| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་བི་དཱ་ར་དྷཱ་ར་ནི་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། མ་ཤིགས་ཀུན་འཇོམས་རྡོ་རྗེ་འཛིན།། ཁྲོས་ཤ ་གཏུམ་པའི་སྐུ་མངའ་བ།། རྡོ་རྗེ་ཡོན་ཏན་རྫོགས་བཏུད་དེ།། དེ་ཉིད་བསྒྲུབ་པའི་རིམ་པ་བཤད།། དང་བརྟན་གཡོ་དང་ང་རྒྱལ་མེད།། སེར་སྣ་ཆུང་ཞིང་བླ་མ་གུས།། འདི་ལ་ལྷག་པར་ཆེ་དད་པས།། སྒྲུབ་པ་འདི་འབད་བདེ་ལེགས་ཤོག། དང་པོར་ཡིད་འོང ་ཕྱོགས་སུའང་།། འགྲོ་བ་བསྒྲལ་བའི་བསམ་པ་ཡིས།། རྟག་ཏུ་འདི་ལ་བརྩོན་པར་བྱ།། མཎྜལ་མཆོད་དང་གཏོར་མ་དང་།། ལུས་དང་པོ་ཡིས་རྣལ་འབྱོར་པས།། དམིགས་པའི་རྟེན་ཡང་བྲི་བར་བྱ།། རདེ་ཉིད་ཕྱི་ནང་ཁྲུས་བྱས་ཏེ།། ཁྱད་པར་དུ་ནི་ལུས་ཀྱི་ཁྲུས།། ་དྲི་ཡི་ཆུ་ཡིས་རྟག་ཏུ་བྱ།། བདེ་བའི་བསྟན་ལ་འདུག་ནས་ནི།། རང་ཉིད་ཟླ་བ་ས་བོན་བསམ།། དེ་ཡི་འོད་ཀྱི་བླ་མ་སོགས།། ནམ་མཁའི་ཕྱོགསུ་དམིགས་ནས་ནི།། བྱིན་གྱིས་བརླབས་པར་གསོལ་པ་བཏབ།། དེ་ནས་སེམས་ཅན་ཐམས་ཅད་ལ།། ལྷག་པར་བྱམས་པ་བསྐྱེད ་པར་བྱ།། དེ་བཞིན་སྙིང་རྗེ་དགའ་བ་དང་།། བཏང་སྙོམས་ཚུལ་བཞིན་བསྒོམ་པར་བྱ།། དེ་རྗེས་རྣམ་པར་མི་རྟོག་པའི།། རྡོ་རྗེའི་རང་བཞིན་བསྒོམ་པར་བྱ།། དེ་ལ་ཅུང་ཟད་དམིགས་ནས་ནི།། རྣམ་པ་རྟོག་པར་ལྡང་བར་བྱ།། གཟུགས་ལ་སོགས་པ་མི་དམིགས་ཀྱང་།། ་སྔགས་ཀྱི་སྒྲ་རུ་བསྒོམས་པར་བྱ།། དེ་རྗེས་རང་གི་ཤེས་པས་ནི།། སྔགས་ཀྱི་ཕྲེང་བར་བསྒོམ་པར་བྱ།། གསུང་གི་རྣམ་པར་རྫོགས་པ་ཡི།། ཕྲ་ཞིང་གསོལ་བའི་རྣམ་པར་རོ།། དེ་ནས་ཟླ་བའི་དཀྱིལ་འཁོར་དེ།། གསལ་ཞིང་ཆ་མ་འདྲེས་པར་བསམ།། དེ་ཡི་འོད་ཀྱི་འགྲོ་བ ་རྣམས།། རྣམ་པར་འཇོམས་པར་བྱས་ནས་ནི།། ཚུར་ལ་བསྡུ་བའི་ཚུལ་རྒྱས་ནི།། རང་སྐྱོང་རྣམ་པར་འཇོམས་པར་བསྒོམ།། ཞབས་གཉིས་ཆུ་འཛིན་དག་ལ་ནི།། གཡོན་བརྡུང་བ་ནི་རྣམ་པར་ཞུགས།། སཱུ་ནི་ཨིནྡྲནྡྲི་ཡ་དང་།། རྡོ་རྗེའི་སྙིདྨོ་དང་ཡང་མཚུངས།། མཆེ་བ་རྣམ ་པར་གཙིགས་པ་སྟེ།། སྤྱན་དམོར་འབྲལ་བ་ཁྲོ་གཉེར་བ་ནི། མགོ་སྐྱེས་དམར་སེར་གྱེན་འགྲེང་བྷ།། གསུས་པ་ཆེ་ཞིང་སྦྲུལ་གྱིས་བརྒྱན།། སྨད་ནི་བ་ཏིས་མནན་པ་སྟེ།། སྐུ་སྟོད་དར་ལ་ཡིས་དཀྲིས།། རིན་པོ་ཆེ་ཨོཾ་བུ་རྒྱན་ནན།། རང་གི་བདག་པོ་དབུ་ལ་གནས། ་གཡས་པརྒྱ་གྲམ་ཕྱོགས་སུམ་བསྣམས།། གཡོན་པ་སྡིགས་མཛུབ་ཐུགས་ཀར་འཛིན།། སྲོ་ཞིང་མཁྲེགས་པའི་སྐུ་དང་ལྡན།། འཇབ་ལྟར་གསལ་བའི་བདག་ཉིད་དུ།། བདག་ཉིད་རྟག་ཏུ་བསམ་པར་བྱ།། དམ་ཚིག་ཕྱག་རྒྱ་བཙང་བར་བྱ།། སྔགས་འདིས་བྱིན ་གྱིས་བརླབ་བྱ་ཞིང་།། གནས་ལྔ་རིག་ཏུ་བདུག་པར་བྱ།། ཨོཾ་བཛྲ་ཛྭ་ལཱན་ཡུ་སྭཱ་ཧཱ། དེ་ནས་རང་མདོག་ཕྱག་མཚན་དང་།། བློ་ཡིས་གསལ་བར་བསྒོམ་པར་བྱ།། གུས་ལ་བསྒྱུ་མའི་རང་བཞིན་དུ།། བདག་ཉིད་རྟག་ཏུ་བསམ་པར་བྱ།། དེ་ལོས་སྐྱོན་སྔགས་བཟླས་པ། ་དོནི་བྱི་དང་ནོང་གིའོ།། དེ་ལ་ནང་གཱི་བ་ཤད་བྱཱ་སྟེ།། རང་ཉིད་ཟླ་བ་རངས་པོམ།། དོ་ཡ~ཾ་ཐ་མ་གསང་སྔགས་རྒྱོལ།། མུ་ཏིག་འཇའ་དང་མར་མེ་ལྟར།། ཙཱ་བ་དེ་ལྡན་ཟླ་བོར་བསྒོམ།། དེ་རོལ་ཅུང་ཞིག་དམིགས་ནས་ནི།། ཡང་ནི་གསང་སྔགས་རྒྱལ་པོ་བཟླས།། དེ་དག་ནི་ན་མོ ་རཱ་ཏྲོ་སཱ་ཡ་ཞེས་པ་ནས། ཨམྲྀ་ཏེ་ཧཱུ~ཾ་ཐོས་པའི་བར་དུའོ།། དེ་ནི་སྒྲ་དང་བཅས་པའོ།། རང་སྣོང་ཚྭ་བ་ཚིགས་སྤྲོས་ཏེ།། ཀུན་ཀྱང་གས་སྔགས་རྒྱལ་པོ་བཟློས།། སྔགས་ཀྱི་འབྲུག་གྲོ་སྡ་བཅས།། ཕྱོགས་རྣམས་ཀུན་དུ་རྣམ་པར་སྷོ།། གདུག་ཅན་རྣམས ་དེ་བཞིན་སྤྲོ་ཞིང་བསྡུ་བ་ནི།། མཚོན་ཆའི་འཁོར་ལོ་དྲག་སྤྱོད་ལ།། ཞི་ལ་འོད་ཟེར་དཀར་པོ་སྟེ།། དབང་ལ་ལྕགས་ཀྱུ་དམར་པོའོ།། རྒྱས་པ་ལ་ནི་སེར་པོ་སྟེ།། དེ་ལྟར་ལས་དང་རྗེས་མཐུན་པར།། འོད་ཟེར་དག ་ཀྱང་སྤྲོ་བར་བྱ།། ཕྱི་ནི་ན་མཁའི་ཟླ་དཀྱིལ་དུ།། ཡི་གེའི་འཕྲེང་བ་བསམས་བྱས་ཏེ།། རྒྱུད་ལས་ཇི་སྐད་བཤད་པ་བཞིན།། སྒྲ་ལ་གནས་པའི་བསམ་གཏན་བྱ།། དེ་ལྟར་བསམ་གཏན་འབུམ་གྱི་བར།། སྔོན་དུ་བསྙེན་པ་བྱ་བའོ།། དེ་ལྟར ་བསྙེན་པ་རྫོགས་ནས་ནི།། ལས་རྣམས་ཀུན་ཏུ་སྦྱང་བུར་བྱ།། དེ་དག་རབ་ཏུ་བཤོད་པ་ནི།། རིག་སྔགས་བཅད་དང་བཅིང་བ་དང་།། ཕུར་བུས་གདང་ཅིང་མནན་པ་བྱ།། དེ་བཞིན་ནོར་སོགས་རྒྱས་པ་དང་།། སྡིག་སོགས་བཞི་དང་དབང་དུ་བྱ།། དེ་ལ ་དབང་དུ་བྱུ་བ་ནི།། བྷུ་རུ་དམར་འདྲའིས་གཞི་ལཾ།། མོ་མོ་པདྨའི་དབྱིབས་འདྲ་བའི།། ཐབ་ཁུང་དག་ནི་བཅའ་ཞིང་བསམ།། དེ་ནས་སྦྱར་བུའི་མེ་བུས་ཏེ།། མེ་མོ་ལྷོནི་བདག་པོ་ཉིད།། དམར་པོ་ལྗགས་ཀྱུ་ཐོགས་བསམས་ནས།། མངོན་བྱས་ནས་ནི་འོ ་ར་སྷོ།། གསང་སྡིགས་འཇུག་ལ་ལུས་སུན་གདགས།། སྐྱུར་བུའི་འབྲུ་དང་མོ་ཏོག་དམ་།། ཕུངས་དགུན་བཱནྡྷ་སྟོང་བསྔག་དེ་ཡིས་གླི་འདོད་དེ་བཞིན་ནོ།། བ་སྐུར་དཀར་བའི་ས་བ་ལ།། རྦརྒྱས་དྲ་ཛའི་ཐཱག་དྲུང་དུ།། ཅན ་དཀར་པོའི་མེ་སྦྱར་ཏེ།། རང་ལྷ་དཀར་པོ་བདུད་རྩིར་ལྡན།། དེ་ལ་སྐད་ཅིག་དམིགས་བྱས་ལ།། ཙན་དན་དཀར་བའི་འོ་མ་སྐྲག། དེ་བཞིན་དཀར་པོའི་རྫས་རྣམས་ལ།། དེ་བཞིན་ཡང་ནི་སྔགས་བཟླས་ཏེ།། ཇི་ཙམ་ནུས་པའི་སྦྱིན་བསྲེག་བྱ།། ས་རྦ ་སེར་ཞིང་འཕོས་པ་ན།། དབང་ཆེན་ལྟ་བུའི་དབྱིབས་སུ་བྱ།། མཁས་པས་ཐབསནྣི་བཅའ་བྱ་ཞིང་།། སྟར་ཀ་ཨ་རུ་རའི་མེ། ཆོ་ག་དང་བཅས་སྦྱར་བྱ་སྟེ།། འབྲས་བུར་བཅས་པའི་ཡམ་ཤིང་ལ།། དེ་བཞིན་པ་རུ་ལ་སོགས་ཀྱིས།། དབང་ཆེན ་ལ་གནས་བཅོམ་ལྡན་འདས།། གསེར་མདོག་འདྲ་ཞིང་དབང་ཆེན་འཕྲོ།། དེ་ལ་སྦྱིན་བསྐྱེ་གཽ་སྟོང་བྱས་ལ།། གང་དག་འདོད་པ་རྒྱས་པར་བྱ།། དེ་དག་ལས་ཀྱི་རིམ་པ་སྟེ།། རང་ཉིད་བསྙེན་པ་རྫོགས་པས་སུ།། གསང་སྔགས་རྒྱལ་པོ་རྗེས་དྲན ་བྱ།། གང་དག་གདོན་གྱིས་ཉེན་པ་ཡི།། ཆོ་ག་ལ་སོགས་བཤད་པར་བྱ།། དཀྱིལ་འཁོར་ལེགས་པར་བྱས་ནས་ནི།། བུམ་པ་རྫ་སོགས་ལྗོན་པར་བྲི།། གསང་སྔགས་བརྒྱད་གཅིག་བཟླས་ཏེ།། བསྒྲུབ་བྱ་དཀྱིལ་འཁོར་སྟེང་བཞག་སྟེ།། དེ ་ལ་ཁྲུས་ནི་ལན་གསུམ་བྱ།། བསྲུང་སྐུད་མདུད་པ་གསུམ་པ་ནི།། དཔུང་པོ་འམ་སྲིན་ལག་ངག་ལ་བཅིང་།། དེས་ནི་གྲོལ་བར་ཐེ་ཚོམ་མེད།། འཁོར་ལོ་དག་གིས་བསྲུང་བྱ་ནི།། རྩིབས་བཞིའི་མཚམ་སུ་མཚོན་ཚོར་ལྡན།། མུ་ཁྱུང་མེ་རི་རྡོ་རྗེ་སྱ་བསྐོར ་གུར་ཀུམ་གི་ཝཾ་དག་ལ་བྲིས་ནས་ནཱ~ཾ།། སྔ་དྲོ་ཆོག་ལྡན་པར་བསྲུང་བར་བྱ།། དེ་ལྟར་འདི་ནི་བསྲུང་བའི་རྒྱལ་པོ་སྟེ།། འགྲོ་བ་རྣམས་ལ་གསང་སྔགས་རྒྱལ་པོས་བརླབ།། དེ་རྒྱུད་དེ་དང་གཞན་ལས་གསུངས་པའོ།། ཨོཾ་བཛྲ་ཛྭ་ལཱ་ན་ཡ་སྭཱ་ཧཱ། ཨོཾ་ཙུརྱ ་ཙུ་རུ་ཙནྡྲ་ཀི་ལི་ཀཱི་ལ་ཡ་སྭཱ་ཧཱ།། ཨོཾ་པྲ་མ་ཡ་བཛྲ་ཀོ་ལི་ཀཱི་ལ་ཡཱ་སྭཱ་ཧཱུ~ཾ། ཨོཾ་ཧ་ར་ཧ་ར་བཛྲ་ད་ར་ཡ་སྭཱ་ཧཱ།། ཨོཾ་པྲ་ཧ་ར་པྲ་ཧ་རེ་བཛྲ་པྲ་བཱཉྫ་ན་ཡེ་སྭཱ་ཧཱ། བསྲུང་བ་ཡིའོ།། ནི་མོ་རཏ་ན་ཏྲ་ཡཱ་ཡ།། ན་མཤྩཎྜ་བཛྲ་པ་ཎ་ཡེ། མ་ཧཱ་ཡཀྵ་ས་ན་པ་ཏཱ་ཏྲེ། ་ཏདྱ་ཐཱ། ཨོཾ་སརྦ་བྱ་ཏི་སརྦ་བགྣིན། སརྦ་དུར་ས་མ་ནི། སརྦ་དུར་མི་ཏི། སརྦ་གྲ་ཧེ། སརྦ་ཛ་རེ། སརྦ་ཀ་ཡ་ལ་སྨྲི་དུ། སརྦ་ཨུ་པ་ཏྲེ་བེ་བྱ་སརྦ་ཤ་ཧཱུཾ། སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་ཀྱིའོ།། ཨོཾ་སརྦ་པུས་ཏ་ཡེ་བཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ་རྒྱས་པ་ཡིའོ།། ཨོཾ་བཛྲ་བཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་དབང་དུ་བྱའོ།། འདི་རྣམས་ལས་དང་མཐུན་པའི་སྔགས་ཁ་ལས་ཀྱང་ཤེས་པར་བྱའོ།། འདི་ནི་རྡོ་རྗེ་རྣམ་པར་འཇོམས་ཀྱི་སྦུབས་ཐབས་རྒྱུད་དང་འབྲེལ་པའི་ལས་དང་བཅས་པར་ཤེས་པར་བྱའོ།། གཞན་ཡང ་འདིར་མ་བཀོད་པ་རྣམས་བླ་མའི་ཞལ་ལས་ཤེས་པར་བྱའོ།། འདི་ནི་སྒྲུབ་ཐབས་ཀུན་གྱི་རྒྱལ།། རང་སེམས་མོས་པའི་རྗེས་འབྲེལ་བའི།། རྟོག་པ་དང་བཅས་སྒྲུབ་པ་ཐིབས།། རྣལ་འབྱོར་རྣམས་ལ་ཕན་བྱེད་ཡིན།། འདི་བྱས་བསོད་ནམས་དྲི་མེད་པ།། ཟླ་བ ་ཡར་ངོ་བཞིན་དུ་འཕེལ་གྱུར་པའི།། འགྲོ་རྣམས་མོས་པོའི་བྱེ་བྲག་འགྲུབ་འགྱུར་ཏེ།། རྣམ་པར་འཇོམས་པའི་སྐུར་འགྱུར་ཏེ།། རྣམ་པར་འཇོམས་པའི་སྐུར་འགྲུབ་ཤོག། རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ལས་དང་བཅས་པ་སློབ་དཔོན་ཡེ ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།། ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག། ཆོས་ཉིད་མཉམ་པོ་ཉིད་ལ་རབ་གནས་ཀྱང་།། ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་།། འདོད་དོན་གྲུབ་མ་ཐཱཧཱ ་