CLOSE WINDOW

GT176: dpal lhan cig skyes pa'i man ngag bdag byin gyis brlab pa zhes bya ba
Wyliee-texts produced with BDRC’s OCR application

ཡི།། དངོས་པོ་འདི་ཀུན་མ་ལུས་བདེ་ཆེན་པོ།། གང་དུ་བདེ་ལས་གཞན་པའི་དངོས་མེད་ཅིང་།། བདེ་ཆེན་ཡེ་ཤེས་ཞེས་བྱ་གཅིག་པུ་པ།། གཅིག་པུའི་ཉམས་ཀྱིས་དུ་མར་གར་མཛད་དོ།། གང་གིས་རང་གི་ཡེ་ཤེས ་མཆོག་བསྒོམས་པས།། སྲིད་པ་འཆིང་བ་མུ་ལུས་ཀུན་བཅད་དེ།། བདག་གཞན་ཉེ་བའི་འཚོ་བའི་འབྱུང་གནས་ཀྱིས།། མཉམ་མེད་མྱ་དྲན་འོངས་པའི་དབྱིངས་ལ་བརྟེན།། དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་ཉིད་གྲུབ་པ།། སློབ ་དཔོན་ཆེན་པོ་ཛྙཱ་ལན་དྷཱ་རས་མཛད་པ་རྫོགས་སོ།། ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། རང་བཞིན་རྣམ་དུག་གཉིས་ཀྱི་རྒྱུ་བྱས་པས།། བརྒྱད་པོ་འཇིག་རྟེན་པ་དང་ཐུན་མོང་སྟེ། ལྔ་ཉིད་སྤང་བྱཾ་ལྔ་ཉིད་ལམ་ཡང་ཡིན། ་དག་བྱེད་ངོ་བོ་སེམས་ཀྱི་རང་བཞིན་སྐུ།། བསམ་མི་ཁྱབ་པའི་རྟོག་པ་རང་ལ་བྱུང་།། བཞི་དང་བྲལ་ཏེ་གསུམ་དུ་རྟག་ཏུ་མེད།། དག་བྱང་རང་བཞིན་དོག་པའི་ངང་དུ་སྣང་།། གཉིས་པོ་སྤངས་ཏེ་ལྔ་ཉིད་ལམ་དུ་བྱ།། ལྔ་ལ ་མི་ཚོགས་གླང་ཆེན་སྨྱོན་པ་འདྲ།། ཀུ་ཤ་རླུང་བསྐྱོད་སྤྱོད་འདི་བདག་ལ་གཅེས།། ཤ་འུ་སར་པ་འདྲ་བར་གསོ་བ་འདི།། ཀུན་ལ་གཅེས་པ་ཡིན་ཞེས་རི་ཁྲོད་གསུངས།། མ་རྟོགས་རྟོགས་པའི་སྤྱོད་པ་སྨྱོན་པ་འདྲ།། རྟོགས་ནས་མཽ་སྤྱོད་བླུན་པོའི ་སྤྱོད་པ་ཡིན།། གང་ཡང་མི་རྟོག་དེ་ཡི་ངང་ལ་བཞག། གྲོལ་བར་འགྱུར་ཏེ་དེ་ཉིད་ཐེ་ཚོམ་མེད།། གསུམ་པོ་སྤང་བར་གྱིས་ཤིང་རང་ལ་ལྟོས། ཞེས་གདམས་སོ།། དཔལ་ལྷན་ཅིག་སྐྱེས་པའི་མན་ངག། བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ་རོ་ཁྲོད་པ ་ཆེན་པོའི་གསུང་། རྗེ་མི་ཉག་ལོ་ཙེ་བས་བསྒྱུར་བ་རྫོགས་སོ།། ། རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་ས་པ་ར་སྭ་ཏིཥྛཱ་ནཱནྱཱ་མཱ། བོད་སྐད་དུ། དཔལ་ལྡན་ཅིག་སྐྱེས་པ་བང་བའི་མཆོག། བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ།། ཧེ་རུ་ཀཱ་ལ་ཕྱག ་འཚལ་ལོ།། ཀྱེ་ཧོ་སྒྲུབ་པའི་སྙིང་པོ་བདེ་ཆེན་རང་གི་སེམས།། འཁྲུལ་པའི་དབང་གིས་རྐྱེན་དང་བཅས་གྱུར་ཀྱང་།། རྒྱ་མཚོའི་ཆུ་ནི་དངས་མའི་རང་བཞིན་ཡིན།། རྙོག་མིའི་རང་བཞིན་གློ་བུར་རྐྱེན་ལས་བྱུང་།། མ་བཅོས་རང་སར་བཞག་ན་རྒྱལ་བའི་ཐུགས།། ་འདི་ན་བླ་མའི་དུས་ཐ་བས་བསྟན་ལས་བྱུང་བ་སྟེ། ཐབས་ཀྱི་རྒྱལ་པོ་ཐམས་ཅད་གཏང་བར་བྱ་བའོ།། ཞེས་རི་ཁྲོད་པ་ཆེན་པོས་གསུངས་སོ།། ཕྱག་རྒྱ་ཆེན་པོའི་མན་ངག་རྫོགས་སོ།། ། @#རྒྱ་གར་སྐད་དུ། ཤྲཱི་ས་ཧཱ་ཛ ་སཾ་པ་ར་སྭ་ཏིཥྛ་ན་ནཱ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པ་བདེ་བའི་མཆོག། བདག་བྱིན་གྱིས་བརླབས་པ་ཞེས་བྱ་བ།། ཧེ་རུ་ཀ་ལ་ཕྱག་འཚ་ལོ།། རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ།། བྱིན་གྱིས་བརླབ་དང་རང་རྟགས་དང་།། རྫོགས་པའི ་གཟུགས་བརྙན་བསམ་མེད་དོ།། སྣ་ཚོགས་གཟུགས་ཅན་ཡིད་དུ་འོང་།། ཡིད་བཞིན་ནོར་བུའི་གཟུགས་འཆང་མ།། ཟིནྡ་ན་དངོས་གྲུབ་ཆེན་པོ་འབྱུང་།། ཆོས་བཤད་ནས་ནི་དབང་དུ་བྱ།། ཡང་ནརྀ་རི་བའི་རིན་གྱིས་བླུ།། ཤིན་ཏུ་གསང་བའི་སྒྲུབ་པ་པོས།། དབང་གིས ་ཡོངས་སུ་སྨིན་པ་དང་།། ལྷ་ལྟར་བལྟས་ལ་དངོས་གྲུབ་བླང་།། མེ་ལོང་ནང་གི་གཟུགས་བརྙན་ལྟར།། གསལ་ལ་འཛིན་མེད་བདེ་བའི་སྐུ།། ཉི་ཤུ་རྩ་ལྔ་ཡུལ་རྣམས་རྫོགས།། བལྟས་དང་རྒོད་དང་འཁྲིག་པ་ཡིས།། མཁའ་སྦྱོར་བདེ་བའི་ཕོ་བྲང་དུ།། དབང ་