CLOSE WINDOW

GT1760: rdo rje rnam par 'joms pa zhes bya ba'i gzungs kyi man ngag
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཨུ་པ་དེ་ཤ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་མན་ངག། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། འདིར་ཐ ་མའི་མན་དྲག་གིས་ལས་ཀྱི་ཚོགས་ཅུང་ཟད་དྲན་པ་རྣམས་དགོད་པར་བྱའོ།། དེ་ལ་ལས་ཀྱི་རྣམ་པར་དབྱེ་བས་མང་མོད་ཀྱང་འདིར་ནི་ཕྲིན་ལས་བཅོ་བརྒྱད་ལས་མ་གསུངས་པས་བཅོ་བརྒྱད་ལས་མ་གསུངས་པས་དེ་དག་གི་དོན་ཀྱང ་བསྡུ་ན་གཉིས་ཉིད་དེ། ཕན་གདགས་པས་རྗེས་སུ་གཟུང་བའོ།། དེ་དག་ཀྱང་ཞི་བ་ལ་སོགས་པ་བཞི་སོ་འགྲུབ་པར་འགྱུར་ལ་ཕྲིན་ལས་ཀྱང་སྒྲུབ་པོ་ཆེང་དང་ལྡན་པས་ཡིན་གྱི་གཞན་དུ་ན་དོན་མེད་པར་འགྱུར་རོ།། ཐོག་མར་སྔགས་པ ་སྙིང་རྗེ་ཆེན་པོས་བསྐུལ་བའི་བསྙེན་པ་ཡོངས་སུ་རྫོགས་པར་བྱས་ལ་དེའི་ལས་དང་མཐུན་པའི་འཁྲུལ་འཁོར་བྲི་བར་བྱའོ།། དེ་ཡང་ཞི་བའི་འ་ཁྲུལ་འཁོར་ནི་དཀར་པོ་ཕྱོགས་ཀྱི་ཆོས་གང་ཡང་རུང་བ་ལ་རས་ཤིང་ཤུན་ལ་སོགས ་བ་གཱཞྀ་དཀར་པོ་ལ་པདྨཱ་རྒྱས་པ་ལྟ་བུའི་རྩིབས་བརྒྱུད་པའི་འཁོར་ལོ་གུར་ཀུམ་ལ་སོགས་པས་གཙང་སྦྲ་ལ་གནས་པར་བྱའོ།། དེའི་ལྟེ་བ་ལ་ན་མོ་རཏྣ་ཏཱ་ཡཱ་ཡཱ། ནཱ་མཿཙཎྜ་བཛྙཱ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་སྤེལ ་ལ་བྲིའོ།། རྩིབས་རྣམས་ལ་རིམ་པ་བཞིན་དུ་གནོད་པར་བྱེད་པ་རྣམས་ཏྭ་ཊ་ཏཱ་ཊ་ཏྲོ་ཊ་ཡ་ཏྭོ་ཊ་ཡ་ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་བྲིའོ།། དེའི་མུ་ཁྱུད་ཕྱི་མ་ལ་ཡང་སྙིང་པོ་བྲི་བར་བྱས་ཏེ། སྔགས་དེ་ཐམས་ཅད་མགོ་ཕྱིར་བསྟན་པའི།། ཇི་ལྟར ་བྲིས་པའི་འཁྲུལ་འཁོར་དེ་ལ་སྔགས་པས་འདི་ལྟར་ལས་ལྔ་སྦྱར་བ་བྱ་སྟེ། རང་ཉིད་ཡུད་ཙམ་གྱི་ལྷར་བསམས་ལྔ་མདུན་གྱི་ན་མཁའ་ལ་བཅོམ་ལྡན་འདས་རྣམ་པར་འཇོམས་པ་བསྐྱེད་ལ་གསོལ་བ་གདབ་པ་ནི་བཅོམ ་ལྡན་འདས་ཐུགས་རྗེ་ཆེན་པོ་ཁྱོད་ནི་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ན་དྲི་ཆེ་གེ་མོ་འདིའི་གནོད་པ་འདི་དག་ཉེ་བར་ཞི་བར་བྱིན་གྱིས་བརླབ་དུ་གསོལ་ཞེས་ངག་གམ་ཡིད་ཀྱིས་ལན་གསུམ་གསོལ་བ་གདབ་པར་བྱ་སྟེ་ར་ཀྱི་ཚིག ་ལ་ཕྲིན་ལས་གཞན་ལ་ཡང་སྦྱོར་བར་བྱའོ།། དེ་ལྟར་གསོལ་བ་བཏབ་པས་བདག་དད་བསྒྲུབ་པ་ལ་བྱིན་གྱིས་བརླབས་ནས་འདི་ལྟར་འདོད་པ་གྲུབ་པར་བསམས་ཏེ། སླར་ཡང་བཅོམ་ལྡན་འདས་འཁྲུལ་འཁོར་གྱི་ལྟེ་བ་ལ་བཞུགས་ཏེ་རྒྱན་མི་འཚོང་པར་བྱིན་གྱིས ་བརླབས་པར་བསམས་ལ་སྤེལོ་བ་དང་བཅས་པའི་བཟླས་པ་བྱའོ།། ཟིན་པ་དང་མཆོད་དེ་བསྡོང་པོ་ཡང་བྱས་ཐམས་ཅད་ཞུ་བ་དང་བཅོམ་ལྡན་འདས་ཀྱི་ཐུགས་པདྨ་རྒྱས་པ་ལྟ་བུའི་ཐུགས་ཀར་བསྒྲུབ་བྱ་ཆུད་པས་མཆོག་ཏུ་བདྲི་ཞིང་གནས་པར་བསམས་ལ། ་དེ་བཞིན་ཉིད་ཀྱི་བློས་མེ་ཏོག་ལ་ཡང་སྙིང་པོ་ཅི་ནུས་པར་བཟླས་ལ་འཁོར་ལོ་ལ་གཏོར་བར་བྱའོ།། དེ་ནི་རབ་ཏུ་གནས་པ་ཞེས་བྱ་སྟེ་འཁོར་ལོ་དྲིལ་ལ་བསྒྲུབ་བྱ་ལ་བཏགས་ཏེ། དེ་ལ་འགོམ་པར་མཽ་བྱ་བ་ནི་དམ་ཚིག་གོ།། སེམས་ཅན་ཐམས་ཅད་གཞི ་བར་བྱེད་པ་དང་། ཞི་བ་དང་བསྲུང་བ་སྟེ། ལས་གསུམ་དང་འབྲེལ་པའི་ཞི་བའི་འཁྲུལ་འཁོར་གྱི་རྣམ་པར་དབྱེ་བ་རྫོགས་སོ།། །། ཇི་ལྟར་སྔར་བསྟན་པའི་ཚུལ་གྱིས་བར་གྱི་ཚིག་འདིས་སྤེལ་ལ་འདིར་ཡང་སྦྱར་ཏེ་རྒྱས་པའི ་འཁྲུལ་འཁོར་ནི་གཞི་སེར་པོ་ལ་རིན་པོ་ཆེའི་ཕུང་པོ་ལྟ་བུའི་དབྱིབས་ཅན་བྲིས་ལ་མིང་འདི་ཞེས་བྱ་བའི་ཆེ་གེ་མོ་རབ་ཏུ་གནས་པར་རྒྱས་པར་མཛོད་ཅིག་ཅེས་སྤེལ་བར་བྲི་ཞིང་མུ་ཁྱུད་ཕྱི་མ་ལ་ནི་ཡང་སྙིང་པོ་བྲིའོ།། དེ་ནས་གདབ་པ་ལ་སོགས་སྔར་བཞིན ་ནོ།། དེ་ལ་འདིར་ཁྱད་པར་གྱི་གདམས་དགྲ་ནི་འདི་ཡིན་ཏེ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ཞེས་གསུངས་པའི་ཕྱིར་ན་ཡོ་བྱད་དོན་དུ་གཉེར་བས་ནོར་གྱི་བདག་པོ་ལ་བསྐུལ་བར་བྱའོ།། དེ་ཡང་འཁྲུལ་འཁོར་གྱི་སྦྱོར་བ་སྤངས་ནས་ཡན་ལག་བརྒྱད ་དང་ལྡན་པའི་ཆུ་ཙོ་ལ་སྤོས་ལ་སོགས་པའི་དྲི་སྩལ་ཏེ་དངོས་སུ་འམ་བསམས་པས་རྣཾ་ལ་འབྱོར་པས་ཡུད་ཙམ་གྱིས་རྣམོ་པར་སྣང་མཛད་དུ་བསམས་ལ་མདུན་གྱི་ནམ་ཁའ་ལ་དེ་བཞིན་གཤེགས་པ་བསམ་ཞིང་དེ་བས་དམའ་བར་ཇི་ལྟར ་འདོད་པའི་ནོར་གྱི་ལྷ་བསམས་ཏེ། བདག་ནི་དབུལ་ཏེ་དེ་བཞིན་གཤེགས་པ་མཆོད་པ་དང་དབུལ་པོ་རྣམས་ལ་ཕན་པའི་ནུས་པ་མེད་པ་ལ་ཇི་ལྟར་བྱ་སྙམ་དུ་འདུན་པ་དྲག་པོ་བྱས་ལ། ཡང་འདི་སྙམ་དུ་དཀོན་མཆོག་མཆོད་པ་ལ་སོགས་པའི་ཡོ་བྱད ་ཀྱི་དོན་དུ་ཛཾ་བྷ་ལ་ཁྱོད་ལ་ནོར་གྱི་དངོས་གྲུབ་འབྱུང་གིས་བདག་ལ་མྱུར་དུ་ལྗོངས་སྤྱོད་རྒྱ་ཆེན་པོ་སྩལ་དུ་གསོལ་ཞེས་དངོས་སམ་ཡིད་ཀྱིས་བརྗོད་ལ། དེའི་ངང་ལ་ཡང་སྙིང་པོ་བརྒྱ་རྩ་བརྒྱད་པའི་ཆུ་ལག་པ་གཡས་པས་ཛི་བྷ་ལའི་སྤྱི་བོར་བླུགསོ་བར ་བསམས་ཏེ་དེ་ལོ་ཆུ་སྦྱིན་ནོ།། དེའི་ཚེ་ཛཾ་བྷེ་ལས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྡེར་ཇི་ལྟར་ཁས་བླངས་པ་དང་། དེ་ལྟར་ཡང་ཆུ་སྟེར་བའི་དུས་སུ་ཡང་བཅོམ་ལྡན་འདས་དབང་པོའི་ཚུལ་དུ་བཞུགས་པ་དང་། བདག་ནི་བཅོམ་ལྡན་འདས་རྣམ་པར ་འཇོམས་པའི་སྐུ་ཡིན་ལ་དེ་ནི་སངས་རྒྱས་ཀུན་གྱི་གསང་བའི་བདག་ཉིད་ཀྱང་ཡིན་ཏེ་ལག་ན་རྡོ་རྗེའོ།། ལག་ནཱ་རྡོ་རྗེ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཡིན་ལ་ཛཾ་བྷ་ལཱ་ཡང་གནོད་སྦྱིན་ཡིན་པས་ནཱ། དཔོན་ལག་ན་རྡོ་རྗེ་ཡིན་པས ་འབངས་སྔམ་འཁོར་ཛཾ་བྷཱ་ལ་ལ་བཀའ་སྩལ་བ་ནི་མི་བསླབས་ན་སྔོགས་པའི་འདོད་པ་ཐམས་ཅད་ཛཾ་བྷ་ལས་རབ་ཏུ་སྦྱིན་པར་འགྱུར་ཏེ་འདི་ནི་ངེས་པའོ།། འཁྲུལ་འཁོར་རྒྱས་པ་འདི་ནི་གནས་དཔེངོན་པར་མཆོད་ཅིང་གཞག་པར་བྱའོ།། འདི ་ནི་རྒྱས་པའི་ལས་དང་འདོང་པ་ཐམས་ཅད་རབ་ཏུ་སྦྱིན་པ་དང་། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་དང་། གྲུབ་པ་རྣམས་ཆུ་དེ་མི་ཟ་བ་སྟེ་འཕྲིན་ལས་རྣམ་པ་བཞི་པོ་དེ་ནི་རྒྱས་པའི་འཁྲུལ་འཁོར་གྱི་ལས་སུ་རིག་པར་བྱ་བ་རྫོགས་སོ།། ། ་དབང་གི་འཁྲུལ་འཁོར་དམར་པོ་ཟླ་ཁམ་བྲིས་ལ་དབུས་སུ་ཧཱུཾ་ནག་པོ་བྲི་ཞིང་དེའི་གཡས་དང་གཡོན་དུ་ཧྲི་དམར་པོ་རེ་རེ་བྲིས་ཏེ། མུ་ཁྱུང་ཟླུམ་པོས་བསྐོར་བ་ལ་ཡང་སྙིང་བྲིས་ལ་སྟེགས་བུ་ལ་བཞག་གོ།། དེ་ནིས་སྔགས་པས་གོས་དམར་པོ ་བསྒོས་ལ་ནུ་པེ་ཕྱོགས་སུ་བལྟས་ཏེ་དེ་ནས་བརྩམས་ཏེ་ཆེ་གེ་མོ་དབང་དུ་བསྡུའོ་སྙམ་པའི་བློ་དང་བ་གསོལ་བ་ལ་སོགས་པ་བྱ་ས་ལ་དེའི་རྗེས་ལ་རང་གི་ལུས་འཁྲུལ་འཁོར་གྱི་ལྕི་བའི་ཧཱུཾ་ལ་ཐིམ་ནས། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་འཇོམས ་མཛད་དུ་རང་ཉིད་བསམ་མོ།། ལས་མྱུར་དུ་བསྒྲུབ་པ་ནི་ལག་པ་ཉིད་མྱུར་བས་ནི་རང་གི་སྲིན་ལག་གཡས་པ་ལ་ཧྲི་དམར་པོ་ཞིག་བྱུང་ནས་རང་གི་གཡས་ན་འདུག་པར་བས་མེ་ལ། གཡོན་པ་ལས་ཀྱང་དེ་བཞིན་ཏེ་ཧྲི་ལསོ་འོང་ངམར་པོ་འཕྲོ་ཞིང་རང ་འདོད་པའི་ལས་བྱས་ཏེ་སླར་ཡང་དེ་ཉིད་ལ་འདུས་པས་སྔགས་ཀྱང་རང་གི་སྤེལ་བྱས་བཟླའོ།། དེའི་ཚེ་ན་ཡང་སྔར་གྱི་ན་མཁའི་བཅོམ་ལྡན་འདས་ནི་ཇི་སྲིད་འདོད་ཀྱི་བར་དུ་བྱིན་གྱིས་བརླབས་ཅིང་བཞུགས་པར་བསམ་མོ།། འདོད་པའི་དོན་གྲུབ་ནས་ཧྲཱི་ནི ་རང་ལ་བསྡུ་སྒོ་རང་ཡ་སྱཱ་ནས་ཇི་ལྟར་འདོང་པོའི་ཚུལ་དུ་གནས་པ་བྱའོ།། འདི་ནི་འཁྲུལ་འཁོར་ནི་ཏིང་འཛིན་ཉིད་གྱུ་རུང་ངོ་།། འདིས་ནི་འབྱུང་པོ་ཐམས་ཅད་འགེགས་པ་དང་། གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ལ་སྩོགས་པ་ཕྱིན་ལ་ས་གཉིས ་གཙོར་བྱེད་།། དབང་གི་ཕྲིན་ལཱམྦྷ་ཀྱི་རིམ་པ་རྫོགས་སོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པོ་ལ་ཕྱུལ་པོ་ཚལ་ལོ།། མངོན་སྤྱོད་ལ་གྷཱཉྫིས་ཏོ།། མེ་དང་མི་མོ་ཡིན་པའི་དབྱེ་བས་སོ།། འཁོར་ལོ་བྲིས ་ལ་ལྟེ་བོའི་གྲུ་གསུམྦྷ་ལ་བསྒྲུབ་པའི་མིང་དང་མཱ་རཱ་ཡ་སོང་ནན་ཞེས་བྱ་བ་ལ་སོགས་པའི་སྤེལ་བ་དང་བཅས་པས་བྲིའོ།། ཤར་གྱི་རྩིབས་ལ་སརྦྦ་ཤ་ཏཱཾ་ནཱཾ། གྷ་ཊ་གྷོ་ཊ་ཆེ་གེ་མོ་མཱ་ར་ཡཱ་རྦད་ཅེས་བྲིའོ།། གཡོན་དུ་སྐོར་བའི་རྩིབས་ལོ་སཾ་གྷ་ཊ་ཡ་ཆེ་གེ་མོ་མཱ་ར ་ཡ་རྦུད་ཅེས་སོ།། རྩིབས་གོ་ཅིག་ལ་ཨ་མུ་ཀྲྀ་མཱ་ར་ཡ་པཊ་ན་མཿས་མནྟ་བཛྲ་བྷྲཱུཾ་སནྣ་བ་ལ་ཨཱཏྨ་བརྟ་ཡ་མཧཱ་བ་ལེ་ཆེ་ལྕེ་མོ་མཱ་ར་ཡ་རྦད་ཅེས་བྲི་ཞིང་མུ་ཁྱུད་ལ་ཡང་སྔགས་དེ་དག་ཉིད་དོ།། སྔགས་དེ་དག་ནཾ་མགོ་ནང་དུ་བསྟན་པས་སོ།། དེ་ནས་ཡང་གསོལ་བ ་ལ་སོགས་པ་སྔར་བཞིན་བྱ་སྟེ། བཅོམ་ལྡན་འདས་ནི་ཤིན་ཏུ་ཁྲོ་བོར་བཞུགས་པ་ལ་གསོལ་བ་གདབ་བོ།། རང་ཉིད་རྣམ་པར་འཇོམས་མཛད་དུ་བསམ་པའི་ཞལ་ནས་སྔགས་བརྗོད་པས་སྔགས་བརྗོད་པས་སྔགས་ཀྱི་ཕྲེང་བ་འཕྲོས་ནས་གང་ལ་བྱ ་བའི་ལུས་ལ་ཕོག་པས་དེ་ཡོངས་སུ་ཞུ་ནས་རྣམ་ཤེས་ཡིག་འབྲུ་གཅིག་ཏུ་གྱུར་པ་འཕེན་པའི་རླུང་གིས་བཏེག་སྟེ། ཡི་གེ་ཡཾ་གི་སྟེང་ནི་ནརྀ་སྔོ་ནག་ཏུ་གནས་པ་བཀུག་ནས་འཁོར་ལོའི་ལྟེ་བར་ཆུད་པར་བསམས་ལ། དེ་ཡང་འདར་ཞིང ་འཁར་ལ་མི་བཟོད་བཞིན་དུ་གནས་པར་བསམ་མོ།། འཁོར་ལྡེའི་རྩིབས་ཀྱི་རྩེ་མོ་ལ་ཡང་གཟུགས་བརྙན་བྲི་བའམ་བསམ་པར་བྱའོ།། རབ་ཏུ་བསྒྲིམས་པར་བྱ་བའི་གཞན་དུ་ན་རང་གི་སྲོག་ཀྱང་གཡོ་བར་འགྱུར་ན་དགྲ་བགྲོགས་ལྟ་ཅི་སྨོས། ཟིན་པ་དང ་ལས་ཀྱི་མཐའ་སྲེག་པའི་མནན་པ་གང་ཡང་རུང་བ་བྱའོ།། འདི་རཱ་ཡང་མན་ངག་ནི་འདི་ཡིན་ཏེ། རིག་སྔགས་གཅོད་པ་ཞེས་བྱ་བའི་སྐབས་སུ་སྐུད་པ་སྔོན་པོ་ལྀ་སུམ་བསྒྲིལ་བྱས་ནས་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་རྡོ་རྗེ་ལྟེ་བུའི་མདུད་པ་འམི། ལྕགས ་སྒྲོག་གམ་ཞུགས་པ་ལྟ་བུའི་མདུད་པ་དོར་ཞིང་། མདུད་པ་རེ་རའི་ནང་དུ་ཕ་རོལ་གྱིས་རྦད་པའི་མི་མ་ཡིན་པ་དང་དེ་ཅོད་པར་བྱེད་པ་པོའི་དངོས་པོ་རྣམས་ཆུད་ཅིང་རབ་ཏུ་གདམས་ནས་སྔགས་བཟླས་པས་དེ་ལྟར་གྱུར་ཏེ་དེ་མགུལ་དུ་གདགས་སོ།། གང་གི་ཚེ ་དགོས་པའི་ཚེ་མདུད་པ་དགྲོལ་བར་བྱའོ།། གཞན་དུ་བསོད་ནམས་མ་ལྡན་པ་སོགས་པར་འགྱུར་རོ།། དེ་བཞིན་རིག་སྔགས་ཐམས་ཅད་གནོད་པར་བྱེད་པ་ཞེས་པ་དེ་ལ་ཡང་མན་ངག་གི་གནང་འདི་ལྟ་བུ་བརྩམ་པར་བྱའོ།། འཁྲུལ་འཁོར་གཞུང་ལྟར་བྲིས ་ལ་འཁྲུལ་འཁོར་གྱི་ལྟོ་བར་བསྒྲུབོ་བྱའི་གཟུགས་ལྕེ་ཤིན་ཏུ་ཆེ་བ་བྲིས་ལ། ལྕེ་ལ་རྩིབས་ཀྱི་སྔགས་རྣམས་དང་། ཆེ་གེ་མོ་འདི་ཞེས་བྱ་བའི་ངག་རིངས་པར་གྱིས་ཤིག་ཅེས་སྤེལ་ཏེ་བྲིའོ།། དེ་ལ་བསྒྲུབ་པ་བྱས་ལ་རི་རབས་ནག་པོ་ལ་བྱས་པའི་སྟོང་དུ ་རྣམ་པར་འཇོམས་མཛད་ཀྱི་སྔགས་ཤོག་བུ་ལ་སོགས་པ་ལ་བྲིས་པ་སྤྲུལ། སྨད་དུ་བུག་པ་གྲུ་གསུམ་བྲུས་ལ་དེའི་ནང་འཁྲུལ་འཁོར་བྲིས་པ་དེ་བཅུག་ལ་མུནན་པར་བྱའོ།། འདི་ནི་སྔགས་ཀྱི་ནུས་པའམ་རྒོང་གཏོང་ཉེ་བར་ཞི་བར་བྱེད་པ་སྟེ་མངོན་སྤྱོད་ཀྱི་ཁྱུད ་པར་རོ།། །། ཡང་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་འཁྲུལ་འཁོར་སྤངས་ལ་རྟ་ནག་པོའི་རྔ་མ་ལ་བཤང་བའི་སྲིན་བུ་བརྒྱས་ཏེ་ཕྲེང་བ་བྱས་ནས་གང་ལ་བྱ་བ་ལ་དམིགས་ཏེ་ཁྲོས་པོས་སྔགས་བཟླས་ན། གྲོང ་ཁྱེར་ལ་སོགས་པ་འཇིགས་ཤིང་སྐྲག་པར་འགྱུར་ཏེ་སྔགས་ལས་སུ་རུང་ན་ལོས་དེ་དག་ནི་ཐེ་ཚོམ་མི་ཟའོ།། མ་ངོན་སྤྱོད་ཀྱི་འཁྲུལ་འཁོར་ནི་སྐྲག་པ་དང་རིག་སྔགས་གཅོད་པ་དང་རིག་སྔགས་གནོན་པ་དང་། ལུས་འཇོམས་པ་དང་། རིག་སྔགས་ཀྱི་ལས ་བྱེང་དུ་འཇུག་པ་དང་། རེངས་པར་བྱེད་པ་སྟེ་ལས་དྲུག་བྱེད་པའོ།། དགྲ་མངོན་སྤྱོད་ཀྱི་འཁྲུལ་འཁོར་རྣམ་པར་བྱ་བའི་རིམ་པོ་རྫོགས་སོ།། ། ད་ནི་བགེགས་ཀྱི་མངོན་སྤྱོད་ཀྱི་འཁྲུལ་འཁོར་བརྩམ་པར་བྱ་སྟེ། རོ་རས་ལ་སོགས ་པ་ལ་འཁྲུལ་འཁོར་གྲུ་གསུམ་སུམ་རྩེགཱ་ཏུ་བྱས་ལ་གྲོ་རྣམས་ལ། ཨོཾ་ཙྪིནྣ་ཚི་གེ་མོ་ཙྪིནྡོ་བྷིནྡ་ཆེ་གེ་མོ་བྷིནྡྷ་མོཧཱུ~ཾ་ཀཱི་ལི་ཀི་ལཱ་ཡ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་བྱིའོ།། དབུསྟ་སུ་བགེགས་ཀྱི་གཟུགས་དང་མཱུ་ར་ཡ་ཞིས་སྤེལ་ལ་བྲིའོ།། ཡང་གསོལ་བ་བཏབ་པ་ལ ་སོགས་པ་བྱས་ལ་རབ་ཉིད་ཆུའི་ཟླ་བ་ལྟ་བུའི་རྣམ་པར་འཇོམས་མཛད་དུ་སྤྱི་ཆེ་ཡན་ལགི་རིགས་པར་བསྒོམ་མོ།། དེ་ནས་རབ་ཏུ་བསྒྲིམས་ནས་སྔགས་རིང་པོ་འབའ་ཞིག་བཟླས་པར་བྱ་སྟེ། སྔགས་ཀྱི་འོད་ཀྱིས་གང་ལ་བྱ་བའི་ལུས་ལ་ཕོག་པས་རབ་ཏུ ་གཟིར་ཅིང་མི་བཟོད་པར་བསམས་ཏེ། དཔེར་ན་ལྷོ་ཏོག་ལ་སེར་བ་བབ་པ་ལྟ་བུར་དམིགས་ཤིང་ཁྲོས་པས་བཟླའོ།། ཟིན་པ་དང་ལས་ཀྱི་ཞབས་བསྒེག་པ་དང་། མནན་པ་གང་འདོད་པ་བྱའོ།། འཁྲུལ་འཁོར ་འདི་ནི་ཕལ་ཆེར་བགེགས་ལ་བཤད་ཀྱིས་འོན་ཀྱང་རྣལ་འབྱོར་ལས་སུ་རུང་བའི་སྔགས་པས་འཁྲུལ་འཁོར་གཅིག་གིས་ཀྱང་ལས་ཐམས་ཅད་ལ་སྦྱར་བར་ནུས་སོ།། འདིས་གདོན་རླག་པར་བྱེད་པ་དང་། རྨུགས་པར་བྱེད་པའི་ལས ་གཉིས་འགྲུབ་བོ།། དེ་ལྟར་ཕྲིན་ལས་བཅུ་བདུན་ནོ།། གཞན་གྱི་ལས་འཇིགས་པ་ནི་སྡིག་པ་སྟེ་དེ་བག་པར་བྱེད་པ་ནི་བུ་མྱ་པ་ལ་སོགས་པའི་ཁྲུས་དང་འབྲེལ་ཕྱིར་འདིར་མ་སྨོས་སོ།། ཐམས་ཅད་ལོ་ནི་སྤེལ་བའི་ཚིག་ནི་དངོ་སོ་སོའི ་སྒྲུབས་དང་སྦྱར་རོ།། རྡོ་རྗེ་རྣམ་པར་འཇོམས་པའི་མན་ངག་བཎྜི་ཏསྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་བརྫོག་སོ།། ། པཎྜི་ཏ་ཆེན་པོ་དེ་ཉིད ་ཀྱིས་བསྒྱུར་བའོ།། ། ་