CLOSE WINDOW

GT1756: 'phags pa rdo rje rnam par 'joms pa'i gtor ma'i cho ga'i rim pa zhes bya ba
Wyliee-texts produced with BDRC’s OCR application

གྲསང་བས་རིགས་ཅན་དུ་མཛད་པ་རྫོགས་སོ།། ། མཁན་པོ་དེ་ཉིད་དང་། ལོ་ཙ་བ་དཔའ་མཉྫུ་ཤྲི་ཝརྨས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨཱརྱ་བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་བ ་ལི་བི་དྷི་ཀྲ་མ་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་གཏོར་མའི་ཆོ་གའི་རིམ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། དོན་རྣམས་མ་ལུས་རབ་མཛད་པའི།། རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ། ་རྣལ་འབྱོར་ཀུན་ལ་ཕན་བསྐྱེད་པའོ།། གཏོར་མའི་ཆོ་ག་མདོར་བསྡུས་བཤད།། བར་བཅད་ཞི་དང་ཚོགས་པས་གོ་དང་།། འདོད་པ་ཐམས་ཅད་རབ་སྒྲུབ་ཕྱིར།། བླ་བ་ཞག་དང་ཐུན་མཚམས་ལ།། ཡོ་བྱད་ཅི་འབྱོར་གཏོར་མ་གཏོང་།། གཏོར ་མའི་ཆོ་ག་རྒྱས་པ་ནི།། བླ་མོས་གཡོས་ཡིག་གསུམ་ལྟར་བྱས།། རྣལ་འབྱོར་དོན་ཕྱིར་བསྡུས་པ་འདི།། བདག་བྱས་ཚོ་གས་ཀུན་ལ་འགྲོ།། དེ་བས་སོ་སོའི་ལྷ་ཚོགས་དང་།། ཞི་སོགས་གང་འདོད་ལྷ་ཚོགས་བསྒྱུར།། མདུན་དུ་མཎྜལ་ལེག ་བྱས་ཏེ།། ཕྱོགས་སྐྱོང་བགེགས་ལ་མེ་ཏོག་དབུལ།། རྒྱལ་ལ་སོགས་པ་དེ་བཞིན་ཏེ།། ཁྲི་སྟེངས་རིན་ཆེན་སྣོད་གཙང་མ།། འབྲས་ཆུན་ཁུར་བ་ཤ་སོགས་པའི།། གཏོར་མ་གསུམ་མཱམ་གཅིག་དག་སྟེ།། མ་ཆོད་ཡོན་མཆོད་པ་ལྔ་བཅས ་པོའོ།། སྔགས་པ་ཁྲུས་བྱས་གོས་གཙང་གྱོ་ནོ།། ཡཾ་དམ་ལྷར་གནས་བགེགས་བསལ་ནས།། ཡང་སྙིང་གིས་སམ་ཡིག་གསུམ་གྱིས།། བདུད་རྩིར་བྱིན་བྱིན་བརླབས་ཡིག་གསུམ་གྱིས།། དེ་ཡི་སྔགས་དང་ཕྱག་རྒྱ་སྤེལ།། དེ་ནས་དགུག ་བྱེད་ཕྱག་རྒྱ་དང་།། ཛཿཞེས་པ་ཡིས་ཕྱོགས་སྐྱོང་བགེགས།། བཀྲ་ཤིས་ལྷ་མོ་བཅས་ཏེ་དགུག། མེ་ཏོག་སྟན་ལ་རབ་ཏུགཞག་ནས།། ཡུམ་གྱི་རྒྱུས་གདབ་དམ་ཚིག་བསྟན།། བསང་གཏོར་མཆོད་ཡོན ་མཆོད་ལྔ་དབུལ།། དྲི་ནས་ལག་གཡོས་སྙིང་གར་གཏད།། གཡོན་པ་རྩེ་གསུམ་གཏོར་མར་བསྟན།། སཾ་གོལ་བརྡབ་བཙོད་རང་སྔགས་དབུལ།། ཨོཾ་བཛྲ་ཨཱརཧཱུཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྲ་ཏྲེ། བ་ཤ་དི་ཀྵོ་ཀ་པཱ་ལ་དྷྲི་ག། སརྦ ་བིགྷྣཱ་ནཱཾ། མཱཾ་ག་ལ་དེ་བི་ཨཉྫ། ས་པ་རི་བཱ་རཾ། བ་ལཾ་པཱུ་ཛ་ཁ་ཧི། མ་མ་སཱརྦ་ཀརྨཱ་སཏྱ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ལན་གསུམ་བརྗོད་ལ་གཏོར་མ་དེ།། བདུད་རྩི་འདོད་ཡོན་ལྔ་ལྡན་པར།། རྡོ་རྗེ་ཞལ་དུ་རང་སྔགས་ཀྱིས།། བྲིས་པས་སྦྱིན་པ་གཉིས་རྫོགས་བསམ།། ་སྦྱིན་པ་གཉིས་རྫོགས་ཚིག་ཀྱང་བརྗོད།། དབང་པོ་རྡོ་རྗེ་འཆང་སོགས་ཀྱིས།། ཕྱོགས་སྐྱོང་དག་ལ་བསྟོད་པ་བྱ།། བགེགས་ལ་བཀའ་བསྒོ་ལྷ་མོ་ལ།། བཀྲ་ཤིས་གསོལ་གདབ་ཀུན་ལ་ཡང་།། ཞི་བ་ལ་སོགས་གོང་འདོད་ཞུ།། མཆོད་པས་མཆོག ་དྭཻ་སེ་གོལ་སྒྲ།། ཡི་གེ་བརྒྱ་པ་མུཿབཅས་པ།། བཟོད་གསོལ་རང་གནས་གཤོགས་སུ་གསོལ།། གཏོར་མོ་ཐོག་རིང་གནས་བཅས་བཞར།། དྲི་མ་མ་ཡལ་འབྱུང་པོ་མཉེས།། དེ་བས་ཁྱི་བྱ་དག་ལ་མིན།། འདི་ནི་གང་འདོད་ལས་འགྲུབ་སྟེ།། ་རང་གི་ལས་ཞེས་གསུངས་པ་ན།། འབད་དེ་སྒྲུབ་ཀུན་ཞུགས་པ་ཡི།། རྣལ་འབྱོར་པ་ཡིས་གུས་བྱས་ནས།། དངོས་གྲུབ་རྣམ་གཉིས་གྲོགས་སུ་འགྱུར།། སངས་རྒྱས་གསང་བ་དག་གིས་ནི།། འཇམ་དཔལ་གོ་ཆས་གསོལ་བཏབ་ནས།། གཏོར ་གས་པ་སྟེས། ངས་ཐ་ཀུན་ཀྱང་བྲལ་བ་གག་ཇི་རྣམ་པར་ཐམས་པའ་བཏོ་མ་ཐོབ་བ་ཅན་པོས་མ་རྒྱས་གས་ས་མ་རྣམམས ་མནྟ་བཱི་ལམས་འགྱུར་བའོ།། སོ་མང་གྲོལ་བ་པོས་ཇི་རྣམ་པར་འཇོམས་པའི་འཏོར་མ་གྲོའི་དཔོར་ཆེརན་པོསངས་རྒྱས་གསང་བས་མང་བརྫོགས་སོ།། ། རྒྱ་གར་གྱིམ་ཁན་པ་ཉིང་དང་། ལོ་བ་འ ་