CLOSE WINDOW

GT1758: 'phags pa rdo rje rnam par 'joms pa zhes bya ba'i khrus kyi cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་བཛྲ་བི་དཱ་ར་ཎ་ནཱ་མ་ཨ་བྷ་ས་བི་དྷི། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་ག། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས ་དབང་བསྐུར་བ་དག་དང་། རྒྱལ་པོའི་བློན་པོ་དང་། རྗེ་རིགས་དང་། དེ་མངས་རིགས་དང་། དགེ་སྦྱོང་དང་། བྲམ་ཟེ་གང་དག་སྲིད་པའི་རྒྱ་མཚོ་ལས་མ་རྒོལ་བ་དག་ལ། ནད་དང་གདོན་དང་། བྱུང་ལ་སོགས་པ་གཞན་གྱི་གནོད་པས་སྡུག་བསྣོལ་བར ་གྱུར་པ་དེ་དག་ཡ། རྡོ་རྗེ་རྣམ་པར་འཇོམས་པའི་རིག་སྔགས་ཀྱི་ཚོ་གས་གྲོལ་བར་འགྱུར་ཏེ། དེའི་ཕྱིར་དེ་དག་རྣམ་པར་དབྱེ་བའི་རིམ་པ་བརྩམ་པར་བྱའོ།། མདོ་འདིའི་མཚན་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་མིང་གིས་ངེས་པརི་བསྟན་ཏེ། ཇི ་ལྟར་ཞེ་ན། རྡོ་རྗེ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ཏེ། ཡེ་ཤེས་དེ་ནི་བསོད་ནོམས་དང་ཡང་ཤེས་ཚད་མོད་པའི་ཚོགས་ཅན། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པས ་དེའི་ཕྱིར་ལྷག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་བྱ་བས། འབྱུང་བ་ཆེན་པོ་བཞི་ལས་གྲུབ་པ་ལྟ་བུ་ནི་མ་ཡིན་གྱི་ཡེ་ཤེས་ཀྱི་ལུས་ཅན་དུ་བསྟན་ཏོ།། དེའི་ཕྱིར་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ ་བ་ཡང་། ཡེ་ཤེས་དེ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པས། རྩེ་གཅིག་ཏུ་མི་ཉམ་པར་གཞག་པའི་གནས་སྐབས་ལ་བྱ་བར་མངོན་ནོ།། ཅིའི་ཕྱིར་ཡེ་ཤེས་འདི་ལ་རྡོ་རྗེ་ཞེས་བྱ་བ་ཡང་། ཞེ་ན་ཕྱི་རོལ ་གྱི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཐུན་པ་བདུན་ཡོད་པའི་ཕྱིར་དཔའི་སྒོ་ནས་དོན་ཉེ་བར་མཚོན་པ་ཡིན་ཏེ། འདི་དག་ཀྱང་འདི་ལྟར། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས ་ཅད་དུ་མ་ཕམ་པ་ཞེས་བྱ་བ་རྣམས་ཏེ། ངས་ནི་ཡེ་ཤེས་དེ་ཉིད་ཀྱི་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་བསྟན་ཏོ།། དེ་ནས་གཞན་གྱི་དོན་བསྟན་པ་ནི། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སྒོ་སྣ་ཚོགས་ནས་སེམས་ཅན་གྱི་དོན་མཛད ་པ་སྟེ། ཁམས་གསུམ་པའི་འཇིག་ཚོགས་ལ་ལྟ་བུ་ཕྱིན་ཅི་ལོག་གི་བསམ་པ་ཅན། ཕྱི་དང་ནང་ནས་བགེགས་དང་ལོག་འདྲེན་རྣམ་པར་ལྡང་བའི་རྒྱུ་ལས་ཀྱི་བག་ལ་ཉལ་དང་། ཀུན་ནས་ལྡང་བར་བཅས་པ་དེ་དག་འདུལ་བའི་ཕྱིར། སེམས་ཅན ་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅང་འཇིལ་བར་བྱེད་པ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་ཞེས་བྱ་བའི་བར་དུ་ཚིག་དོན་བཅོ་ལྔས་བསྟན་ཏེ། དེ་དག་ཀྱང་མདོར་བསྡུ་ན་ལས་རྣམ་པ ་བཞིའི་སྒོ་ནས་གཞན་གྱི་དོན་མཛད་པར་བསྟན་ཏེ། ཞི་དང་རྒྱས་དང་དྲག་སྤྱོད་དང་།། དབང་སོགས་ལས་རྣམས་བཞི་པོ་དག། ཐབས་ཀྱིས་འདུལ་བའི་དོན་མཛད་པོ།། ཅི་རིགས་པར་ནི་སྦྱར་བར་བྱ།། དེ་ལྟར་དེ་དག་ཡེ་ཤེས་ཀྱི་རྡོ་རྗེ་རྗེ་ངེས་འདུལ ་བར་མཛད།། སེལ་བར་མཛད། འཇོམས་པར་མཛད་པའི་ཕྱིར་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱའོ།། དོ་ནས་གསང་སྔགས་ཀྱི་ཚིག་གང་དག་གསུངས་པ་དེ་དག་ཀྱང་ཡེ་ཤེས་དེའི་རྒྱུ་ལས་བྱུང་བའི་ཕྱིར་ཐོགས་པ་མེད་པ་རྡོ་རྗེའི་ཚིག་ཏུ་རིག ་པར་བྱའོ།། དེ་ནས་དེ་དག་གི་ཆོ་ག་བཤད་པར་བྱ་སྟེ། ཆོ་གར་བྱ་བ་ཐམས་ཅད་ཀྱང་གཙོ་བོར་སློབ་དཔོན་ལ་བརྟེན་པ་ཡིན་པས། དེའི་ཕྱིར་སློབ་དཔོན་དང་སློབ་མ་གཉིས་ཀ་སྟ་གོན་དུ་གནས་པའི་ཆོ་ག་ནི། དེས་ནི་རབ་བཀྲུས་གཙང་མ་ཡིན། མདོ ་སྡེ་དམ་པ་མཉན་པར་བྱ།། གང་དག་ཡིད་དགེ་སེམས་དང་ཞིང་།། གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། ཞེས་བྱ་བ་ལ་ཤིན་ཏུ་ཁྲུས་བྱ་བ་དང་གོས་གཙང་མ་གྱོན་པ་ནི་ཕྱིའི་གཙང་སྦྲའོ།། སྒོ་གསུམ་ནུས ་སྡིག་པ་མི་དགེ་བ་མི་བྱེད་པའི་ཡིད་དགེ་བའོ།། བྱང་ཆུབ་ཏུ་སྨོན་པ་ནི་སེམས་དང་བ་སྟེ་དེ་དག་ནི་ནང་གི་གཙང་སྒྲའོ།། མདོ་སྡེ་དམ་པོ་མཉན་པའི་དོན་ནི་རིག་སྔགས་དེ་དག་ཡོཾ་ཤེས་ལས་བྱུང་བར་ཁོང་དུ་ཆུད་པར་བྱའོ།། ཟབ་མོ་སངས་རྒྱས་སྤྱོད ་ཡུལ་བ། ཞེས་བྱ་བ་ཡང་ཡེ་ཤེས་དེའི་རང་བཞིན་དུ་རྟོགས་པ་ཉིད་དོ།། དེ་ནས་སློབ་ད་བོན་གྱི་ཆོ་གར་བྱ་བ་ནི་མདོ་འདི་ཉིད་ལས་དབང་བསྐུར་བའི་ཡན་ལག་ཏུ་བུམ་པ་བསྟན་པ་ཙམ་དུ་ཟད་དོ།། དཀྱིལ་འཁོར་ལ་སོགས་པའི་ཆོ་ག་གསུངས ་པ་དེ་དག་འདི་ཉིད་དུ་གསུངས་པ་ལ་མི་མངོན་པར་འབྱུང་བ་འམ། ཡང་ན་སྤྱི་རྒྱུད་ལས་གསལ་བའི་ཕྱིར་རམ་དེ་དག་ཏུ་མ་བསྟན་པ་གཉིས་ཀ་ལྟར་ན་ཡང་ད་ལྟར་སྦྱར་བར་བྱ་བ་ཉིད་དེ། དེ་ལས་ནི། ཕྱུགས་ལྷས་ཤིང་གཅིག་ལྷའི་ཁང་བ ་འམ། ལམ་གྱི་བཞི་མདོ་ཁང་སྟོང་ནགས་ཚལ་དུ།། དཀྱིལ་འཁོར་གྲུབ་ཞི་ལྷམ་པ་གྲུ་བཞི་ཚང་།། ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི།། ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་བཟུང་།། སྒོ་བཞི་པོ་ལ་ཀུ་ཤའི་རྩ་ཡང་དགྲམ།། ་ཞེས་གསུངས་པ་ལས་རིག་པར་བྱའོ།། དེ་ནས་དཀྱིལ་འཁོར་བྱ་བ་ཡང་སློབ་དཔོན་གྱིས་དང་པོས་བསླང་བ་དང་སྦྱང་བ་ལ་སོགས་པའི་ཆོ་ག་ཚུལ་བཞིན་དུ་བྱས་པ་སྟེ། འཐས་པར་བཅུགས་ལ་བའི་རྣམ་པ་ལྔ་དང་སྤོས་ཆུ་གཙང ་མས་བྱུག་གོ།། སྟེང་དུ་ཡང་བླ་རེ་བྲི་ཞིང་དར་གྱི་ལྡ་ལྡི་དང་མེ་ཏོག་གི་ཕྲེང་བ་དང་མེ་ལོང་དག་གིས་ཀྱང་བརྒྱན་པར་བྱའོ།། གཞན་ཡང་དབང་བསྐུར་བའི་ཆོ་ག་ལ་བཀྲ་ཤིས་ཀྱི་བུམ་པ་ཚུལ་དང་ལྡན་པས་ཡོན་ཏན་འགྲུབ་པའི་ཕྱིར། འདི་ཉིད་ལས་དེའི་རྒྱུ་བསྟན་པ ་ནི། གསེར་རམ་ཡང་ནཾ་ནི་དངུལ་གྱི་བུམ་པ་དག་ཀྱང་རུང་། ཞེས་བྱ་བས་བསྟན་ཏོ།། དེ་དག་གི་ནང་དགང་བ་ནི་ཆུའི་ཞེས་བྱ་བ་སྨོས་ཏེ། ཙན་དོན་དང་གུར་ཀུམ་ལ་སོགས་པའི་ཆུ་ཡིས་ནང་དགང་ལ། དེ་དང་ལྷན་ཅིག་ལྗོན་པའི་རིན་པོ་ཆེ་དང་ཤེལ་དང་ཞེས ་བྱ་བ་དྷ་ངོས་སུ་ཟུང་ངོ་།། ནོར་བུ་ཞེས་བྱ་བ་ནི་སྤྱི་ཚིག་ཏུ་སྨོས་པ་སྟེ། རྣམ་པར་ཕྱིན་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་ལ་སོགས་པ་རིན་པོ་ཆེའི་རིགས་སུ་གཏོགས་པ་མུ་ཏིག་དང་ས་ལེ་སྔ་མ་ལ་སོགས་པ་དག་སྟེ་དེ་དག་ཀྱང་གས་ཆག་མེད་པ་རྒྱན་གྱི་བྱ་བ་བྱེད་ནུས ་བཔ་དག་ནི་རྨི་མེད་ཅེས་བྱའོ།། གཞན་ཡང་ཟླ་ལ་ཡུངས་ཀེར་དང་། རྩཝ་དུརྦ་དང་མེ་ཏོག་རྣམས་གཞུག་པར་བྱའོ།། ཚུལ་དེ་བཞིན་དུ་སྤྱིའི་རྒྱུད་ལས་ཀྱང་། བུམ་པ་པདྨ་དམར་པོ་མདོག་འདྲ་ཞིང་།། ནག་པོ་ར་རི་མེད་པ་རིན་ཆེན་བཅས།། སྨན་དང་འོ་བྲུ་དང ་སྤོས་ཆུས་བཀང་བ་དག། ལྡུམ་བུས་ཁ་བརྒྱན་རས་ཀྱི་མགུལ་བ་བཀྲྀ། ཞེས་བསྟན་ཏེ། དེ་དག་གི་ལྟོར་ནི་ཆུ་བྲེ་གང་ཤོང་བ་ལས་བསྟན་ཏོ།། མཚན་ཉིད་གཞན་ནི་རྒྱུད་གཞན་དག་ལས་རིག་པར་བྱའོ།། ཡང་གོང་མ་འབྲུ་དང་སྨན་དང་ཞེས་བྱ་བ ་ལ།། བྱ་ཀྲི་དང་སེང་ཀྲྀ་ལ་སོགས་པའི་སྨན་རྣམ་པ་ལྔ་དང་། ཏིལ་དང་སྲན་མ་ལ་སོགས་པ་འབྲུ་སྣ་ལྔ་རྣམས་རྒྱུད་ལས་གྲགས་པ་བཞིན་དུ་སྦྱར་རོ།། མགུལ་ཆིངས་ནི་གཙང་མའི་གོས་ཤེས་བྱ་བ་མ་སྤྱད་པ་མ་བབ་པའི་རས་དཀར་པོ་ཁ་ཚར་དང་བཅས ་པབའོ།། བཽཀྲ་ཤིས་དགང་བ་ནི་གོང་དུ་བསྟན་པའི་རྫས་རྣམས་ཀྱི་དོན་མདོར་བསྡུས་ཏེ་བསྟན་པའོ།། བུམ་པ་དེ་ལྟར་བཅའ་བ་དེ་ཡང་རྟོག་པ་གཞོན་གྱི་ཆོ་ག་ལས་འབྱུང་བ་བཞིན་དུ་གྲངས་བཞི་འོམ་ལྔ་དག་གུ་གུལ་ལ་སོགས་པ་ལ་རྡོ་རྗེ་ཁྲོ་བོའི ་སྔགས་ཀྱིས་བཏབ་སྟེ་བདུགས་ལ་དབུས་དང་གྲུ་བཞི་རུ་བཞག་པར་བྱའོ།། དྲི་ནས་སློབ་དཔོན་བདག་ཉིད་ལས་ཀྱི་ཁྲོ་བོར་བསྒྱུར་ལ་ལག་ཏུ་རྡོ་རྗེ་དང་ཡུངས་ཀར་བླངས་ཏེ། བསྐྲད་ཅིང་བསྲུང་བ་དང་། མཚམས་བཅང་བ་དག་བྱས་ནས། ཐིག་སྐུང ་ལེག་ཏུ་བླངས་ཏེ་ཕྱོགས་མཾ་འཁྲུལ་བར་ས་བཙོད་ལ་རིམ་པ་གསུམ་པར་ཐིག་གདབ་བོ།། དེ་ནས་བྲིས་ནས། དབུས་ཀྱི་དཀྱིལ་འཁོར་དུ་གཙོ་བོ་ཕྱག་ན་རྡོ་རྗེ་རྒྱ་གྲམ་ཕྱོགས་ཅིག་མེད་པ་པདྨ་དང་སེང་གེའི་ཁྲིའི་སྟེངས་སུ་བཞིག་གོ།། དེའི་གྲུ ་བཞིར་འཁོར་རྣམས་ཀྱི་ཕྱག་རྒྱ་བྱང་ཤར་མཚམས་ནས་བཟུང་སྟེ་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་གདེངས་པ་དང་། རྡོ་རྗེ་རྩེ་གཅིག་པ་དང་། བེ་ཅོན་རྡོ་རྗེས་མཚན་པ་དང་། རྡོ་རྗེ་ཐོ་བ་རྣམས་བྲིའོ།། དེ་ནས་རིམ་པ་གཉིས་པར་དབང་ལྡན་ལ་སོགས་པར ་འཇིག་རྟེན་སྐྱོང་བ་བཅུ་དང་། བཀྲོ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱི་མཚན་མེ་དག་བྲིའོ།། རིམ་པ་གསུམ་པར་རིན་པོ་ཆེའི་ཆུན་འཕྱང་དང་། མུ་ཏིག་གི་ཕྲེང་བ་དག་དགོད་ངོ་།། ཕྱོགས་བཞིར་སྒོ་ཁྱུད་དང་རྟ་བབས་དག་གིས་མཛེས་པར་བྱའོ།། ་དེའི་ཕྱི་རོལ་སྟེགས་བུའི་མཐའ་བསྐོར་དུ་ཡང་རྩ་ཀུ་ཤས་བསྐོར་ཅིང་མེ་ཏོག་གི་སིལ་མ་དག་ཀྱང་བཀྲམ་མོ།། དེ་ནས་ཕྱི་རོལ་ཏུ་བྱུང་སྟེ་འབྱུང་པོ་རྣམས་ལ་སྙིང་བརྩེ་བའི་ཕྱིར།། བཟའ་དང་ཤ་ཆང་ལ་ཕུག་ལ་སོགས་བ ་འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། ཞེས་བྱ་བ་དག་ཁྱེར་ནས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། ཞེས་བྱ་བ་ལ་སོགས་པ་བསྟོད་པོའི་བདེན་པོ་བརྡར་ལ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་ཁྭ་ཕྱེ་སྟེ་བཀན་ནས་བསྟན་པའི ་ཚུལ་དུ་བྱས་པ་ནི་གཏོར་མ་སྦྱིན་པའི་ཕྱག་རྒྱ་སྟེ། འབྱུང་པོ་དེ་དག་ལ་སོ་སོའི་རིག་སྔགས་དག་རྗོད་ཅིང་ན་མཁའ་མཛོད་ཀྱི་རིག་པས་ཀྱང་བྱིན་གྱིས་བརླབས་ལ་བསྔོའོ།། དེ་ནས་སླར་ལོག་སྟེ་ལྷའི་གནས་སུ་སོང་ལ་ཚོན་གྱི་དཀྱིལ་འཁོར་དེ་དག་མདུན ་གྱེན་མཁའ་ལ་གྱེན་དུ་དཔག་ཅིང་། རིན་པོ་ཆེའི་གཞལ་ཡས་ཁྱང་པདྨ་དང་སེང་གེའི་གདན་ཁྲིར་བཅས་པ་བསམས་ནས། དེར་རི་གོས་ཀྱི་སྔགས་ཀྱི་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པ་ནི་ཕོ་བྲང་ལྕང་ལོ་ཅན་ནས་དཔལ་ཕྱག་ན་རྡོ་རྗེ་ཡེ་ཤེས ་ཀྱི་ཁྱད་པར་ལས་བྱུང་བ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་སྐུ་མདོག་ལྗའི་སྔོན་ཞལ་གྱི་སྨིནཱ་མ་ཁྲོ་གཉེར་ཅན། ཕྱག་གཡས་པ་ན་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། གཡོན་པ་དྲྀཀུར་རྟེན་ཅིང་འགྱིང་པ། སྟོང་གཡོགས་སྨོད་གཡོགས་དར ་བཏིའམ་ཚིག་གུ་གསོལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་གསང་སྔགས་དའི་རིགས་ཀྱི་ཁྲོ་བོ་དང་། ཁྲོ་མོ་ཕྱག་བརྙན་གྲངས་མེང་པོའི་ཚོགས་ཅན་ངག་རང་ཉིད་ཀྱི་རྩ་བའི་ཕྱག་རྒྱས་སྤྱན་དྲངས་ཏེཀཾ་ལག་པ་གཉིས་ཐལ་མོ་ཁོང ་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཀུག་སྟེ་ཕན་ཚུན་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་དབྱུང་བར་བྱས་ལ། གུང་མོ་གཉིས་གཞིབས་པའི་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་སྟེ། བཱར་ན་ས་གང་ཙམ་གྱིས་མ་རེག་པར་བྱས་ལ་མཐ ་བཻབེདགཱ་ཉིས་གཞིབས་པར་བྱའོ།། དེའི་སྔགས་ལྔ། ཨོཾ་བཛྲི་ཛྭ་ལན་ཡཱཾ་སྭཱ་ཧཱ། ཞེ་སྟེ་བྱའོ།། ཡང་ན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་སྤྱན་དྲང་ངོ་།། དེ་ནས་ཐོག་མར་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། ལག་པ་གཡས་པའི ་མཐེ་བོས་མནན་ལ་ལྷག་མ་རྣམས་རྡོ་རྗེ་རྩེ་གསུམ་གྱི་ཚུལ་དུ་བྱས་ལ། དེའི་སྔགས་ནི། ཨོཾ་ཤཾ་ཀ་ར་མེ་ཧ་ས་མ་ཡཻ་སྭཱ་ཧཱ། དྲྀ་ནས་དཀྱིལ་འཁོར་གྱི་གྲཝ་བཞི་རོ་ཁྲོ་བོ་བཞི་བཞག་སྟེ། བྱང་ཤར་མཚམས་ནས་གཟུང་སྟེ་ཁྲོ་བོའི་རྒྱལ་པོ་རྡེ་ཏུ ་བྱ་བ་མདོག་སྨག་ནག་བཞིན་ཁྲོ་གཉེར་ཅན། ཕྱག་གཡས་པ་ན་རྡོ་རྗེ་རྩེ་ལྔ་པ་གདེངས་པ་ཕྱར་ཏེ་ཐོགས་པ་བསམ་མོ།། དེའི་ཕྱག་རྒྱ་ནི་ལག་པ་གཡོན་པར་མཛུབ་མོ་སྙིང་གའི་ལོགས་སུ་གཞག། གཡས་པའི་སོར་མོ་གསུམ་རྡོ་རྗེ་ལྟར ་བྱིབྱོས་ཏེ། དེའི་དྲི་སྔགས་ཀྱང་འདི་ཉིད་ལས། ཨོཾ་ཙཽ་རུཾ་ཙུ་རུ། ཥྱཱཎྜ་ལི་བཛྲ་ཀི་ལཱི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་སྦྱར་རོ།། དེ་ནས་ཤ་རི་ལྷོའི་མཚམས་སུ་རྡོ་རྗེ་ཀཱི་ལི་ཀི་ལཱ་ཡ་ཞེས་བྱ་བ་མདོག་ལྗང་གནག་དཔྲལ་བ་ཁྲོ་གཉེར་ཅན། ཕྱག་གཡས ་བ་ན་རྡོ་རྗེ་རྩེ་གཅིག་པ་ཀ་ན་ཡའི་དབྱིབས་འདྲ་བ་ཐོགས་པ་བསམས་ཏེ། དེའི་ཕྱག་རྒྱ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ལ་ཅུང་ཟད་བསྣོལ་བའི་ཚུལ་དུ་བྱས་ལ། མཐེ་བོང་གཉིས་གྱེན་དུ་གཞིབས་ལ་བསྒྲེང་ངོ་།། དེའི་སྔགས་ནི། ཨོཾ་ཏ ་ས་ཡཱ་ཏྲ་ས་ཡཱ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་སྦྱར་རོ།། དེ་ནས་ལྷོ་ནུབ་ཀྱིས་མཚམས་སུ་རྡོ་རྗེ་བེ་ཅོན་ཞེས་བྱ་བ་མདོག་མཐིང་ནག་སྨ་ར་སེར་པོ་འཁྱིལ་བ། ཕྱག་གཡས་ན་བེ་ཅོན་གྱི་རྩེ་མོ་རྡོ་རྗེས་མཚན ་པབ་བསྣམས་པ་སྟེ། དེའི་ཕྱག་རྒྱ་ནི་ལག་པ་ཕྱག་འཚལ་བའི་ཐལ་མོ་ལས་མཐེ་བོ་གཉིས་བསྒྲེང་སྟེ་ཚོགས་བཀུག་ནས་སྲིན་ལག་དྲུང་དུ་གཟུགས་པར་བྱ་སྟེ། དེའི་སྔགས་ལ། ཨོཾ་ཧཱ་ར་ཧ་རོ་བཛྲ་དྷ་ར་ཡ་སྭཱ་ཧཱ། ཞེས་བྱ་བ་དང་སྦྱར་རོ།། ་དེ་ནས་ནུབ་བྱང་གི་མཚམོས་སུ་རྡོ་རྗེ་ཐོ་བ་ཞེས་བྱ་བ་མདོག་ནག་པོ་ཤིན་ཏུ་ཁྲོས་པ་མཆེ་བུ་གཙིགས་པ་བསམས་ཏེ། དེའི་ཕྱག་རྒྱ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ཏེ་མཐེ་བོང་གཉིས་བསྒྲེང་མཐེ་ཆུང་གཉིས་ནང་དུ་གཞུག་གོ། དེའི ་སྔགས་ནི། ཨོཾ་པྲ་ཧ་ར་པྲ་ཧཱ་ར་བཛྲ་པྲ་བྷཉྩ་ནཱ་ཡོ་སྭཱ་ཧཱ། ཞེས་བྱ་བ་དང་སྦྱར་རོ།། དེ་ནས་ཕྱི་རོལ་གྱི་རིམ་པ་གཉིས་པར་དབང་བདག་ལ་སོགས་པ་འཇིག་རྟེན་སྐྱོང་བ་བཅུ་དང་། རྒྱལ་མ་ལ་སོགས་པཾ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱི ་ཕྱག་རྒྱ་བསྒོམ་སྟེ། དེ་དག་སོ་སོའི་སྔགས་དེང་ཕྱག་རྒྱ་བཅིངས་ཏེ་སྐྱོན་དྲང་ཞིང་རང་རང་གི་གནས་སུ་བཀོད་ལ། གཙོ་བོ་འཁོར་དང་བཅས་པ་དེ་རྣམས་ལ་གུས་པའི་མ་ཆོད་པས་ཁྱད་པར་བྱ་སྟེ། མཆོད་ཡོན་བྱུག་སྤོས་མེ་ཏོག་བདུག་པ་དང་།། ་ཞལ་ཟས་མར་མེའི་ཚོགས་རྣམས་རིམ་བཞིན་དབུལ།། དེ་ནས་ཕྱོགས་བཅུ་དག་ནི་ཇི་ལྟར་སྲིད་པའི་ལྷ་རྫས་དག། ཀུན་ཏུ་བཟང་པོ་དག་གིས་མཆོད་ལ། ན་མཁའ་མཛོད་ཀྱི་རིག་པས་ཀྱང་བྱིན་གྱིས་བརླབས་ཏེ། འདི་ལྟར་རོ།། ནི་མ་སརྦ་ཏ་ཐཱ ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿ། སརྦ་ཏང་ཁཾ་ཨུད་ག་ཏེ་སྥ་ར་ན་ཧི་མཾ་གཱ་ག་ན་ཁཾ་སྭཱ་ཧཱ། དེ་ནས་བསྟོད་པ་ཅི་ཤེས་པས་ཀྱང་བསྟོད་ངོ་།། དེ་ནས་བཟླས་པ་བྱ་བ་ནི། ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། ཅེས་པ ་གྲངས་མ་ངེས་པར་གསུངས་པ་ལཱ། རྩ་བའི་རིག་སྔགས་མཇུག་སྙིང་པོའི་རིག་སྔགས་རྣམ་པ་གཉིས་བསྐུལ་ཚིག་དང་བཅས་པ་ཟློས་པ་ནི་ཉི་ཤུ་རྩེ་གཅིག་བཟླས་པར་བྱའོ།། ཡང་ན་དེ་རྣམས་གཉིས་ཀ་གདོན་པར་མི་ནུས་ན་མཇུག་ན། ན ་མེཥྚརྞྞ་བཛྲ་ཞེས་བྱ་བ་ནས་ཨཱ་མྲྀ་ཏེ་ཧཱུཾ་ཕཊ། ཞེས་བྱ་བའི་བར་ནི་རིག་སྔགས་འདིའི་སྙིང་པོ་ཡིན་ཏེ་བསྐུལ་ཆི་ག་དང་བཅས་པར་ལན་གྲངས་བརྒྱ་རྩ་བརྒྱད་གདོན་པར་བྱའོ།། དེ་ལྟར་བཟླས་བརྗོད་ཟིན་ནས་ཡོན་བདག་གསུམ་ལྔ་སྐྱབས་སུ་བགྲོ ་བ་ལ་སོགས་པ་བྱོས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ཁྲིའུ་ལྔ་བུ་གཞག་བྱའི་སར་རི་མོ་ཡིད་ཀྱིས་བཏོག་པ་དང་། ཡང་ན་ཕྱག་རྒྱ་ཉི་ཚེས་བྱི་བར་བྱའོ།། དེ་ནས་བུམ་པོ་རྣམས་ཀྱི་ཆུ་བླུགས་ཤིང་དབང་བསྐུར་ཏེ། ཤྲུ་ཏི་དང་ཉེ་ཤིང་ལ་སོགས ་བས་ཁྲུས་བྱའོ།། རོལ་མོ་དང་བཀྲ་ཤིས་ཀྱང་གིདོན་ནོ།། ཁྲུས་ཟིན་ནས་སྒོར་འབྱུང་བའི་དུས་སུ་ཞོ་དང་སྨན་དང་འབྲས་ལ་སོགས་པ་བཀྲུ་ཤིས་ཀྱི་ཆོ་གར་བསྟན་པས་མཐོང་བ་འམ་རིག་པར་བྱ་བ་དག་ནི་བཀག་པ་མེད་ངོ་།། དེ་ནས་རིག་སྔགས ་ཀྱི་རྒྱལ་པོ་འདིའི་ཆོ་གའི་ཕན་ཡོན་འབྱུང་བ་ཡང་མདོར་བསྡུ་ན་གཉིས་ཏེ། སྡུག་བསྔལ་སེལ་བར་བྱེད་པ་དང་། བདེ་བ་བསྐྱེད་པར་བྱེད་པའོ།། སྡུག་བསྔལ་སེལ་བར་བྱེད་པ་ནི།། སེམས་ཅན་དབོང་པོ་ཉམས་པ་དང་། ཚེ་ཟད་པ་དང་ཚེ་ཉམས་དང་། ་ཞེས་བྱ་བ་ནས། དེ་དག་ཐམས་ཅད་ཞི་བར་ལྟ།། ། ཞེས་བྱ་བའི་བར་དང་། སྡིག་པ་ཐམས་ཅད་བྱུང་བྱས་ནས།། སྡུག་བསྔལ་ཐམས་ཅད་མེད་པར་བྱེད། ཅེས་པའི་ཚིགས་སུ་གཅད་བ་བཞིས་བསྟན་ཏོ།། བདེ་བ ་སྐྱེད་པར་བྱེད་པ་ནི།། རྒྱུད་དོ་ཅོག་གི་རྩ་བ་སྟེ།། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན།། ཞེས་བྱ་བ་དང་། ཚེ་དང་བསོད་ནམས་འཕེལ་བར་འགྱུར།། སྡིག་པ་ཀུན་ལས་རྣམ་པར་ཐར། ཅེས་བྱ་བ་རྣམས་ཀྱིས་བསྟན་ཏོ།། དེ་དག་ཀྱང་ཕན་ཡོན་མདོར ་བསྡུས་པོ་ཙམ་དུ་ཟད་ཀྱི། གཞན་ཡང་རྒྱལ་པོའི་ཆད་པ་དང་། ཆོམ་རྐུན་དང་། མེ་དང་། ཆུ་ད་།། དུག་དང་། མཚོན་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བར་རིག་པར་བྱའོ།། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག། སློབ་དཔོན ་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།། །། སྔོན་ཚེ་བདེ་གཤེགས་ཕོ་བྲང་སྤྱན་སྔ་རུ།། གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི།། རྗེས་མཐུན་འཕྲིན་ལས་ཁྱད་པར་གང་བསྒོ་བ།། དམ་བཅས་འཕྲིན་ལས་དོ་ནི་རྗེས་དགོངས་ལ།། ་