| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་བིདྱཱ་ར་ནཱ་མ་དྷ་ར་ཎི་མཎྜལ ་དྲཀྲི་ཡ་ཡ་ཐཱ་ཀྲམ་ནཱ་མ། བིདི་སྐད་དུ། རྣམ་པར་འཇོམས ་#པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ལག་ལེན་གོ་རིམས་ཇི་ལྟ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ ་ལ་ཕྱག་འཚལ་ལོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ན་ཡེ། རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་གས་རང་ངམ་འགྲོ་བ ་གཞོན་གྱི་གདོན་དང་ནད་རྣམས་ལས་གྲོལ་བར་འདོད་པའི་རྡོ་རྗེ་རིགས་ཀྱི་སྒྲུབ་པ་པོས། ཕྱུགས་ལྷས་སམ། ཤིང་གཅིག་དང ་ལྷ་ཁང་ངམ། ལམ་གྱི་གཞི་མདོ་འམ། ཁང་སྟོང་ངམ། ནགས་ཚལ་གང་ཡང་རུང་བར་བསམ་གཏན་གྱི་ཁང་པར་ཆག་ཆག་དང་བའི་རྣམ་ལྔ་དང་། སྤོས་དྲི་ཞིམ་པོས་བྱུག ་རིས་བྱས་ལ། མཎྜལ་དང་མཆོད་པ་ཐམས་ཅད་རྫོགས་པར་བཤམས་ནས། ཁྲུས་དང་འཐོར་འཐུང་དང་ཉེ་རེག་བྱས་ནས། སྟོད་གཡོགས་དང་སྨད་གཡོགས་གཙང་ཞིང་སར ་པ་གོན་ལ། ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་མཆོད་པ་བྱིན་གྱིས་བརླབས་ལ། ཡུངས་ཀར་ལག་ཏུ་ཐོགས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ནས་བིནྡྷ་བིནྡྷ་བཛྲ་ཧཱུཾ་ཕཊ། ཅེས་པའི་བར་དུ་ལན་གསུམ ་མམ་བཅུ་བརྗོད་དོ།། དེ་ནས་བུམ་པ་བཅའ་སྟེ། གསེར་དང་དངུལ་ལམ་མ་རྙེད་ན་ཟངས་སམ་ས་ལས་བྱས་ཀྱང་རུང་སྟེ། ལྟོ་བ་ཆེ་ལ་མགྲིན་པ་རིང་བ་ཞབས་ཞུ་པ་ཁ་གཡེལ་ག། ནག་པོ ་ར་རི་མེད་པ་གྲངས་ལྷ་གྲངས་དང་མཐུན་དྲུག་གམ། ཡང་ན་བདུར་ནམ་གཅིག་ཀྱང་རུང་སྟེ། གུ་གུལ་གྱིས་བདུགས་པ་དང་། ཡུངས་དཀར་གྱིས་བགེགས་བཟློག་ལ། དེར་འོ་མ་དང་ཆུ་ཉུང་ཟད་བླུགས་པ་དེར་རིན་པོ་ཆེ་རྣམས་དང་། དྲི་ལྔ་དང་། ་སྨན་ལྔ་དང་འབྲུ་ལྔས་དགང་ལ་མགྲིན་པ་གོས་ཀྱི་ཤིང་ལས་བྱུང་བའི་ཁ་ཚར་ཕུན་ཚར་མ་ཉམས་པའི་མཐིང་ཤུན་གྱིས་ཁཾ་བསྒྱུར་བ་འམ། དཀར་པོ་གསར་ཞིང་གཙང་བས་མགུལ་བ་བཅིངས་ལི། མེ་ཏོག་སྔོན་པོ་དང་བཅས་པས་ཁ་བརྒྱན་ལ་མགུལ ་པ་རས་ཀྱི་སྟེང་དུ་ཡུངས་ཀར་དང་། རྩ་ངུར་བ་ཉག་མ་བདུན་དང་བཅས་པ་དྲི་ཞིམ་པའི་མེ་ཏོག་ཕྲེང་བ་བཅིངས་ལ། མདུད་པ་ལ་ཧཱུཾ་བྲིས་པའི་བའི་ལྕི་བས་ལ་མ་ལྷུང་བས་སོ།། གདུགས་དང་བ་དན་ཀྱང་ངོ་།། དེ་ནས་མནྟལ་ཀྱི་སྟེང་དུ་བཞག་གོ།། ཡང ་ཁྲུས་དང་འཐོར་འཐུང་ཉེ་རེག་བྱས་ལ། ལས་ཀྱི་རྡོ་རྗེ་དང་། གསང་གདུབ་དང་། གདུབ་བུའི་ཚི་ག་རྣམས་བྱས་ལ། དིར་རང་གི་སྙི་གར་ཉི་མ་ལས་ས་བོན་ལྟས་པ་དེས་རིགས་གསུམ་འཁོར་དང་བཅས་པ་དམིགས་ལ། བདེ་བར་གཤེགས ་པ་དམ་པའི་ཆོས།། ཚོ་གས་ཚོན་བཅས་ལ་ཕྱག་འཚལ་ལོ།། གཏུམ་པོ་ཕྱག་ནི་རྡོ་རྗེ་ལ།། ཁྱད་པར་དུ་ཡང་ཕྱག་འཚལ་ལོ།། ཡིད་འོང་མཆོད་རྫས་ཇི་སྙེད་རྣམས།། རིགས་གསུམ་འཁོར་དང་བཅས་ལ་དབུལ།། འཁོ་བ་ཐོག་མ་མེད་པ་ནས།། ་ལྷ་སྡིག་པ་བགྱིས་པ་དང་།། བགྱིད་དུ་བརྩལ་དང་ཡི་རང་བ།། ཤིན་ཏུ་འགྱོད་པས་བཽ་ཤགས་ཤིང་སྡོམ།། བདག་དང་གཞན་གྱིས་གང་བགྱིས་པའི།། དགེ་བ་ཀུན་ལ་རྗེས་ཡི་རང་།། བྱང་ཆུབ་སྙིང་པོར་ཉེར་གནས་ཏེ།། གང་ཡང་བྱང་ཆུབ་མཆོག་རྟོག་པའི།། ་བདག་གིས་གསོལ་བ་རྒྱལ་བ་ཀུན།། འཁོར་ལོ་དམ་པ་བསྐོར་དུ་གསོལ།། བྱ་བ་ཐམས་ཅད་བྱས་ནས་ནི།། སངས་རྒྱས་མྱ་ངན་འདའ་བ་རྣམས།། བདག་གིས་གསོལ་བས་རྒྱལ་བ་ཀུན།། སངས་རྒྱས་མྱ་ངན་མི་འདའ་གསོལ།། ཕྱག་འཚལ་ལ་སོགས ་བསོད་ནམས་གང་།། ཇི་སྙེད་བདག་གིས་བགྱིས་པ་རྣམས།། ཇི་ལྟར་མགོན་པོ་མཁྱེན་པ་ལྟར།། བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོའོ།། དེ་ལྟར་རཾ་གྱིས་རང་མ་རྟོགས་པ་སྟོང་པར་བསམ།། ཨ་སེར་པོས་གསེར་གྱིས་བཞིར་བསམ།། དེའི་སྟེང་དུ་པཾ་ལས་འོ་མ་ཅན ་གྱི་རྒྱ་མཚོ་བསམ།། དེ་ནས་སུམ་ལས་རི་རབ་དེའི་སྟེང་དུ་བྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་པ་རྟ་བབས་དང་བཅས་པ།། དབུས་དང་མཚམས་བཞིར་འཁོར་ལོ་རྩིབས་བཞི་དང་ཕྱོགས་བཞི་ནི་གྲི་གུག་བཞིས་མཚན་པའོ།། དེའི་དབུས་སུ་རཾ་ལས་སྟོང ་པར་སོང་བའི་ངང་ལས་ཆོས་ཐམས་ཅད་རྡུལ་དང་བྲལ་བའི་སྒྲ་བྱུང་བར་བསམ། ཨོཾ་ཛྭ་ལ་ན་ཡ་སྭཱ་ཧཱ། དེ་ལས་སྣ་ཚོགས་རྡོ་རྗེས་དངོས་གཅིག་མེད་པ། དེ་ལས་རྡོ་རྗེ་རྣམ་འཇོམས་ཀྱི་སྐུར་གྲུབ། སྐུ་ཡོངསུ་རྫོགས་པ་ནི་སྐུ་མདོག་ལྗང་སྔོན་ཡིད་ཙམ་ཁྲོ་བ་གཡས ་ན་རྡོ་རྗེ་རྒྱ་གླུ་མ་ལ་ངོས་གཅིག་མེད་པ་ཐུགས་ཀར་འཛིན་པ། གཡོན་དཀུར་བརྟེན་ཅིང་འགྱིང་བ། མགུལ་རྒྱན་དང་དཔུང་རྒྱན་ལ་སོགས་པ་དང་ལྡན་པ། བསྟོད་གཡོགས་དར་ལ་སྨད་གཡོགས་ཚིག་གུ་ཅན་མནམས་པའོ།། ཨོཾ་ཙུ་རུ་ཙུ་རུ་ཙནྡ་ཀི་ལཱི་ཀཱི་ལི ་སཱ་ཧཱ། ཨོཾ་ཏྲ་ས་ཡ་ཏྲཱ་ས་ཡ་བཛྲ་ཀི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨོཾ་ཧ་ར་ཧ་ར་བཛྲ་དྷ་རོ་ཡ་སྭཱ་ཧཱ། ཨོཾ་པྲ་ཧ་ར་པྲ་ཧ་ར་བཛྲ་བྲྀ་བྷ་ཧྞ་ན་ཡ~ཾ་སྭཱ་ཏྲ~ཾ། ཞེས་པ་ལས། དབང་ལྡན་དང་མེ་དེང་སྲིན་པོ་དང་རླུང་རྣམས་ཀྱི་འཁོར་ལོའི་སྙིང་དུ་གོ་རིམས་བཞིན་དུ་རྡོ་རྗེ་གིདངས་པོ་དང་། རྡོརྗེ ་ཀ་ན་ཀ་དང་། རྡོ་རྗེ་བེ་ཅོན་དང་། རྡོ་རྗེ་ཐོ་བ་རྣམས་སོ།། དེ་རྣམས་ལ་གོ་རིམས་བཞིན་དུ་རྡོ་རྗེ་གཏུམ་མོ་དང་། རྡོ་རྗེ་ཀི་ལི་ཀཱི་ལ་དང་། རྡོ་རྗེ་བེ་ཅོན་དང་། རྡོ་རྗེ་ཐོ་བ་རྣམས་ཀྱི་སྐུར་གྲུབ་པོ།། ཁྲོ་བོ་རྡོ་རྗེ་གཏུམ་པོ་སྐུག་ནག་བཞིན་ཁྲོ་གཉེར་ཅན། གཡས ་པ་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱར་ཏེ་ཐོགས་པ།། ལྷ་ཐམས་ཅད་གཡོན་བསྟན་ནས་འགྱིང་པའོ།། རྡོ་རྗེ་ཀི་ལི་ཀཱི་ལ་ཡ་མདོག་ལྗང་ནག་ཁྲོ་གཉེར་ཅན།། གཡས་ན་རྡོ་རྗེ་རྩེ་གཅིག་པ།། རྡོ་རྗེ་བེ་ཅོན་མཐིང་ནག་ཁྲོ་གཉེར་ཅན།། སྨ་ར་སེར་པོ་ཅན། གཡས་ན་བེ་ཅོམ ་གྱི་རྩེ་མོ་རྗེས་མཚན་པོ། རྡོ་རྗེ་ཐོ་བ་མདོག་ནག་པོ་ཤིན་ཏུ་ཁྲོ་བ་མཆེ་གཙིགས་པ། གཡས་ན་རྡོ་རྗེ་ཐོ་བ་ཐོགས་པའོ།། དེ་ནས་མཆོད་ཡོན་ལག་ཏུ་ཐོགས་ཏེ། དད་པ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་གཤེགས་ཁྲོ་རྒྱལ་རྣམས།། བདག་གི ་མཆོད་ཡོན་བཞེས་ནས་ཀྱང་།། བདག་ལ་བྱིན་གྱིས་བརླབ་དུ་གསོལ།། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦྦ་བིདྷ་དྷ་ར་སྭཱ་ཧཱ། ཞེས་པས་མཆོད་ཡོན་གྱིས་སྤྱན་དྲངས་ལྔ་རང་ལ་བསྟིམས་ལ། ཕྱག་རྒྱ་གསུམ་གྱིས་རྒྱས་གདབ་སྟེ། གོང་མའི་སྔགས་ལྔ་བརྗོད་ཅིང་ལག་པ ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྲིན་ལོག་གཉིས་ནང་དུ་བཀུག་ལ་ཕན་ཚུན་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་བྱུང་བར་བྱས་ལ། གུང་མོ་གཤིབས་པའི་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་སྟེ། བར་ནས་གང་ཙམ་གྱིས་མ་རེག་པར་བྱས་ལ། ་མཐེ་བོང་གཉིས་གཤིབིས་པ་ནི་རྡོ་རྗེ་རྣམ་འཇོམས་ཀྱིའོ།། གཡོན་པ་ནི་བསྡིགས་འཛུབ་སྙིང་གར་གཞག་པ། གཡས་པ་སོར་མོ་གསུམ་བསྒྲེང་ལ་མཐེ་ཆུང་གིས་སེན་མོ་མཐེབ་མོས་མནན་པའོ།། ལག་པ་གཉིས་ཁུ་ཚུར་ནང་དུ་བཅིངས་ལ། ཅུང་ཟད་བསྣོལ ་བའི་ཚུལ་དུ་བཅུག་སྟེ། མཐེ་བོང་གཉིས་གྱེན་དུ་གཤིབས་ལ་བསྒྲེང་ངོ་།། ལག་པ་ཐལ་མོ་ཕྱག་འཚལ་བའི་ཐལ་མོ་སྦྱར་བ་ལས། མཐེ་བོང་གཉིས་བསྒྲེང་ཏེ་ཚོགས་བར་པ་བཀུག་ནས་སྲིན་ལག་གི་དྲུང་དུ་གཟུགས་སོ།། ལག་པ་གཉིས་ཁུ་ཚུར ་བཅངས་ཏེ་མཐེ་བོང་གཉིས་བསྒྲེངས་ཏེ་མཐུའུ་ཆུང་གཉིས་ནང་དུ་གཞུག་ཕྱག་རྒྱ་ཆེན་པོ་རྣམས་གོང་མ་བཞིན་བསྒོམས་པས་རྒྱས་གདབ། དེ་ནས་མཆོད་པ་དང་བསྟོད་པ་བྱ། དེ་ནས་བྲུཾ་ལས་རིན་པོའི་བུམ་པ་ལ་ནང་འོ་མཙྪ་གྱི་རྒྱ་མཚོ་ལས་པདྨ་འཁྲུངས་པར ་བསམས་ལ། པདྨའི་སྟེང་དུ་ཟླ་བ་རོ་དེའི་སྟེང་དུ་བསྔགས་ལྔས་ལྷ་ལྔ་བསྐྱེད་ལ་ཡཾ་ཤེས་ཀྱི་ལྷ་རྣམས་མཆོད་ཡོན་གྱི་སྤྱན་དྲངས་པ་བསྟིམས། ཕྱག་རྒྱ་གསུམ་གྱིས་རྒྱས་བཏབ་ནས་མཆོད་བསྟོད་བྱས་ལ། བུམ་པའི་སྟེང་དུ་བཞག་ལ། དེ་ལ་གཟུངས་ཐག ་བཏགས་ལ། རང་དང་ལྷའི་ཐུགས་ཀར་སྔར་གྱི་སྔགས་ལྔ་པོ་གང་བཟློས་པོ་གསལ་བར་དམིགས་ལ། ཕྲེང་བ་སྙིམ་པར་བཅུག་ལ་གཟུངས་ཐབ་ནས་བཟུང་ལ། ཨོཾ་བཛྲ་ཨ་ཙིནྡྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་ཕྲེང་བ་ལག་པ་གཡས་པས་བཟུང་ལ་སོ་སོའི་སྔགས ་བཟླས་པས་ཡི་གེ་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་ཡེ་ཤེས་སེམས་དཔའ་མཉེས་ཤིང་བུམ་པར་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་ཁེངས་པར་བསམ། ཐུན་རེ་ལ་གླལ་དང་སྦྲིད་པ་གསང་སྐབས་ལ་སོགས་པ་སྤངས་ལ་མ་ཡེངས་པར་འཛབ་དུ་དབུལོ།། གླལ་ལ ་སོགས་བྱུང་ན་ཁྲུས་སོགས་བྱས་ལ་བཟླས་པ་བསྒྱུར་ཡང་ན་ཀུན་ལ་ཐུན་མོང་དུ་ཡང་སྙིང་ཐུན་རེ་ལ་བརྒྱ་རྩ་བརྒྱད་དམ་ཇི་ལྟར་ནུས་པ་དབུལ། དེ་ནས་མཆོད་བསྟོད་བྱས་ལ། ཕྱི་རོལ་ཏུ་དབང་བཟངས་ལས་འབྱུང་བ་བཞིན་གཏོར་མ་བཏང་ལ། ལུས་ངག་གི་ཀུན ་།། སྤྱོད་བྱ།། ཐུན་གཉིས་ཕན་ཚོད་རང་ཁྲུས་སོགས་བྱས་ལ་མཆོད་བསྐྱོད་བཟླས་པ་བྱའོ།། མཐུན་ཐ་མ་ལ་མཆོད་བསྟོད་གཏོར་མ་བཏང་བའི་རྗེས་ལ་བཟོད་པར་གསོལ། སླར་ཡང་བདག་ལ་ངེས་པར་ནི།། རྗེ་སུ་བཟུང་བར་མཛད་ནས་ཀྱང་།། མགོན ་པོ་རིག་དང་སྔགས་བཅོས་པས།། ཅི་བདེ་བར་ནི་གཤེགསུ་གསོལ།། ཞེས་ཐབས་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ། ཁྲོ་བོ་བཞི་པོ་རང་ལ་བསྡུ།། རང་བདུད་རྩི་འཁྱིལ་པར་བསྒྱུར་ལ་ཉལ།། ཡང་མཐོ་རངས་ཁྲུས་དང་མཐོར་འཐུང་ཉེ་རེག་དང་ལས་ཀྱི་རྡོ་རྗེ་ཆོ་ག་ནས ་བཟུང་ཐམས་ཅད་སྔར་བཞིན་བྱས་ལ། མེ་ལོང་གི་ངོས་ལྟར་མཉམ་པ་ལ་རྣམ་ལྔ་དང་དྲི་ཞིམ་པོས་བྱུགས་ལས་བཟུང་བྱའོ།། དེ་ནས་ཁྲུས་དང་འཐོར་འཐུང་ཉེ་རེག་བྱས་ལ། ས་གཟུང་ཉི་མ་ནས་བརྩམས་ཏེ།། སློབ་མ་དཀྱིལ་འཁོར་འཇུག་གི་བར།། སློབ་དཔོན་རྟོགས་པར ་འཇུག་པར་བྱ།། དྲི་དང་བཅས་པའི་ཟས་བཟའ་ཞིང་། ཞེས་གསུངས་པས། བསྙུང་བ་ལ་གནས་པའམ། ཡང་དཀར་གསུམ་ལ་དྲིས་བསྒོས་པ་ཉུང་ཟད་ཙམ་བཟའོ།། དཀྱིལ་འཁོར་གྱི་དབུས་སམ་ནུབ་ཕྱོགསུ་ཀུ་ཤའི་སྟན་ལ་འདུག་སྟེ། ལྷ་དྲུག་གི་སྒོ་ནས་རང་ལྷ་ལྔར ་བསྐྱེད་ཅིང་ཡོ་ཤེས་བཅུག་ནས་རྒྱ་གསུམ་གྱིས་བཏབ་པ་ལ། ཤར་ཕྱོགས་ནས་སློབ་མ་འམ་ཡོན་གྱི་བདག་པོས་དབུས་ལ་སོགས་པ་བྱས་ནས་གོས་གཙང་ཞིང་གསར་པ་གོན་ལ་མེ་ཏོག་གི་ཕྲེང་བ་དྲི་ཞིམ་པས་བསྒོས་པ་ལག་ཏུ་ཐོགས་ལ་ཅོག་པུར་འདུག་སྟེ། མདོ ་སྡེ་དྲིམ་པ་མཉམ་པར་བྱ།། མདོ་སྡེ་འདི་ཡི་གའི་བརྗིད་ཀྱིས།། ཀློག་ས་ཎ་ལུ་པོ་ཐོད་སེཾ་ན་པ་རྦ་། དེ་ངས་། དང་མེ་དས་འཕེལ་བར་འགྱུར།། སྡིག་པ་ཀུན་ལས་རྣམ་པར་ཐར།། དེ་བས་རྡོ་རྗེ་རིག་མཆོག་གི། རྣམ་འཇོམས་དཀྱིལ་འཁོར་བཤད་དུ་གསོལ།། ཞེས་དང ་བུའི་དད་པ་དང་ལྡན་པས་ལན་གསུམ་གསོལ་བ་གདབ་བོ།། དེ་ནས་སྔགས་འཆང་འགྲེང་སྟེ། རང་གི་ལྷའི་འཁོར་ལོ་ན་མཁའ་ལ་བཏེག་ལ། བར་བདུད་རྩི་འཁྱིལ་པར་བསྒྱུར་ལ། མིག་ལ་ཧཱུཾ་བཀོད་ལ་ཉི་ཟླ་འབར་བྱ་ཞིང་།། རྐང་པ་གཉི་སུ་ཧཱུཾ་ལ་སྣ་ཚོགས་རྡོ་རྗེ་ཁ ་གྱེས་པར་བསམས་ལ།། སེ་གོལ་གྱི་སྒྲ་བརྡབས་ཤིང་ཁྲོ་བོའི་ལྷ་ཕྱོགས་མཚམས་ཐམས་ཅད་བལྟ་ཞིང་རྡོ་རྗེ་ལན་གསུམ་དུ་གསོར་ལ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་རྗེ་ཅན་གྱི་ཐབས་ཆེན་དེ།། ཞི་ཡང་སེམས་ཅན་གདུལ་དོན་དུ།། དྲི་མུ་མེད་པའི་ཁྲོ ་བོར་གྱུར།། བཅོམ་ལྡན་བདུད་རྩི་འཁྱིལ་བ་དེ་ལ་ཕྱག་འཚལོ།། བདུད་རྩི་འཁྱིལ་པའི་སྔགས་རིངས་བརྗོད།། དེ་ནས་སེང་ལྡེང་གི་ཕུར་བུ་སྟོང་བདུད་རྩི་འཁྱིལ་པའི་རྣམ་པ་ལ་སྨད་ཟུར་གསུམ་པར་འདུག་པ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་ནས། ཀྲོ་དྷ་ཀྲྀ་དྷ་ཀི་ལི་ཀཱི་ལ་ཡ ་སྭཱ་ཧཱ། ཞེས་བྱ་བའི་བར་ལན་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་དམ་མ་ནུས་ན་ལན་གསུམ་བཏབ་ལ། དབུས་དང་མཚམས་བཞིར་གདགཅོད་པན་དང་ཙན་དམར་པོས་ཐིག་ལེ་གསུམ་དང་གུ་གུལ་དང་། ཡུངས་ཀར་དང་། དྲི་སྔོན་དུ་འགྲོ་བའི་མཆོད་པ་ལྔ ་དང་། དབུའི་གཙུག་ཏོར་རྣམས་རྫོགས་པར་བྱའོ།། དེ་ནས་བརྟན་མ་ལྷག་གནས་བྱ་སྟེ། གཡས་པའི་སྲིན་ལག་གིས་ཧཾ་གིས་བཀུག་ལ། དྲི་སྔོན་དུ་སོང་བའི་རྣམ་ལྔས་མཆོད་ལ།། སྤྲོས་ཐོགས་ལ། སྐྱོབ་པ་སངས་རྒྱས་ལ་སོགས་ཀྱིས།། མཁྱེན་པ ་གསོལ་བ་ལན་གསུམ་བྱ།། དེ་ནས་ལྷ་ལྔའི་ས་དང་། ཕྱོགས་སྐྱོང་གི་གནསུ་དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་བྱས་ལ་ལྷ་སྔུ་ན་མཁའ་ནས་ཕེབ་ལ་བཞུགསུ་གསོལ། ཕྱོགས་སྐྱོང་རྣམས་ཡིད་ཙ་མ་མམ།། ཡང་ན་རི་རྒྱལ་གཉའ་ཤིང་འཛིན་གྱི་ཚུལ ་ལྟོནས།། ཕྱོགས་སྦྱོང་འཇོག་རྟེན་སྤྱོང་བ་བཞུག་སུ་འཚལ།། བསྟན་པ་རྒྱས་པའི་སླད་དུ་སྦྲུམ་རློམས་ལགས་འི་སླ་དུ་འདིར་གཤེགས་ཤིག། ཨེ་ཧྱེ་ང་ཤ་ལོ་ཀྲས་པ་ར་བཱ་ར་ས་མ་ཡ་སྟེ་ཞེས་བརྗོད་དོ།། ངོ་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད ་ཅིང་བསྟོད་པ་ཀུན་གྱིས་ཀྱང་བསྟོད་ལ།། བུམ་པ་མ་ཚང་པོ་འདིར་བཅའ་ཞིང་བུམ་པ་ལ་མཆོད་ལ་བརྒྱ་རྩ་བརྒྱད་ངམ་ཉི་ཤུ་རྩ་གཅིག་ཏུ་སྡེ་བ་མ་བཞིན་དུ་བཟླས་སོ།། ཡོན་བདག་དང་སློབ་མ་ཡང་ཁྲུས་ལ་སོགས་བྱེད་དུ་བཅུག་ལ། གསུམ་ལ་སྐྱབས་འགྲོ་སྦྱིན། གཏོར ་མ་བཏང་ལ་པུས་མྱོ་གཡས་པ་བཙུགས་ལ། དྲིལ་བུ་བསིལ་ཤིང་རྡོ་རྗེ་སྤྲོས་ཐོགས་ལ། རྡོ་རྗེ་རྣམ་འཇོམས་བཅོམ་ལྡན་འདས།། རིགས་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད།། རིག་རྒྱལ་ཁྲོ་བོའི་ཚོ་གོས་རྣམས་དང་།། གང་ཡང་གསང་སྔགས་ལྷ་རྣམས ་དང་།། འཇིག་རྟེན་སྐྱོང་བ་མཐུ་ཆེན་རྣམས།། མ་ལུས་བདག་ལ་དགོངསུ་གསོལ།། རྡོ་རྗེ་རྣམ་འཇོམས་དཀྱིལ་འཁོར་ནི།། འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། ཡོ་བྱང་ཅི་འབྱོར་པས་འབྲིན།། ཁྱོད་ཀྱིས་སྣང་བ་མཛད་པ ་དང་།། ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། ཞེས་ལན་གསུམ་བརྗོད།། ཉི་མ་འཆར་ཁེ་སྔགས་འཆང་གཡོག་དང་བཅས་པ་ཐིག་ཇི་ལྟ་བ་བཞིན་སྒྲུབས་ལ། ཡེ་ཤེས་ཀྱི་ཐིག་དང་ལས་ཀྱི་ཐིག་དང་། ཀུན་ལ་སློབ་དཔོན་ཁ་ནུབ་ཏུ་ལྟ་བ་ལྷག་མའོ།། སེང་ལྡོང་གི ་ཕུར་བུས་དབུས་སུ་བཏབ་ལ། སྲང་བུ་བསྟོད་པས་བསྐོར་ཕྱོགསུ། རྣམ་འཇོམས་ཀྱི་གནས་ཆ་ཆེན་གཅིག་ལ་བསྐོར། མུ་ཁྱུད་ཆ་བྲན་ལྔ་པ་བསྐོར། དེ་ནས་ལྷ་རྣམས་ལ་ཐུག་པ་ལ་འཁོར་ལོའི་མུ་ཁྱུད་ཆ་བྲན་གཉིས་བསྐོར།། དེ་ནས་ཕྱི་རོལ་རྡོ་རྗེ་བ་དང་། མེ་རི་རྟ་བབྲ ་མ་གརྒྱས་ལ་བསྐོར། ངནས་འགྲུས་ཏོག་ག་ཎྜལ་འཁོར་བ་ནྡྷ་བྱས་པ་མ་ཐོག་གདྷག་ཕྱོགས་བསོར་གྷོ་གླག་རོ་གད་ནས་ཚོན་བསྒྲུངས་ལ། ཕྱོགས་ཚོན་ལ་ཤར་དཀར། སྨྲྀ་སྟེར། རུང་དམར།། བྱང་ལྡང་། དབུས་མཛང་། ་འཁོར་ལོ་བཞི་དང་གྲི་གུག་སྔོ་ཀྱང་། པདྨ་རཱ་ག་དང་པོར་སྔོ།། དེའི་ཕྱི་རོལ་ལྗང་། དེའི་ཕྱི་རོལ་དམར། དེའི་ཕྱི་རོལ་སེར། ཀུན་གྱི་ཕྱི་རོལ་དཀར་པོ། དེ་ནས་འཁོར་ལོའི་དབུས་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་བྲིས་ལ། དབུས་རྡོ་རྗེ་རྒྱ་གྲམ་ལྗང ་སྔོན་ལ་དངོས་གཅིག་མེང་པ་བྲི། བྱང་ཤར་གྱི་རྩིབས་ལ་རྡོ་རྗེ་རྩེ་ལྔ་པོ་སྨུག་ནག། ཤར་ལྷོའི་རྩིབས་ལ་རྡོ་རྗེ་རྩེ་གཅིག་པ་ལྗང་ནག། ལྷོ་ནུབ་ཀྱི་རྩིབས་ལ་བེ་ཅོན་མཐིང་ནག། ནུབ་བྱང་གི་རྩིབས་ལ་ཐོ་བ་ནག་པོ་བྲི་འཁོར་ལོའི་མུ་ཁྱུད་དཀར་པོ་ལ། གྲུ་ཆང་ལྗང་གུ ་འབུམ་པ་བྲི། ལྷའི་སྣམ་བུར་ཕྱོགས་སྐྱོང་དགོད། དེ་ཡང་གསང་བའི་སྒོ་རྒྱུད་ལས།། བརྒྱ་བྱིན་གྱི་ནི་རྡོ་རྗེར་གསུངས།། མེ་ལྷའི་ཕྱག་མཚན་མ་ཐབ་ཡིན།། གཤིན་རྗེ་ཡི་ནི་བེ་ཅོན་ཏེ།། བདེན་བྲལ་གྱི་ནི་རལ་གྲི་སྟེ།། ཆུ་བོདག་གི་ནི་ཞགས་པར་བྱ།། རླུང ་ལྕེའི་ཕྱག་མཚན་རྒྱལ་མཚན་བསྣམས།། ཀུ་པ་ར་ཡིས་དབྱུག་སྔོམོ།། དབང་ཕྱུག་གཽ་ནི་ཏྲྀ་ཤུལ།། ས་ཡཾ་ལྷ་མོ་བུམ་པའོ།། ཉི་ཟླའི་ཕྱག་མཚན་དེ་ཉིད་དོ།། དེ་རྣམས་གདན་བྱས་པའི་སྟེང་དུ་དགོད་པར་བྱའོ།། དེ་ནས་སྒོ་བཞིར་ནུབ་ཀྱི་སྒོར་དབ ་བེའུ་དང་འཁོར་ལོ།། བྱང་གི་སྒོར་གདུགས་དང་རྒྱལ་མཚན། ཤར་གྱི་སྒོར་པདྨ་དང་བུམ་པ། ལྕེའི་སྦྱོར་དུང་དང་ཉ་བྲི། དེ་ནས་རྟ་བབས་ལ་སོགས་རྫོགས་པར་རོ།། དེ་ནས་དཀྱིལ་འཁོར་གྱི་གནས་པའི་རྣ་མོ་ལྔ་དང་དྲི་ཞིམ་པོས་ཉེ་བར་ཐུགས་ལ། ་རེ་དང་རྒྱལ་མཚན་དང་། བ་དན་དང་། ལྟབ་ལྷུབ་ཀྱིས་དཀྱིལ་འཁོར་གྱི་གནས་བརྒྱན་ཅིང་། མེ་ཏོག་གསིལ་ལ་གཏོར་ཞིང་མཆོད་པའི་ཡན་ལག་ཐམས་ཅད་བཤམས་ལ་དྲ་ཕུར་བྲེས་ལ། དེ་ནས་སྔགས་འཆང་བདག་ཉིད་ཁྲུས་ལ་སོགས་པ་ཐ~ཾད་ལ། ་ནུབ་སྒོར་རྩཝ་ཀུ་ཤའི་སྟན་ལ་འདུག་ལ། ལས་ཀྱི་རྡོ་རྗེའི་ཆོ་ག་དང་གསང་གདུབ་དང་གདུ་བུའི་ཆོ་ག་རྣམས་བྱས་ལ་མཎྜལ་པང་ལ་མཚན་མ་དང་སྟ་གོན་གྱི་ལྷ་བསྲེས་ལ། མེ་ཏོག་སྔོན་པོའི་ཕྲེང་བ་ཐོགས་ལ་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་། ཨོཾ་བཛྲ་ཛྭ་ལ་ན་ཡ་སྭཱ་ཧཱ། ཞེས ་བརྗོད་ཅིང་ལེན་གསུམ་གསུམ་བསྐོར་བ་བྱས་ལ། མེ་ཏོག་རྡོ་རྗེ་རྣམ་འཇོམས་ཀྱི་དབུ་ལ་ཕུལ། སླར་རང་གི་མགོ་ལ་བཅིངས་ལ། ནུབ་སྒོར་འགྲེལ་ལ་ཁྲོ་དོའི་བསྟོད་པ་བཏང་ལ། བགེགས་གང་ལ་ལ་ཞིག་སྔོན་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ། དངོས ་གྲུང་ཀྱི་བར་ཆང་རྩོམ་པ། རིག་པའི་རྒྱལ་པོ་དྲག་པོས།། རྡོ་རྗེ་རབ་ཏུ་འབུར་བུ་འདྲིས་མགོ་བོ་ཚུལ་བ་བདུན་དུ་འགས་སོ་ཞེས་བརྗོད་ཅིང་། ཨ་མོ་གྷཱ་བཛྲ། ཨེ་དྷེ་བཛྲ། ཞེས་པ་ནས། བཛྲ་རཱ་ག་ཛྭ་ལ་ཡ་སྭཱ་ཧཱའི་བཱ་ར་དུ་ལན་ཅིག་བརྗོད་པས་མཚམས་བཅང་། དེ་ནས་སྔགས ་འཆང་ནབ་སྐོར་ཀུ་ཤའི་གདན་ཉིད་ལ་བསྡད་ལ། དྲིལ་བུ་བསོལ་ཞིང་སྤོས་སྣོད་ཐོགས་ལ། ཡེ་ཤེས་བསྐལ་པ་མི་ལྟར་འབར་བའི་འོད། མ་རིག་འདོད་པའི་བདུད་ཁམས་ཐམས་ཅད་བསྲེགས། ཞེ་སྡང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་འཇོམས།། ལོག་འདྲེན་སྲིན ་པོ་མ་ལུས་འདུལ་བ་ཡིན།། དཔའ་བོ་དཔའ་མཚན་སྟག་ལྤགས་རློན་པ་གསོལ།། རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་གསོལ་འཚལ།། ལོག་འདྲེན་འཇོམས་པའི་སྤྱད་དུ་སྤྱན་འདྲེན་གྱིས།། འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགསུ་གསོལ།། བཛྲ་བི་དྷ་ར་མ་ཧཱ་ཀྲོ་དྷ་ས་པ་རི་བྷཱ་ར ་ས་མ་ཡ་སྟྭཾ་ཞེས་བརྗོད། དེ་ནས་མཆོད་ཡོན་ཕུལ་ལ། དམ་ཚིག་ལ་ཡེ་ཤེས་གཞུག་པ་ནི། མ་ཧ་སྠི་ར་བཛྲ། སུ་ཏི་སྠི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཞེས་པས་གཞུགསུ་གསོལ།། དེ་ནས་དམ་ཚིག་ཆེན་པོ་དེའི་ཕྱག་རྒྱ་བསྟན ་ཏེ། ལག་པ་གཡས་པའི་མཐེ་བོང་མཐེའུ་ཆུང་མནན་ལ་ལྷག་མ་རྡོ་རྗེ་རྩེ་གསུམ་པའི་ཚུལ་དུ་བསྒྲེང་བའོ།། ཨོཾ་ཤེ་ཀ་རེ་མཧཱ་ས་མ་ཡེ་སྭཱ་ཧཱ་ཞེས་བརྗོད་པ་ནི་དམ་ཚིག་ཆེན་པོའི་སྔགས་དང་ཕྱག་རྒྱ་གསུམ་གྱིས་གདབ།། དེ་ནས་བུམ་པ་སྔར་བཞིན་བཟླས་ལ ་གཞུག་གོ།། དམ་ཚིག་གསོ་སྟེ་ལག་པ་གཉིས་རྒྱབ་ཏུ་ཐལ་མོ་སྦྱར་བའི་ཚུལ་དུ་བྱས་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་སོ་སོར་འཁྱུད་ལ་ལྟེ་བའི་ཐད་ཀར་བཞག་ལ། ཨོཾ་བཛྲོད་བྷཱ་བ་ཡ་སྭཱ་ཧཱ། ཞེས་བརྗོད་པ་རྡོ་རྗེ་རིགས་ཀྱི་དམ་ཚིག་བསྐོར་ཞིང་གསོ་བའོ།། སྐུ ་ཁྲུས་གསོལ། མཆོད་ཡོན་ཕུལ། དྲི་སྔོན་དུ་འགྲོ་བ་རྣམ་ལྔ་དབུལ།། འདོད་ཡོན་དང་རིན་པོ་ཆེ་སྣ་བདུན་དང་། འཕྲ་མཆོད་དབུལ། དེ་ནས་བསྟོད་དེ། ཆོས་ཉིད་སྟོང་པ་གཉིས་མེད་དང་ཉིད་ལས།། འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་སྟེ།། ཐབས་ལ་མཁས་པ ་འཇིགས་བྱེད་སྐུར་སྟོན་པ།། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་ཞི་བའི་ངང་ལས་མ་གཡས་ཀྱང་།། སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན།། གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲ།། མ་ལུས་དབང་དུ་བསྡུད་ལ་ཕྱག་འཚལ ་བསྟོད།། ལྔ་ཡི་ཡེ་ཤེས་རོལ་པས་རབ་སྟོན་ཅིང་།། སྡིགས་པའི་མཚོན་ཆ་མང་པོ་ཕྱག་ན་བསྣམས།། ཉོན་མོངས་དུག་ཆེན་སྣ་ཚོགས་འཇོམས་མཛད་པ།། དུག་སྦྲུལ་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད།། ཧཱུ~ཾ་གཏུམ་ཆེན་འབར་བ་བསྐལ་པ ་མེ་ལྟར་འབར།། ཁྲོ་གཉེར་ཀློག་སྟོང་འོད་ཟེར་འགྱུ་བ་བཞིན།། རྔམ་པའི་ང་རོ་འབྲུག་སྟོང་བཞིན་དུ་སྒྲོགས།། ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད།། བསྐལ་པ་མེ་ལྟར་འབར་བའི་གློང་དཀྱིལ་ནས།། དཔའ་བོ ་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས།། ཉི་ཟླ་འབྲུ་བཱི་སྤྱན་གྱི་སྡང་མིག་གིས།། བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད།། དེ་ནས་དཔུང་བཟངས་ནས་འབྱུང་བ་བཞིན།། ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་བཅས།། ཞེས་བྱ་བ་ལ། ་སོགས་པ་དང་། དབང་པོ་རྡོ་རྗེ་འཆང་བའི་ལྷ་ཞེས་པ་ལ་སོགས་ཀྱིས་ཕྱོགས་སྐྱོང་ལ་གཏོར་མ་དང་བསྟོད་པ་བྱ། འབྱུང་པོ་གང་དག་རི་རབ་སྟེང་གནས་ལ་སོགས་ཀྱིས་འབྱུང་པོའི་གཏོར་མ་བཏང་།། དེ་ནས་གང་ཟག་དེ་ཁྲུས་དང་འཐོར་འཐུང་དང་ཉེ་རེག་བྱེད་དུ ་བཅུག་ལ་གོས་གཙང་མ་གོན་དུ་བཅུག། དཀྱིལ་འཁོར་དང་སྔགས་འཆང་གཉིས་ལ་ཕྱག་བྱེད་དུ་བཙུག་ལོ། ལག་ཏུ་མེ་ཏོག་གི་ཕྲེང་བ་དང་བཅས་པས། རིགས་སྔགས་འཆང་ཆེན་དགོངས་སུ་གསོལ།། བདག་ནི་སྡུག་བསྔལ་ལས་ཐར་ཕྱིར།། རྡོ་རྗེ་འཛིན་དེ ་འཁོར་བཅས་ལ།། བདག་ནི་གུས་པར་སྐྱབསུ་མཆི།། ཞེས་ལན་གསུམ་དུ་བརྗོད་དོ།། དེ་ནས་སྔགས་འཆང་གིས་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པར་བྱ་སྟེ། ཇི་ལྟར་སྔོན་ཚེ་བདེ་གཤེགས་པོ་བྲང་དུ།། གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི།། རྗེས་མཐུན་འཕྲིན་ལས ་ཁྱད་པར་གང་སྒོ་བ།། དམ་བཅས་ཕྲིན་ལས་དེ་ནི་གྲུབ་པར་མཛོད།། དེ་སླང་བགེགས་དང་ལོག་འདྲེན་ཚར་བཅད་ལྟར།། འགྲོ་བ་ཉམ་ཐག་འདི་ནི་གཟུང་བའི་ཕྱིར།། སྡུག་བསྔལ་ངེས་བསལ་བདེ་མཆོག་ལ་སྦྱར་བའི།། ཁྲོ་རྒྱལ་བྱེད་ཀྱིས་དེང་འདིར་བྱིན་བརླབས་གསོལ།། ། ་དེ་ནས་འགྲོ་བ་དེ་རྩཝ་ཀུ་ཤའི་སྟེང་དུ་བཞག་ལ། གདུགས་པའི་སྔགས་ཀྱིས་བགེགས་བསྐྲད་དེ། ན་མོ་རཏྣ་ཏྲ་ཡཱ་ཡ་ནས་ཧཱུཾ་ཕཊ་ཀྱི་བར་དུ་བརྗོད།། དེ་ནས་ལུས་བུམ་གྱིས་བཀྲུ་ཞིང་སྡིག་པ་ཐམས་ཅད་བྱང་བྱས་ནས། ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར་ཞེས ་བའི་བར་དུ་ཁྲུས་ཀྱི་ཕན་ཡོན་བརྗོད་ཅིང་བཀྲུའོ།། དེ་ནས་ཁྲུས་སའི་སྟེགས་བུ་གསུམ་པ་ལ་ཁྲུ་དོ་སྟོང་པར་དབུས་བཞག་ལ། ཁྲུ་ཕྱེད་ལྷ་རྣམས་ལ་ཕྱོགས་སྐྱོང་རྣམས་བཀོད་ལ་ཁྲུ་གང་ལ་རྟ་བབས་མེད་པའི་སྒོ་བཞི་བྲིས་ཏེ། དབུསུ་རྩཝ་ཀུ་ཤ་བཏིང་བར་འགྲོ་བ་དེར ་བཞག་པ་འམ། ཁྲུས་སའི་སྟེགས་བུ་མ་འབྱོར་ན། དཀྱིལ་འཁོར་གྱི་ལྷ་ལྔ་བུམ་པར་ཡིད་ཀྱིས་སྤྱན་དྲངས་ལ། རྨ་བྱའི་སྒྲོ་ལ་སོགས་པ་མཚན་མ་ལྔ་པོ་ཕྱིས་ལ། དེ་རྩ་ཀུ་ཤ་འམ་རས་དཀར་པོ་བཏིང་ལ། འགྲོ་བ་དེར་བཞག་ལ་བུམ་པ་རྣམས་ཐོགས་ཏེ། གང་ལ་སེར ་སྣ་རྣམས་ཆགས་པའི།། རྣམ་འཇོམས་དྲི་མེད་མཛྲ་པ་ཡི།། ཐུགས་ཞི་གནོད་པ་མི་མངའ་དེས།། ཁྱོད་ལ་བདེ་ལེགས་མཛད་པར་འགྱུར།། འདྲེན་པ་གང་ཞིག་འགྲོ་བ་རྣམས།། ཐར་པའི་ལམ་དུ་སྡུང་མཛད་ཅིང་།། ཆོས་རྣམས་ཐམས་ཅད་སྟོན་པ་དེས།། ཁྱེད་ལ་བདེ་ལེགས ་བྱེད་པར་འགྱུར།། སྟོན་པ་འགྲོ་བ་རྣམས་ཀྱི་རྟེན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གི་བདེ་བ་མངའ་མཛད་དེས།། ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར།། སྐྱོབ་པ་གང་གིས་བྱམས་པ་ཡི།། ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན་དུ་བརྟགས ་བསྐྱངས་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་གིས་འཁོར་བ་འཁོར་བ་ཡི།། སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།། གླིང་དང་དཔུང་གཉེན་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར།། སྟོན་པ་འགྲོ་བ་རྣམས་ཀྱི་རྟེན།། བརྒྱ་བྱིན་བཅས་པའི་ལྷ ་རྣམས་དང་།། འབྱུང་པོ་ཀུན་གྱི་བདེ་ལེགས་ནི།། ཁྱེད་ལ་རྟག་ཏུ་བྱིན་གྱུར་ཅིག། སངས་རྒྱས་བསོད་ནམས་མཐུ་དག་དང་།། ལྷ་རྣམས་ཀུན་གྱི་བསམས་པ་ཡིས།། ཁྱེད་ཀྱི་འདོད་དོན་གང་ཡིན་པ།། དོན་དེ་དེ་རིང་གྲུབ་འགྱུར་ཅིག། ཁྱེད་ཅག་ལམ་འགྲོ། ་བདེ་ལེགས་ཤོག། ཕྱིར་བོང་དག་ཀྱང་བདེ་ལེགས་ཤོག། ཉིན་མོ་བདེ་ལགས་མཚན་བདེ་ལགས།། ཉི་མའི་གུང་ལ་བདེ་ལགས་ཤོག། ཅེས་བརྗོད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་ནས་ན་མཿཙནྡྲ་བཛྲཱ་པཱ་ན་ཡེ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡ། ཨོཾ་ཛྭ་ལ་ན་མ་ཡ། ཤཱན ་ཏཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲོ་བོ་བཞིའི་སྔགས་དང་འབྲུ་སྦྲེལ་ལ་བཀྲུ། སྡིག་པ་དང་ནད་དང་གདོན་ལ་སོགས་པ་དག་པར་བསམས་ལ། ཤར་སྒོ་ནས་གཏོན་ལ་གསུམ་ལ་སྐྱབས་སུ་འགྲོ་བ་བྱིན་ལ་སྙིང་གར་རྡོ་རྗེ་རྣམ་འཇོམས་ཀྱི་ཕྱག་མཚན་བསྐྱེད་ཅིང་བཅུག་ལ་བཞག། ་དེ་ནས་སློབ་མ་རྡོ་རྗེའི་རྭ་འཛིན་དུ་བཅུག་ལ། ཡ་ག་ཙོག་ནས་སློབ་དཔོན་གྱིས་བཟུང་ལ། འགྲོ་བ་འདི་ལ་ང་ཡིས་བསྲུང་ཟིན་གྱིས།། ང་ནི་འདི་ལ་སུ་ཡང་གནོད་མི་བྱེད།། གལ་ཏེ་འདི་ལ་གནོད་པ་བྱས་གྱུར་ན།། མགོ་བོ་ཚལ་བ་བརྒྱར་ནི་འགས་པར་འགྱུར།། ཞེས་བརྗོད ་ལ། བསྲུང་བའི་འཁོར་ལོ་འམ་བསྲུང་སྐུད་གདགས། ཉི་མ་གཟའ་ལས་གྲོལ་བཞིན་དུ་ཆེ་གེ་མོ་འདི་ཡང་ནད་དང་གདོན་ལ་སོགས་པ་ལས་གྲོལ་བར་གྱུར་ཅིག། རྒྱལ་བར་གྱུར་ཅིག་མང་དུ་བརྗོད་ཙང་རོལ་མོ་མང་དུ་རྡུང་དུ་གཞུག་གོ། དེ་ནས་རས་དཀར་པོ་གཙང་མའི ་སྟེང་དུ་བཀྲ་ཤིས་ཀྱི་རྫས་རྣམས་བཞག་སྟེ། ཡུངས་ཀར་དང་། ངུར་བ་དང་། བིལ་བ་དང་། གི་ཝ་དང་། ལཾ་ཁྲེ་དང་། ཞོ་དང་། མེ་ལོང་དང་། དུང་གས་སུ་འཁྱིལ་བ་དང་། བརྒྱ་བྱིན་ཏེ། ཡུངས་ཀར་རྗེ་རྗེབོ་རིགས་ཏེ་ཐམས་ཅད་དུ།། བོ་གེ་གོས་རྣམས་མ་ལུས་འཇོམས་པར་བྱེད་པའོ།། ་མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་འགྱུར་བར།། བཀྲ་ཤིས་དེས་ཀྱང་ཐམས་ཅད་ཞི་བར་འགོག། དུར་བས་ཚེ་ནི་འཕེལ་བར་བྱེད་པས་སྟེ།། རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས།། ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི།། བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤློག། ་བིལ་བས་རྒྱུ་རྐྱེན་འབྲས་བུར་གྱུར་པའི་ཆོས།། འཇིག་རྟེན་པ་ལས་འདས་པའི་སྤྱོད་པ་ཀུན།། བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི།། བཀྲ་ཤིས་དེས་ཀྱང་མཆོག་ཏུ་གྲུབ་གྱུར་། གི་ཝང་དུག་གསུམ་འཇོམས་པའི་ནད་ཀྱི་སྨན།། ཆོས་ཀྱི་ཆོས་ཉིད་རབ་ཏུ་རྟོགས་ནས་ནི།། ཉོན ་མོངས་ཟུག་ནུ་མེད་པར་གྱུར་པ་ཡི།། བཀྲ་ཤིས་དེས་ཀྱང་སྡུག་བསྔལ་བྲལ་གྱུར་ཅིག། ལྀ་ཁྲི་དམར་པོ་དབང་གི་རང་བཞིན་ཏེ།། ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་།། ཆོས་ཀྱི་རྒྱལ་སྲིང་རབ་བརྟན་གྱུར་པ་སྟེ།། བཀྲ་ཤིས་ངེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག། ཞོ་ནི ་ཀུན་གྱི་སྙིང་པོར་གྱུར་པ་སྟེན།། སྙིང་པོ་རྣམ་དག་ཡེ་ཤེས་རྣམི་རྟོགས་ནས།། ཡོན་ཏན་ཆོས་ཀྱི་དབྱིངས་སུ་གྱུར་པ་ཡི།། བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་འོ་ནག། མེ་ལོང་ཡེ་ཤེས་ཆེན་པོའི་རྒྱ་མཚོ་ཡིས།། ཡེ་ཤེས་རྒྱ་མཚོ་མཆོག་ཏུ་བདག་གྱུར་ཏེ།། རྣམ་དག་ཆོས ་ལ་ཐོགས་མེད་ལོངས་སྤྱོད་པའི།། བཀྲ་ཤིས་དེས་ཀྱང་དེང་ཁྱོད་དགའ་གྱུར་ཅིག། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ།། ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ཏེ།། ཆོས་རྣམས་མ་ལུས་ཡོངསུ་སྟོན་པ་ཡི།། བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག། ཅེས་བླངས་ལ་སློབ ་མ་ལ་ཀཱིན་ནོ།། དེ་མ་འབྱོར་ན་དཀར་གསུམ་ཙམ་མམ་འབྲས་ཅན་ལ་བཀྲ་ཤིས་བརྗོད་ལ་སྦྱིན། སློབ་མས་ཀྱང་འབྱོར་ཚད་ཀྱིས་མཆོད་སྦྱིན་བྱ། དེ་ནས་སླར་བུམ་པའི་ལྷ་དང་དཀྱིལ་འཁོར་དང་བུམ་པའི་ལྷ་ལ་གང་ཡང་བདག་བློ་གཏི་མུག་ལ་སོགས་ཀྱིས་བཤགས།། ་ཨོཾ་ཁྱོད་རྗེས་སེམས་ཅན་དོན་ཀུན་མཛད།། ལ་སོགས་ཀྱིས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་རྣམས་རང་ལ་བསྡུས་ལ་རང་བདུད་རྩིལ་ཁྱིལ་བར་བྱའོ།། དེ་ནས་ཆོས་ཐམས་ཅད་ན་གདོང་མ་ནས་དག་བྱའོ།། ་རརླུང་བཞིན་གྱིས་ཞི་བའོ།། ཞེས་བརྗོད་ཅིང་རྡུལ་ཚུན་ཕྱགས་ལ་བུམ་པ་དང་། དམན་པ་རྣམས་ཆུ་བོ་འམ་གནས་མཐོན་པོར་བསྔལ་ལོ།། དམ་པ་རྣམས་ཀྱི་གཞུང་བཟུང་ནས།། སྣ་ཚོགས་རྒྱུད་ལ་རབ་བརྟེན་ཏེ།། རྡོ་རྗེ་རྣམ་པར་འཇོམས་པ ་ཡི།། དཀྱིལ་འཁོར་ཆོ་ག་ལྡན་པ་ཡི།། ཁྲུས་ཀྱི་ཆོ་ག་བརྩམས་པ་ལས།། དྲི་མེད་དགེ་བ་གང་ཐོབ་དེས།། འགྲོ་ཀུན་སྡུག་བསྔལ་ཞི་ནས་ཀྱང་།། ལམ་མཆོག་རྣམས་ལ་ཞུགས་གྱུར་ཅིག། རིག་སྔགས་འཆང་གི་སློབ་དཔོན་རཏྣ་ཤཱི་ལས ་མཛད་པའི་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་གཞན་ལ་ཕན་པ་ཞེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བཛྲ་བྷོ་དྷི་དང་། ་ལོ་པ་ཚུལ་དགོ་རིམ་ཆེན་གྱིས་བསྒྱུར་བའོ།། ། @་། ་