| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷ་ར་ཎི་ཨེ་ཀ་བཱི་ར་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་དཔའ་བོ་གཅིག་ཏུ་སྒྲུབ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ ་ཕྱག་འཚལ་ལོ།། གང་ཞིག་རྡོ་རྗེ་བདག་གཞན་རྫོགས།། རྫོགས་ན་མཐར་ཕྱིན་སྐུར་གནས་པ།། རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ།། བྱ་བ་ཉུང་བའི་སྒྲུབ་ཐབས་བྲི།། ག་ང་ཞིག་ཤེས་རབ་ཆུང་གྱུར་ལ།། སྤྲོས་ལོ་མི་དགའི་རྣལ་འབྱོར་པ།། དམ ་ག་དབང་ཐོབ་རྗེས་གནང་ཅན།། དེས་ནི་དོན་གཉིས་ཕྱིར་འདི་བསྒྲུབ།། རྒྱས་པར་ཡན་ལག་བྱ་བ་ཀུན།། སྒྲུབ་ཐབས་ཚེ་ལས་འབྱུང་བཞིན་བྱ།། ཁྱད་པར་མན་ངག་འདི་ལྟ་སྟེ།། རབ་ཏུ་དབེན་པའི་གནས་དག་ཏུ།། རྣལ་འབྱོར་འཁོར་དང་བཅས་པ་ཡིས།། ་དུས་ངན་བར་ཆད་བསལ་བྱས་ཏེ།། མཎྜལ་ལ་བརྟན་མཆོད་པ་དང་།། བུམ་པ་གཉིས་དག་ལེགས་བྱ་སྟེ། སྔོན་དུ་རྡོ་རྗེ་ནུས་པས་བསྙེམ། ཐོ་རངས་དུས་སུ་ཁྲུས་གཉིས་བྱ།། བཤང་སོགས་སྤངས་ཏེ་སྟན་བད་ལ།། གནས་པས་ཡང་སྙིང་གིས་བགས ་བསྐྲད་།། ལྷ་གཉིས་བླ་མ་མདུན་བལྟས་ཏེ།། བདུན་པོ་དག་བྱས་སྡོད་པར་བསམ།། དཾ་ལས་རྡོ་རྗེའི་ཁཱ་པ་སྟེ།། གདེན་བཅེས་སྟེང་དུ་ལྷ་དྲུག་གིས།། བདག་ཉིད་ཕྱག་ན་རྡོ་རྗེར་བསམ།། བུམ་པ་སྟོང་སོགས་གདན་ངག་ལ།། ཧཱུཾ་ལས་རྡོ་རྗེ་རྣམ་འཇོམས་ཏེ།། ་ཡུམ་དང་ཁྲོ་བོ་བཅས་པར་བསམ།། སྤྱན་དྲངས་བགེགས་བསྐྲད་ཡོན་ཕུལ་ནས།། ཕྱག་རྒྱ་སྔགས་ཀྱིས་བསྟིམ་པར་བྱ།། ཕྲེང་བ་བྱིན་བརླབས་ཐུགས་ཟླ་བ།། རྡོ་རྗེ་ལྟེ་བར་བསྔགས་བསམས་ཏེ།། ངག་གསང་གསུམ་བཟླས་དོན་གཉིས་བྱས།། བར ་ཆང་བྱུང་ན་བསལ་ལ་བསྒྱུར།། སྤྱོད་ལམ་ལེགས་བྱས་འབད་པ་ཡིས།། རྟགས་བྱུང་ནུས་པ་ཐབ་པ་ཡས།། རྟགས་བྱུང་ནུས་པ་ཐོབ་པ་ཡི།། དེ་ནས་གཞན་དོན་སྒྲུབ་པ་ནི།། ནང་སོགས་ཞི་བར་བྱ་བའི་ཕྱིར།། སྟ་གོན་གནས་ལས ་ཆོ་ག་བྱ།། དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ།། ཐིག་གོད་པ་ཕོ་བྲང་ཟླུམ་པོ་ལ།། རིན་ཆེན་ཕྲེང་བ་ལྟ་གནས་གཉིས།། སྒོ་ལྡན་བྲིས་ཏེ་རྒྱན་བཀྲམ་ནས།། བུམ་པ་དབུས་ནས་ནུབ་སྒོར་ཏེ།། ཁྲུ་ས་སོགས་སྔར་བཞིན་ཤེས་པར་བྱ།། སྔགས་གཉིས ་གྲངས་ལྡན་གྲག་པའི་སྒྲ།། རྡོ་རྗེ་ནང་སོགས་འཇོམས་པར་བསམ།། དེ་ནས་ཁྲུས་ཀྱི་ལས་ལ་སྦྱར།། མཚན་མ་ཕྱིས་ནས་ནུབ་སྒོ་ནས།། དབུས་སུ་བཞགས་ནས་བགེགས་བསྐྲད་ནས།། བྱ་བ་དང་བསྲུང་བ་ཀུན་བྱ་སྟེ།། བུམ་ཆུ་སྔགས་དང་བཀྲ་ཤིས ་སྒྲས།། དབང་བསྐུར་ཁྲུས་བུ་ནད་སོགས་ཞི།། བསམས་ཏེ་རྫས་བརྒྱད་བྱིན་བྱ་སྟེ།། ནུབ་ནས་བཏོན་ཏེ་ལས་ཀྱང་བསླབ།། ཡོན་ཕུལ་ལན་གསུམ་གྱིས་རྫོགས་འབར།། སྔོན་གྱི་ལས་ཀྱང་ངེས་པར་འཇིག། འཕྲལ་གྱི་རྐྱེན་དག་སྨོས་ཅི་དགོས།། གཤེ ་བ་སྡུ་ཕྱིས་ལ་ལེགས་པོར་གནས།། འདི་ནི་བསྡུས་པར་གྱུར་པ་སྟེ།། ལྷོ་གོཉིས་བུམ་པ་གཅིག་པ་ནི།། འབྱོར་པ་ཅུང་ཟད་ཤེས་བྱ་ཞེས།། བླ་མས་གསུངས་ཏེ་དེ་བསྟེན་བྱས།། བདག་གིས་འདྲི་བྱས་དགེ་རྩ་ཡིས།། ཁམས་གསུམ་སེམས ་ཅན་ནང་གཉིས་ཅན།། དེ་ལས་གྲོལ་ཏེ་གསེང་བདག་གིས།། གོ་འཕང་རྣམ་གཉིས་ཐོབ་པར་ཤོག། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྒྲུབ་པོའི་ཐབས་དཔའ་བོ་གཅིག་པ་ཞེས་བྱ་བ་མཁས་པ་ཆེན་པོ་སངས་རྒྱས ་གྲསང་བས་རིགས་ཅན་དུ་མཛད་པ་རྫོགས་སོ།། ། མཁན་པོ་དེ་ཉིད་དང་། ལོ་ཙ་བ་དཔའ་མཉྫུ་ཤྲི་ཝརྨས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨཱརྱ་བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་བ ་