CLOSE WINDOW

GT1763: phyag na rdo rje gos sngon po can gtum po zhes bya ba'i sgrub thabs
Wyliee-texts produced with BDRC’s OCR application

བྱོས་གསད་པའི་ཕྲིན་ལས་སློབ་དཔོན་ཆེན་པོ་ས་བ་རི་པས་མཛད་པ་རྫོགས་སོ།། ། ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ནཱི་ལཱཾ་བར ་བཛྲ་དྷཱ་ར་བཛྲཱ་པཱ་ཎི་རོ་ཥ་སཱ་དྷ་ནཱཾ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གཏུམ་པོ་ཞེས་བྱ་བའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། གཡོན་བརྐྱང་ཟླ་བའི་གདན་ལ་བཞུགས།། རྡོ་རྗེ་བསྣམས་ཤིང་ཀླུ་རྣམས་འདུལ།། རྒྱན ་ལྡན་ཁྲོ་བོའི་རྒྱལ་ལ་འདུད།། ཇི་ལྟར་རྟོག་པ་རྒྱུད་ལ་བརྟེན་ནས་བྲི།། སྙིང་པརྩི་ཤེས་རབ་དང་དང་ལྡན།། དབང་དང་རྗེས་གནང་སྒྲུབ་པ་པོསོ།། གནས་ཁང་མེ་ཏོག་གཅལ་བཀྲམ་ནས།། བདེ་བའོ་སྟན་ལ་ཉེར་འདུག་སྟེ།། རྗེ་བཙུན་ལ་སོགས་སྤྱན ་དྲངས་ནས།། མཆོད་ཅིང་སྡིག་བཤགས་ལ་སོགས་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་རང་སེམས་ཧཱུཾ་དུ་བསམ།། འོད་འཕྲོས་གྱུར་དང་ས་གཞིར་བསམ།། དེ་ནས་བྲུ་ལུས་གཞལ་ཡས་ནི།། རྡོ་རྗེ་སྔོན་པོ་ལྟེ་བར་བཅས།། གྲུ་བཞི ་སྤྲོ་བཞི་ཟླ་བའི་གྲང་ནཱ།། ཧཱུཾ་ལས་རྡོ་རྗེ་སྐུ་བསྐྱེད་དོ།། བརྐྱང་བསྐུམ་ལྗང་ནག་རྡོ་རྗེ་གཡས།། སྦྲུལ་དང་སྟག་ལྤགས་བསྡིགས་པཔོ་གཡོན།། ཁྲོ་བོའི་ཞལ་མདོག་ཐུགས་ནི་ཧཱུཾ།། དེ་ལས་ཁྲོ་བོ་བཞི་པོ་འཕྲོས།། ཁམས་གསུམ་རྒྱལ་བ་ཤིན་ཏུ་ཁྲོས། རྡོ ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ།། སྒོ་བཞི་དག་ཏུ་བསམ་པར་བྱ།། སྐུ་མདོག་ལྗང་ནག་པུར་བུ་བསྣམས།། ཟླ་བའི་གདན་ལ་བརྐྱང་བསྐུམ་བཞུགས།། ཡེ་ཤེས་ལ་སོགས་སྤྱན་དྲངས་བསྟིམས།། སྐུ་གསུང་བྱིན་བརླབས་གནས་དྲུག་བསྲུང་།། ཨོཾ་ཙཎྜ ་མཧཱ་རོ་ཥ་ཎཾ་ཧཱུཾ་ཕཊ། པྲཛྙཱ་ཏ་ཀྲིཏ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་ཕཊ། ཏཱ་ས་ཡ་ཏཱ་སྭ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཕཊ། ནཱ་མཿཙཏྟ་ཨ་མོ་གྷ་ཀཱི་ལི་ཀཱི་ལ་ཡ་ཕཊ་ཅེས་བཟླས་པར་བྱའོ།། གཏོར་མ་ནི་ཨོཾ་ཧཱུཾ་ཧྲཱིཿཞེས་པས་བྱིན་གྱིས་བརླབ་བོ།། ་རྩ་བའི་སྔགས་ཀྱིས་དབུལ་བར་བྱའོ།། དམ་པའི་བྱིན་བརླབས་ཕན་པ་ཆེན་པོ་ཐོབ།། འབྲས་བུ་ཉེ་བ་ཉིད་དུ་འགྲུབ་འགྱུར་ཏེ།། བླ་མའི་ཞལ་གྱི་བདུད་རྩི་འདི།། བདག་གིས་འཐུངས་ནས་གཞན་ཕྱིར་བརྩམས།། བདག་གིས་སྒྲུབ་ཐབ་འདི་བྱས ་པས།། བདག་དང་མཐའ་ཡས་སེམས་ཅན་རྣམས།། བར་ཆད་ཐམས་ཅད་རབ་ཞི་སྟེ།། ཕྱག་ན་རྡོ་རྗེ་འདྲ་བར་ཤོག། ཕྱག་ན་རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས་ཨོ་ཌྱན་གྱི་སློབ་དཔོན་ཨ་མོ་པ་ན་དྷ་ཞེས་བྱ་བས་མཛད་པ་རྫོགས་སོ།། ་པཎྜི་ཏ་བ་པུདྡྷ་མ་ཏི་དང་། ལོ་ཙ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ། རྒྱག། ར་སྐད་དུ། ཧོ་མ་བི་དྷི། བོད་སྐད་དུ། སྦྱིན་སྲེགཽ་གི་ཆོ་ག། འཕགས་པ་འཇམ་དཔོལ་ལ་ཕྱག་འཚལ་ལོ།། མཱི་གཡོ་གཏུམ་པོ ་གཟུགས་སུ་སྣང་།། སྡུག་བསྔལ་བསྒྲུབ་ལ་ཕྱག་འཚ་ལྡི་འདུད།། རྣལ་འབྱོར་པ་ལ་ཕན་བྱའི་ཕྱིར།། སྦྱིན་སྲག་རིམ་པ་བཤད་པར་བྱ།། བཀྲ་ཤིས་གནས་སྨྲ་སྭ་བརྟག་སོགས།། ཕྱག་ན་རྡོ་རྗེས་བྱིན་བརླབས་བྱ།། ཐབ་ནི་ཟླུམ་པོ་ཁྲུ་གང་ཚད ་དབུས་སུ་རྡོ་རྗེ་སྔོན་པོས་མཚན།། བུང་ཡོང་ཁྲུ་གོང་ཡམ་ཤིང་ནི།། མཛུབ་གང་མདོག་དཀ་རོ་ལ་འང་བ་རྒྱས།། དཀར་གསུམ་ལ་སོགས་མཆོད་རྗེས་བསག། དྲི་ཞིམ་ཆུ་དང་མེ་ཏོག་བཅོས།། དགང་བླུགས་ཚད་དྲོ་བྱིབས་རྒྱུ་རྣམས་མཐུན།། ་