དགབ་ཅིང་མེ་ཏོག་གི་ཕྲེང་བ་དང་། བ་དན་དང་། དར་གྱི་ལྡ་ལྡི་དང་། མེ་ལོང་གིས ་བརྒྱན་ན་ཁྲུས་ཀྱི་ཆོ་ག་བཀྲ་ཤིས་པར་འགྱུར་རོ།། དེ་ནས་བུམ་པ་ཡང་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། གྲཝ་བཞིར་སེང་ལྡེང་གི་ཕུར་པ་བཞི་ལ་བདུད་རྩི་ཐབས་སྦྱོར་གྱི་སྔགས་གོང་དུ་སྨོས་པ་བཟླས་ཤིང་བཙུགས་ནས། ཚོན་སྣ་ལྔ་ཡིས ་སྐུད་བ་ལ་ཡང་གསང་སྔགས་དེ་ཉིད་བཟླས་ཤིང་བསྐོར་བས་མཚམས་བཅད་པར་བྱའོ།། བཤོས་དང་གཏོར་མ་དགོད་པ་ཡང་།། དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ལས།། བཟའ་དང་ཤ་ཆང་ལ་ཕུག་ལ་སོགས་བཅས།། འབྲས་ཆན ་འབྲས་བུ་མང་པོའི་གཏོར་མ་སྦྱིན་ཞེས་གསུངས་ཏེ། མ་ཕྱེ་བ་ཡང་འོས་བོས་སུ་ཕྱེ་སྟེ། ཤ་ཆང་ལ་ཕུག་དག་ནི་གཤིན་རྗེ་དང་བདེན་བྲལ་འཁོར་དང་བཅས་པ་ལ་སྦྱིན་ནོ།། དེ་ནས་རིག་སྔགས་འཆང་བ་བདག་ཉིད་ཕྱི་ནང་གི་དྲི་མ་དག་པར་བྱས་ལ།། ་གོས་སར་པ་བགོས་ཏེ། ཆོ་ག་བརྩམས་པའི་དབང་དུ་མཛད་ནས། དེས་ནི་རབ་ཁྲུས་གཙང་མ་ཡིན།། མདོ་སྡེ་དམ་པ་མཉན་པར་བྱ།། གང་དག་ཡིད་དགེ་སེམས་དང་ཞིང་།། གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ།། མདོ་སྡེ ་འདི་ནི་ཉན་བྱེད་ན་ཞེས་གསུངས་ཏེ།། དེའི་དོན་ནི་རང་གི་རྒྱུད་དག་པ་དེ་དཀྱིལ་འཁོར་གྱི་ནུབ་སྐོར་འགྲེང་ལ། ལག་པ་བྱུག་སྤོས་ཀྱིས་བྱུགས་ནས།། རང་གི་ལྷ་ཇི་ལྟར་མནོས་པ་བཞིན་དུ་བསྒོམས་ལ།། མིག་གཉིས་སུ་ཡི་གེ་ཧཱུ~ཾ་འབོར་བར་བསམས་ལ ་སེ་གོལ་གྱི་སྒྲ་ཕྱུང་ཞིང་། ཕྱོགས་སུ་བལྟས་པས་མཚ་མས་བཅད་བགེགས་བསྐྲད་ནས། སླར་བསྟན་བདེ་བ་ལ་འདུག་ནས་དཀྱིལ་འཁོར་དེ་ཡང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷའི་གནས་བཟང་པོ་དཔེ་མེད་པར་དམིགས་ཤིང་། བུམ་པ་དེ་ཡང ་ཡི་བཞིན་གྱི་མོ་ཚོའི་བདུད་རྩིའི་ཆུས་གང་བར་དམིགས་ཏེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། ཁ་ཕྱེ་སྟེ་པདྨའི་ཚུལ་དུ་བྱས་པ་ནི་པདྨ་གདན་གྱི་ཕྱག་རྒྱ་ཡིན་ཏོ། དེའི་སྔགས་ལ། ཨོཾ་པདྨ་ཀ་མ་ལ་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་ཡིད ་བཞིན་གྱི་མཚོའི་དབུས་སུ་པདྨའི་སྡོང་པོ་དང་ལོ་མ་དང་འདབ་མ་དང་ཟེ་བ་དང་། སྙིང་པོར་བཅས་པ་དཔེ་མེད་པར་བཟང་ཞིང་ཆེ་བ་ཞིག་བསམས་ཏེ། མཆོད་ཡོན་གྱི་སྣོད་བླངས་ལ་སྦྲེང་ཞིང་འདི་སྐད་དུ། དད་པ་དང་ནི་དམ་ཚིག་གིས།། བདག་ལ་མཆོད་ཡོན ་བཞེས་སུ་གསོལ།། མཆོད་ཡོན་བཞེས་ནས་དེ་ཉིད་དུ།། མཆེད་པས་བདག་ལ་དགྱེས་པར་མཛོད།། ཨཱ་ཧ་ར་ཨཱ་ཧ་ར། སརྦ་བི་དྱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་བརྗོད་པས། འཕགས་པ་མདུན་གྱི་ན་མཁའ་ལ་འཁོར་དང་བཅས་པ་གཤེགས་པར་རིག ་པ་དང་། བར་འདིར་ཕྱིར་འབྲེང་བའི་བགེགས་བསྐྲང་། ཨ་མྲྀ་ཏས་བསང་། ཡང་ན་རྩ་སྔགས་སྣུམ་བསྐྲད་སྔགས་ཀྱིས་སོ།། ལག་པ་གཡས་པའི་མཐེའུ་ཆུང་གི་སེན་མོས་མཐེ་བོང་མནན་ཏེ། ལྷག་མ་གསུམ་ནས་དོ་ཙམ་གྱིས་མ་རེག་པར་བྱས་ཏེ། ་རྡོ་རྗེའི་ཚུལ་དུ་བྱས་ནས་བསྟན་པ་ནི་དམ་ཚུག་ཆེན་པོའི་ཕྱག་རྒྱུ་ཡིན་ཏེ། དེའི་སྔགས་ལེ། ཨོཾ་ཤཱུ་ཀཻ་རེ་མཱདྒྷ་ས་མ་ཡེ་སྭཱ་ཧཱ། ཞེས་བརྗོད་ནས། གདན་དེ་ལ་འཕགས་པ་ཁྲོ་བོ་ཡི་རྒྱལ་པོ་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་ཁྱད་པར་ལས་བྱུང་བ། རྡོ་རྗེ ་རྱ་མཛོན་སྟོ་བ་ཞེས་བྱ་ལེ་དོག་སྔོན་པོ་ཡོད་ནམཚོ་བོ། སྒེག་ག་རྡོ་རྗེ་རྗེ་བྲམ་ལས་ར་ཕྱོགས་གཅིག་མེད་པ་བསེམས་པ་ཕྱགྶ་གཡོན་པ་པ་བན་ཅིང་འབྱུང་གཱ། དཱཙླྀཛྙཱན་ལྡན་ཙམ་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ། ་བརྗོད་གཡོགས་དམའོ་སྡང་གཡོགས་ཚིག་སུ་བསྡམས་པོ། འཁོར་ཚོགས་ཀྱི་སྣང་བག་ཏུ་སོང་པ་དང་གཤེགས་པ་རི་རིམས་མོ་ཤིང་། རྒྱ་བས་ཕྱག་རྒྱ་ལག་པ་གཉིས་ཐལ་མོ་ཚོང་སྟོང་དུ་སྒྱུ་འི་སྲིན་ལག་གཉིས་ནང་དུ་བཞུག་སྡེ། ་ཚུན་བསྣོལ་བའི་རྩེ་མོ་མཐོ་བོང་དང་འཛུབ་མོའི་དྲུང་དུ་ཅུང་ཟད་འབྱུང་བར་བྱས་ལ། གུང་མོ་གཞིབས་པའི་ཕྱི་རོལ་ནས་འཛུབ་མོ་བཀུག་ལ་ནས་གང་ཙཾ་གྷ་མྱ་རེག་པར་བྱས་ཏེ། མཐོ་བོང་གཉིས་དང་མཐོའུ་ཆུང་གཉིས་ཀྱང ་གཞིབས་པ་ནི་རྡོ་རྗེ་རྣམ་པར་འཇོམས་པ་རྩ་བའི་ཕྱག་རྒྱ་ལས་ཐམས་ཅད་བྱེད་དོ།། དེའི་སྔགས་ལོ། ཨོཾ་བཛྲ་ཛྭ་ལ་ན་ཡེ་སྭཱ་ཧཱ། དེ་ནས་མཆོད་པ་རྣམ་པ་ལྔ་རིམ་བཞིན་དུ་དབུལ་ཏེ། དང་པོར་བྱུག་སྤྲོས་དབུལ་ཏེ། གཙང་ཞིང་གཙང་མར་སྦྱང་བ་ཡི།། ལྷ་རྫས ་བཟང་པོའི་བྱུག་སྤོས་འདི།། བདག་ག་དང་བས་དབུལ་ལོགས་ཀྱི།། བཞེས་ནས་བདག་ལ་དགྱེས་པར་མཛོད།། ཨཱ་ཧཱ་ར་ཨཱཾ་ཧ་ར་སརྦ་བིད་དྷཱ་དྷ་ར~ཾ་བུཛྫི་ཏེ་སྭཱ་ཧཱ། དེ་ནས་མོ་ཏོག་དབུལ་ཏེ། གཙང་ཞིང་གཙང་མར་སྐྱེས་པ་ཡི།། ལྷ་རྫས་དམ་པའི་མེ་ཏོག་འད།། ་བདག་གི་དད་པས་འབུལ་ལགས་། བཞེས་ནས་བདག་ལ་དགྱེས་པར་མཛོད།། དེ་ནས་བདུག་པ་དབུལ་ཏེ། ཤིང་གི་ཁུ་བ་ཡིད་དུ་འོང་།། དྲི་ཡིས་རྒྱས་པ་བདུག་པའི་མཆོག། བདག་གི་དད་པས་འབུལ་ལོགས་ཀྱིས།། བཞེས་ནས་བདག་ལ་དགྱེས ་པར་མཛོད།། བཤེས་དབུལ་ཏེ། རྣམས་ཁུ་བ་ཡི་གར་བོང་།། དཱི་ཡིས་རྒྱས་པ་ལྷ་ཡི་ཟས།། བདག་གིས་དྲད་པས་དབུལ་ལགས་ཀྱིས།། བཞེས་ནས་བདག་ལ་དགྱེས་པར་མཛོད།། འདི་ཡན་ཆད་ཀྱི་སྔགས་ནི་གོང་མར་སྨོས་པ་བཞིན་དུ་སྦྱ་རོ།། དེའི་འོག ་ཏུ་མར་མེ་དབུལ་ཏེ།། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ།། དགེ་ཞིང་མུན་པ་རྣམས་ལ་བ།། ལྷ་རྫས་བཟང་པོའི་ཞུགས་མར་འདི།། བདག་གིས་ངད་པས་འབུལ་ལགས་ཀྱིས།། བཞེས་ནས་བདག་ལ་དགྱེས་པར་མཛོད།། ཨཱ་ལོ་ཀེ་ཨཱ་ལོ་ཀི་སོརྦ་བད་བྱ་དྷ་ར་བུ ་ཛཾ་ཎེ་སྭཱ་ཧཱ།། དེ་ནས་གདོན་རྣམས་ལ་གཏོར་མ་དབུལ་བར་བྱ་སྟེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ།། ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ།། དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་།། གང་དག་ས་གནས་པའི་རྫུ་འཕྲུལ་ཅན།། བདག་གིས་པུས་མོས ་ལ་བཙུགས་ནས་སུ།། ཐལ་སྦྱར་དེ་དག་ལ་ནི་གསོལ་བ་འདེབས།། བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས།། གསན་ནས་ཕྲན་གདགས་སླད་དུ་འདིར་གཤེགས་ཤིག། སེན་གང་དག་རིང་ས་སྟེང་གནས་དང་། དགའ་དྲི་མ་ལ་དང་ལྟ་བུ་ལ་གང་གནཔ་དང་། གང་དག་ཤར་ནུབ་ཉི་མའི་ཁྱིམ ་གནས་དང་།། ཆུ་བོ་ཀུན་དང་ཆུའི་ངོགས་རྣམས་དང་།། རིན་ཆེན་གནས་སུའང་གནས་ནི་བཅས་པ་དང་།། རྫིང་དང་མཚོ་དང་ལུམ་ལྟང་ལྟེང་དང་།། ཁྲོན་པ་དང་ནི་མ་གྲོག་ཆུ་མིག་དང་།། གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་ནགས་ཚལ་དང་།། ཁང་སྟོང་དག་དང་ལྷ་དང་། ་ལྷ་ཡི་གནས་དག་དང་།། ལྷ་ཁང་མཆོད་རྟེན་འདུག་གནས་བསྟི་གནས་དང་།། མུ་སྟེགས་གནས་དང་གླང་ཆེན་ཁང་པ་དང་།། གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང་།། སྲང་དང་ཁྱམས་དང་ལམ་ཁའི་བཞི་མདོ་དང་།། གང་དག་ཤིང་གཅིག་པོ་དང་ལམ ་པོ་ཆེ།། དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་།། གང་དག་སེང་གེ་གླང་ཆེན་དྲོད་ཀྱི་གནས།། འཇིགས་པའི་ས་དང་འབྲོག་ན་གནས་པ་དང་།། གླིང་བཟངས་རྣམས་སུ་གནས་ནི་བཅས་པ་དང་།། གང་དག་ལྷུན་པོ་དུར་ཁྲོད་གནས་པ་རྣམས།། རབ་ཏུ་ཐུགས ་དགྱེས་དྲི་དང་ཕྲེང་བ་དང་།། འདུག་པ་གཏོར་མ་མར་མེ་བསྟོད་གུས་འབལ།། འདི་དག་བཞེས་ནས་བསྡམས་དང་གསོལ་མཛོད་ལ།། བདག་གིས་ལས་འདིའི་འབྲས་བུ་མཆིས་པར་མཛོད།། ལག་པ་གཉིས་ཐལ་མོ་སྦྱར་བ་ལས་ཁ་ཕྱེ་སྟེ། བཀན་པ་ནི ་།། གཏོ་བ་སྟོན་པའི་ཕྱག་རྒྱའོ།། དེའི་སྔགས་ལ་སྲིན་པོ་རྣམས་ལ།། ཀྲང་ཀཻ་རྀ། ཤ་ཟ་རྣམས་ལ། མོ་ཙི་མི་ཙི། འབྱུང་པོ་རྣམས་ལ། གུང་གུང་། ཐམས་ཅད་ལ། ན་མཿསརྦ་ཏ་ཐཱ་ག་ཏོ་བྷྲྀ། བོ་ཤྱཱ་མུ་ཁེ་བྷྱཿ། སརྦཿཏཏ་ཁཾ་ཨུད་གཱ་ཏོ། སྥ་ར་ཎ་ཧཽ་མོ། ག་ག་ན།། ་སྭཱ་ཧཱ། དེ་ལྟར་གདོན་རྣམས་ལ་གཏོར་མ་བྱིན་ནས་ནི་ཕྱོགས་སྐྱོང་རྣམས་ལ་མཆོད་པ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། སོར་མོ་དབུས་མ་གསུམ་བཀྱེད་དེ། པད་མིའི་ཚུལ་དུ་བྱའོ།། དེའི་སྔགས་ལ། དབང་ལྡན་ཕྱོགས་སུ་རུ་ཏཱ་ཡཱ་སྭཱ་ཧཱ། དབང ་པོའི་ཕྱོགསུ་ཤག་ཀྲ་ཡ་སྭཱ་ཧཱ། མེའི་ཕྱོགས་སུ་ཨ་ག་ནེ་ཡེ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བེ་བ་ས་ཏ་ཡེ་སྭཱ་ཧཱ། བདེན་བྲལ་ཕྱོག་སུ་རཀྵ་ས་ཨ་ཏི་པ་ཏ་ཡེ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་མེ་ག་ཨ་ཤ་ན་ཡ་སྭཱ་ཧཱ། རླུང་ལྷའི་འོག་གི་ཕྱོགས་སུ་པ~ཾ་ཡ་བེ་ཡེ་སྭཱ་ཧཱ། ཀུ་བ ་རའི་ཕྱོགསུ་ཡག་ཤ་བྷིད་དྷ་རེ་སྭཱ་ཧཱ། སྟེང་གི་ཕྱོགསུ་ཨ་དིང་དྭེ་ཡེ་སྭཱ་ཧཱ། ཉི་མའི་འོ།། ཟླ་བའི་ཙནྡྲ་ཡེ་སྭཱ་ཧཱ། འོག་གི་ཕྱོགསུ་པྲི་ཐི་བྱ་ཡེ་སྭཱ་ཧཱ། སའི་ལྷ་མོ་ཡིའོ།། དེ་ལྟར་ཕྱོགས་སྐྱོང་རྣམས་ཀྱང་མཆོད་དེ།། བཟླས་བརྗོད་བྱ་བའི་དབང་དུ་མཛད་ནས།། ལམ་གྲང ་ཉི་ཤུ་རྩ་གཅིག་གམ།། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད།། རྡོ་རྗེ་རྣམ་འཇོམས་བཟླས་ནས་སུ།། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག། ཅེས་འབྱུང་བའི་དོན་ནི་དེ་ལྟར་འཕགས་པ་འཁོར་དང་བཅས་པ་དང་།། འཇིག་རྟེན་སྐྱོང་བ་དང་།། འབྱུང་པོ་ཐམས་ཅད་ལ ་མཆོད་པ་བྱས་ནས། བུམ་པའི་ནང་དུ་འཕགས་པ་སྤྱན་དྲངས་པ་དེ་ཉིད་ཀྱང་སྲོག་དང་བཅས་པ་ལྟ་བུ་དམིགས་ཏེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་ལ་ཡི་གེའི་ཕྲེང་བ་ཊྭཱཾ་བཀོདདེ་བཟླ་སོ།། ལྷའི་སྐུ་དང་། ཟླ་བའི་དཀྱིལ་འཁོར་དང་། ཡི་གེའི ་ཕྲེང་བ་ལ་དུས་གཅིག་ཏུ་དམོགས་པ་ན་འཇུག་རྟེནན་ཟ་འོག་ལ་སོགས་པའི་གདོང་བ་ཝ་རོ་ལྟ་བུ་དང་འདྲག།། ཟླ་བ་དཀྱིལ་འཁོར་ཆུང་ངུ་ནང་དུ་མགའ་ཐོང་བ་ཇི་ལྟར་མང་བ་ཇི་ལྟར་བཀོང་ཅན། སེམས་གོམས་པ་རྣམས་ལ་མི་རུང་བ་མེད་དེ། ་ཆུ་ཉུང་ངུ་ཤིན་ཏུ་དང་བའི་ནང་དུ་ཉི་ཟླ་དང་། གཟའ་སྐར་ལ་སོགས་པས་བརྒྱན་པའི་ནམ་མཁའ་ཐམས་ཅད་སྣང་བ་བཞིན་ནོ།། རྒྱལ་པོ་ཞེས་པས་འཛིན་དུ་ཟད་དེ། གཞན་ཡང་ཁྲུས་ཀྱི་སྦྱོར་བ་བྱ་བའི་དབང་དུ་མཛད་ནས། མདོ་སྡེ་འདི་ཡི་གཟི་བརྗིད ་ཀྱིས།། སྲོག་ཆགས་དག་ནི་ཐམས་ཅད་ཀྱི།། མི་བཟད་པ་ཡི་ནད་རྣམས་ཀུན།། དེ་དག་ཐམས་ཅད་ཞི་བར་བལྟ།། ཚེ་དང་བསོད་ནམས་འཕེལ་བར་འགྱུར།། སྡིག་པ་ཀུན་ལས་རྣམ་པར་ཐར་ཞེས་གསུངས་ཏེ། དེ་ལྟར་བཟླས་བརྗོད་ཀྱི་གྲངས་ཚང་ནས ་ཕྱོགས་བཅུའི་ལྷ་རྣམས་དགའ་བར་བྱ་བའི་ཕྱིར་ཚིགསུ་བཅད་པ་ཡང་བསྒྲག་པར་བྱ་སྟེ། དབང་པོ་རྡོ་རྗེ་འཆང་བའི་ལྷ།། ལྷ་ཡི་རྒྱལ་པོ་གདོན་གྱི་བདག། ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ།། མེ་སྟེ ་སྲེག་བྱ་ཟ་བའི་ལྷ།། འབྱུང་པོའི་རྒྱལ་པོ་གདོན་གྱི་བདག། ཕྱོགས་མཚམས་གདོན་གྱི་ཚོགས་བཅས་ལ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ།། གཤིན་རྗེ་བེ་ཙོན་འཆང་བའི་ལྷ།། མ་མོའི་རྒྱལ་པོ་གདོན་གྱི་བདག། མ་མོའི་གདོན་གྱི་ཚོགས་བཅཝ་ཙ། ་ལ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ།། བདེན་དང་བྲལ་བ་ལེགས་ལྡན་ལྷ།། སྲིན་པོའི་རྒྱལ་པོ་གདོན་གྱི་བདག། སྣ་ཚོགས་བཅས་ཀྱི་ཚོགས་བཅས་པ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ།། ཞགས་པ་ཐོགས་པ་ཆུ་ཡི་ལྷ།། བདེན་པ་བསྲུང ་བ་གདོན་གྱི་བདག། ནུབ་ཕྱོགས་གདོན་དང་བཅས་པ་ལ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ།། རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ།། ཚིག་བསྲུང་གདོན་གྱི་བདག་པོ་སྟེ།། རླུང་གི་ཚོགས་ཀྱི་གདོན་བཅས་ལ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང ་འཚལ།། གནོད་སྦྱིན་ལག་ན་བེ་ཅོན་ཐོགས།། ནོར་བསྲུང་གདོན་གྱི་བདག་པོ་སྟེ།། ཏང་ཕྱོགས་གདོན་དང་བཅས་པ་ལ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ།། དབང་དང་ལྡན་པ་འདྲེན་པའི་ལྷ།། བསྲེགས་ཀྱི་རྒྱལ་པོ་གདོན་གྱི་བདག། དབང་ལྡན་ཕྱོགས་ཀྱི་གདོན ་བཅས་ལ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ།། འོག་གི་ཀླུ་སྟེ་ས་ཡཾ་ལྷ།། སོ་འཛིན་ལག་པ་ཆེན་པོ་སྟེ།། དམ་ཚིག་ཤེས་པའི་གདོན་བཅས་ལ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ།། སྟེང་གི་ལྷ་ཚིགས་ཐམས་ཅད་དང་།། ཟླ་བ་ཉི་མོ་གཟའ་ཆེན་དང་།། ་གཟའ་དང་རྒྱུ་སྐར་བཅས་པ་ལ།། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ།། དེ་ནས་ཤུ་ཏི་དང་བའི་རྣམ་ལྷ་ཆུ་དང་སྦྱར་བ་ལ་བདུད་རྩི་ཐབས་སྦྱོར་གྱི་སྔགས་གོང་དུ་སྨོས་པ་བཏབ་སྟེ། ཁྲུས་བྱེད་པའི་ལུས་བཀྲུས་ཏེ་དྲིལ་ནས་ཁྲུས་བྱས་ཏེ་གོས་སར་པ་བགོས་ནས ་དཀྱིལ་གྱི་སྒོར་འདུག་སྟེ། དེ་ལ་བསྲུང་བ་ཆེན་པོ་བྱའོ།། དེ་ནས་གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་བྱིན་ཏེ། དཀྱིལ་འཁོར་བསྐོར་དུ་བཅུག་ལ། གུས་པས་ཕྱག་བྱས་ལ། ཆོ་ག་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་རྩ་ཀུ་ཤ་བཀྲམ་པའི་སྟེང ་དུ་བདེ་བར་འདུག་ལ། གསང་སྔགས་བཟློས་པས་བུམ་པ་བླངས་ཏེ། གཟུངས་སྔགས་བཟླས་ཤིང་ཁྲུས་བྱེད་དུ་བཅུག་ལ་ཕྱི་ནང་གི་དྲི་མ་ཐམས་ཅད་མ་ལུས་པར་དག་པར་བསམ་མོ།། ཤིན་ཏུ་བདེ་ལེགས་དང་བཀྲ་ཤིས་དང་། རྒྱལ་བར་གྱུར་ཅིག་བྱ་བའི ་ཆོ་ག་དང་རོལ་མོའི་སྒྲ་སྐད་རབ་ཏུ་སྙན་པ་དང་ཡང་ལྡན་པར་འགྱུར།། ཡུངས་ཀར་དང་། ཞོ་དང་། དུར་བ་དང་མོ་ཁྲི་དང་། མོ་ལོང་དང་། དུང་ང་དྲིལ་བའི་འབྲས་བུ་དང་འགོ་ཝང་རྣམས་ཀྱང་སློབ་མའི་ནང་དུ་རབ་ཝཱ་རུ ་བཏིང་བའི་ནང་དུ་བཞག་སྟེ། དྲིས་བཀྐུ་ཤིས་འདོན་པའི་ལག་ཏུ་བཞག་ནས་རྫས་དེ་རྣམས་རེ་རེ་ནས་བླངས་ཤིང་སྦྱིན་ནོ།། དེ་ནས་བྱུ་བ་པ་བྱ་སྟེ། རྨ་བྱའི་སྟེང་དུ་ཟླ་བའི་སྟེ་ཧཱུཾ་གཟུངས་རིངས་བསམས་ལ། དེས་བྱ་བ་ཅིང་གི་ཟུངས ་རིངས་བརྗོད་པས་པ་ཤམས་ལ་ཆེ་གེ་མོའི་སརྦ་བྱ་ཏེ་ལ་སོགས་པ་སྦྱར་རོ།། དེ་ནས་བསྲུང་བ་བྱ་སྟེ། སྐུད་པ་ལ་བསྲུང་བ་བྱས་ལ་གདུགསོ་གཟུངས་རིང་སོ་བྲིས་ལ་དེ་ལ་རབ་གི་ནིས་བྱས་པ་གདགས་སོ།། དེ་ནས་ཡང་བསྲུང་བ་བྱ ་རྡོ་རྗེ་ཕྱེད་དེའི་ལག་ཏུ་བྱིན་ནས་ཞི་བ་དང་དགའ་པའི་སེམས་ཀྱིས་ལོང་ཞིག་ཅིས་བྱ་བོའི་ཚིག་ཀྱང་བརྗོད་པར་བྱའོ།། རྡོ་རྗེ་ཕྱེང་པོ་དེ་ལ་འཐུང་ནས་གདོན་ཐམས་ཅད་ལས་ཐར་ན་བྷཱུ་། ཟླ་བ་སྣ་གཅན་འཛིན་གྱིས་གཙུང ་བཾ་ལས་ཐར་པོ་བཞིན་དུ་ལུས་སྡིག་པ་དང་བྲལ་བའི་དབང་དུ་མཛད་ནས་སྡིག་པ་ཐམས་ཅད་བྱང་བྱས་ནསསྡུག་བསྔལ་ཐམས་ཅད་མེད་པར་བྱེད། རྒྱུད་དོ་ཅོག་གི་རྩུབ་སྟེ། དཔལ་ཀུན་གྱིས་ནི ་ལེགས་པ་སེམས་ཅན་དབང་པོ་ཉམས་པ་དང་།། ཚེ་ཟད་པ་དང་ཚེ་ཉམས་དང། ཕུན་སུམ་ཚོགས་མིན་གང་ཆགས་དང་།། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་།། མཛའ་སྡུག་སྐྱེ་བོ ་བྱ་ང། དྲམ་ཟེ་ལ་སོགས་གཅོས་པ་དང་། རྫུན་ཚུན་མཐུན་པ་མ་ཡིན་དང་། ནོར་འགྲིབས་པས་ན་གནོད་པ་དང་། མྱུ་དུན་ངལ་ལས་གནོང་བ་དང་།། འཇིགས་པ་དང་དུ ་འོངས་པ་དང་། གཟའ་དང་རྒྱུ་སྒྱུར་བྱུང་སེམས་དང་། མི་བཟང་གདོན་གྱིས་ཙྪིན་པ་ད་། མ་དྲན་མང་ལ་ལས་བྱུང་བ་ཡྀ། རྨི་ལ་མོ་སྡིག་པ་མཐོང་ན་ཡང་། ཚིག ་འདི་ཡི་ཕན་ཡོན་གྱིས། དེ་དགོ་ལས་ནི་ཐར་བར་འགྱུར། ཞེས་དགོངས་པའོ།། དེ་ནས་འབྱོར་ན་ཞི་བའི་སྦྱིན་སྲེག་བྱའོ།། ཡང་གཞན་དུ་ན་འདི་ལྟར་བྱའོ།། བྱ ་པྲ་དང་སྙི་རྗེ་ནི། མཉམ་པ་ལྡན་པར་བྱས་ཀྱང་རུངདེ་ཡང་ནི་དུ་ཤེས་བྱ་སྟེ། ནང་གི་སྐྱོན་སྲེག་དམ་ལི་ཡིན། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། དགེ་ཞལ་གོ། བཀྲ་ཤིས་། སརྦ ་