| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨུ་བ་ཡ་ཀརྨ་ནཱ་མ། བོད་སྐད་དུ། ལས་ཀྱི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཅན་རྣམས་རྒྱལ་འགྱུར་བའི།། རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ།། རྡོ་རྗེ ་རྣམ་པར་འཇོམས་པ་ཡི།། གཟའ་སྐར་བྱང་སྟེམས་བཟློག་པ་བཤིང་།། བྱད་ནི་མཁའ་འགྲོ་ལ་སོགས་པའོ།། རིག་སྔགས་གང་ཡིན་དེ་ཡི་མཐུས།། རྣལ་འབྱོར་གསོད་ཞེས་མེད་བཟློག་རིག་སྔགས་གཅད་ནན་བཞིན།། གང་དོག་གཟའ་སྐར་བཅས ་པའམ།། དེ་ལ་བབ་ནས་ལས་ངན་ལ།། འོདི་བས་གནོད་པ་མེད་པར་འགྱུར།། དཀྱིལ་འཁོར་བརྒྱད་དམ་བཞི་པ་ལ།། ཡིང་ན་གཅོད་བྱེད་མེད་པ་ལ།། གཟའ་བོརྒྱད་རྒྱུ་སྐར་གཟུགས་རྣམས་ནི།། ལྷ་ཡི་སྣམ་བུར་དགོད་པར་བྱ།། གཏོར་མ་མཆོད་པ་དེ ་དག་མཚུངས།། བུམ་པ་ལྷ་འམ་བཅུ་གསུ་མོ་འམ།། གཅིག་པ་ཐམས་ཅད་བཤམས་ཏེ་གཞག། དེ་ནས་ཁྲུས་བྱས་བསྲུང་ལྡན་པས།། བཅུ་གསུམ་ལྔ་འམ་དཔའ་བ་གཅིག། སྐྱེང་རྫོགས་དེ་དག་འདྲ་ཤེས་བྱ།། གཟོའ་རྣམས་གྲ་ལས་ནག་པོ ་ཆེ།། བུམ་པ་རྩེ་གསུམ་ཐོགས་པའོ།། རྒྱུ་སྐར་འོད་ཞོམ་བུམ་པ་དང་།། གློག་ཕྲེང་ཐོགས་སྐྱེད་སྤྱན་དྲངས་ནས།། བསྟིམས་ཏེ་མཆོད་པ་བྱས་ནས་ནི།། རྡོ་རྗེའི་གཟུངས་སྔགས་འདི་དགྲ་ལ་ནི། ཨོཾ་ཨ་སྟ་ན་གྲ་གྲ། ཧ་ཧཾ་རྣིན་གྲ་ཨ་སཱ་དྷ་དྷཱ་ར་རཱ་དྲཱ ་པ་ཡི་སྭཱ་ཧཱ། དེ་དང་ལྡན་པས་བཟླས་པ་ཡིས།། ནུས་པ་ཀུན་ཏུ་བྱས་བསམས་ཤིང་།། བཀའ་ཡི་བཛིན་པ་བསྒྲགས་བྱས་ཏེ།། མཆོད་ནས་དེ་དག་མཁའ་ལ་གཤེགས།། བུམ་པས་ཕྱི་བཞིན་ཁྲུས་བྱས་ན།། དེ་དག་ལས་ནི་ཐར་བར་འགྱུར།། ་དེ་ནས་གཞན་ཡང་ལས་རྣམས་ནི།། རྒྱས་པར་འགྲེལ་དང་སྒྲུབ་ཐབས་ཏེ།། སོ་སོར་སྦྱར་ན་འདི་དག་ཡིན།། དཀྱིལ་འཁོར་རྫས་དང་ཡོ་བྱད་དང་།། ལྷ་དང་སྔགས་ནི་སོ་སོ་ལ།། མཁས་པས་དེ་བཞིན་སྦྱར་བར་བྱ།། ་ཕྱག་འཚལ་ལ་སོགས་ཀུན་ལ་སྦྱར།། དྲང་པོར་བདག་དོན་མི་ཆོད་སོགས།། བདུན་གྲུབ་འདོད་ནས་སརྦ་བིད།། དེ་ལ་སོགས་པ་བདུན་སྦྱར་རོ།། གཞན་དོན་ལས་ངགྲ་བཤོང་བ་ཡིན།། སེམས་ཅན་ཐམས་ཅད་སྐྲག་པ་ལ།། ཏྲ་ཊ་ལ་སོགས་རྣམ་པོར ་ཤེས།། འཇིལ་ལས་སརྦ་ཏ་ཐཱ་སོགས།། རིག་སྔགས་གཅོད་ལ་ཚི་ན་ད་སོགས།། གནོན་ལ་བན་དྷ་ཡ་སོགས་ཡིན།། ལས་རྣམས་འཇོམས་ལ་ཧེ་སོགས་སྦྱར།། ལས་འཇིག་པ་ལ་ཀི་ལི་སོགས།། གདོན་བརླག་པ་ལ་སཱ་ད་ནི།། བྷཱུ་ཏེ་ལ་སོགས་དེ་བཞིན་ནོ།། ་དེ་ལས་ཐར་ལ་ཙ་ར་སོགས།། དགུག་ལ་གྷུརྞ་ལ་སོགས་པའི།། ལས་བྱེད་པ་ལ་ཙུ་རུ་སོགས།། མ་གྲུབ་གྲུབ་བྱེད་ཨེ་ཧེ་སོགས།། གྲུབ་པ་བརྟན་ལ་མ་ཏི་སོགས།། ངེས་པར་སྦྱར་བས་འགྲུབ་པར་འགྱུར།། གནོད་སྦྱིན་ནམ་བ་ལ་སོགས་ཡིན།། སྲུང ་ལ་མན་སོགས་ངེས་པར་བྱ།། ཞི་ལ་ཏི་ཏི་ལ་སོགས་སོ།། རྒྱས་ལ་ཏཾ་ཛ་ལྀ་སོགས་ཏེ།། རངས་ཤིང་གསང་ལ་ཨཽ་མུ་སོགས།། རྨུགས་ལ་བན་དྷ་སོགས་སྦྱར་ཏེ།། ཏིང་འཛིན་ལ་སོགས་ངེས་པར་སྦྱར།། དེ་དག་འགྲུབ་པོ་རྒྱལ་བས་གསུངས།། ཡང་ན ་བསྡུས་པ་འདི་ལ་སྟེ།། སེམས་ཅན་སྐྲག་པར་བྱ་བས་ན།། རྨུགས་པའི་བར་དུ་བཅོ་ལྔ་ལ།། ཧ་ར་ནས་ནི་ཧཱུཾ་ཕཊ་བར།། བཅོ་ལྔ་མཁས་པས་རིམ་བཞིན་སྦྱར།། གཞན་ཡང་ལས་རྣམས་དག་ནི་འདི་ལྟ་སྟེ།། སྡི་ག་སྦྱང་བ་ལ་སརྦ་པཱ་བའོ།། བཤགས ་དང་དག་བསམ་དེ་བཞིན་བྱ།། དུཿཁཙྪེ་ད་སྡུག་བསྔལ་མེད་ལ་སྟེ།། ཐམས་ཅད་ཅི་ལ་ཏན་ཏུ་མུ་ལའོ།། དཔལ་ལྡན་ཤྲི་མཾ་བཞིན་ངེས་པར་སྦྱར།། དབང་པོ་ཉམས་ཕྱིར་ཨིན་དྲ་བུ་ཤ་ཡ།། ཚེ་ཟད་སྲིང་བ་ཨ་ཡུརྡ་དེ་སྟེ།། ཚེ་ཉམས་རྒྱས་ལ་ཨཱ་ཡུ་བུཥྚ་ལའོ།། ་བྱུར་ལ་སམ་པ་ཏི་ཡང་ངེས་པརཱྀ་བྱཱ།། ཝཱི་རིང་བ་ལ་དེ་བ་ཨཱུ་ཡའོ།། མཛའ་ལྡང་བ་ལ་བྲེ་དག་པྲྀ་ཡང་བྱ།། རིགས་བཞིས་གཙ་ས་ལྭ་ཙཏྟ་ར་ཀཱ་ལ་དང་།། ཤཱན་ཏིང་ཀུ་རུ་པྲཱི་ཡ་ངེས་ཞེས་བྱ།། འཁྲུག་ལ་མན་ཨ་ཤ་ཨཱ་ཀང་ངོ་།། ནོར་ཟང་ཨརྡྷ་ས་ར་ནོ་དྷིའོ།། ་དོན་ལས་བྱུང་ཨ་ཤོད་པ་ཡཾའོ།། འཇིགས་ལ་ཨ་ཤརྞྞ་ཡཾ་ཤཱན་ཏང་སྟེ།། ཕོངས་ལ་ཨ་ཤ་ར་ཡང་སྦྱར་བར་བྱ།། གཟའ་ལ་སོགས་པ་གོང་བཞིན་འདིརེ་ཤེས་ཏེ།། གདོན་ལ་ད་ཤ་ཨཽ་ཤ་ཨུ་ཙ་ཏ་ཡའོ།། མྱ་ངན་དེ་བཞིན་ཨ་ཤོ་སུ་དྷ་ཡ།། རྨི་ལམ་ངན?་དྷུར ་བནྡྷ་ཀཱ་ར་སྟྭ~ཾ།། མཛེ་ལ་ཀོར་བྲི་མོ་ཀ་ཡའོ།། བསོད་ནམས་འཕེལ་ཕྱིར་ཕུ་ཕྱར་དྷཱ་ཡ་བཟླས།། འབྱོར་ལ་མཁས་པོས་མི་འགྲུབ་གང་ཡང་མེད།། ཀུན་ལ་ཁྲུས་སོགས་རབ་ཏུ་སྔགས་པ་ཡིན།། རྣལ་འབྱོར་གཙང་སྒྲ་ལྡན་པས་བསྒྲུབས་ན་འགྲུབ།། ད་མིན་བྱེས ་ནམྦྷི་ནི་མི་འགྲུབ་པས།། དེ་ཕྱིར་ལུས་ངག་བྱ་བ་དག་ལ་འབང་པོར་བྱ།། འདི་བྱས་བསོད་ནམས་སེམས་ཅན་ཀུན་ལའོ།། རྡོ་རྗེ་རྣམ་པར་འཇོམས་པའི་མན་ངག། ལས་ཀྱི་ཐབས་ཞེས་བྱ་བ་སློབ་དཔོན་གྲུབ་པ་ཆེན་པོ་བུདྡྷ་གུ་ཧྱེ་ས་མཛད་པ ་རྫོགས་སོ།། ། ་