CLOSE WINDOW

GT1748: rdo rje rnam par 'joms pa'i las bzhi sgrub pa'i cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཛྲ་བི་དཱ་རཱ་ཀརྨྨ་ཙ་ཏུ་སཱ་དྷུ་བཾ་དྷཱི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག། རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། གཉིས་མེད་ཡེ་ཤེས་རྡོ་རྗེ ་ཅན། ཏམཱ་རུངས་འདུལ་ལ་ཕྱག་འཚལ་ནས།། འབྱུང་བ་བཞི་ལ་བརྟེན་པའི་ལས།། ཚར་བཅས་རྗེས་སུ་གཟུང་བ་བཤད།། ས་ཕྱོགས་གང་དུ་གནོད་པའི་ལས།། སྒྲུབ་པར་འོད་པ་དེར་གནས་ཏེ།། ཆུ་སྒོ་ཅན་ནས་ས་བླངས་ལ།། ཐབ ་ཁུང་མེ་དུབྱིབས་ནག་པོས་བྱོག། གནག་དང་འཁྱོག་དང་དྲི་ང་དང་།། སྲིན་གྱིས་རྣམ་པར་ཟོས་པ་དང་།། རེག་ན་ཟུག་དུ་བསྐྱང་པོའི་ཤིང་།། ཁུང་དང་རྗེས་མཐུན་དབྱིབས་སུ་གཅིག། གུ་གུལ་ནག་པོ་ན་རའི་ཤྭ། ཁ་ཡིག་གཤོག་པ ་བོང་བུའི་སློངས།། མཆེ་བ་ཅན་གྱི་རྟུག་པ་དང་།། ཡུངས་ཀར་གདོན་རྣམས་ཚར་གཅོད་བྱེད།། ཏིལ་དང་མེ་ཏོག་ནག་པོ་དོང་།། མ་ཤ་ལ་སོགས་འབྲུ་ནག་བཅོས།། དུག་། བྲག་ཚྭ་བའི་མར་བུ་རྣམས།། སྐྱེས་པའི་ཡན་ལག་ལས ་བྱུང་བའི།། སྣོད་དམ་ཡང་ན་ལྕགས་ཀྱི་སྣོད།། ནོམ་པའི་ཤིང་ལོའི་སྣོད་གཞག་ནས།། རྡོ་གཉིས་གཙུ་བཱས་ལས་བྱུང་བ་འམ།། རྔོན་པའི་ཁྱིམ་བླངས་མ་སྦར་ཏེ།། དེ་དབུས་རཾ་ལས་དྲག་པའི་མེ།། ཁྲོ་གཟུགས་འཇིགས་པར་བྱེད་པ་པོ།། ་མདོག་ནག་རྣམ་པར་གཙིགས་པའི་ཞལ།། བགྲང་ཕྲེང་མི་འཇིགས་སྦྱིན་པ་དང་།། དབྱུག་གུ་རྩ་གསུམ་སྤྱི་བླུགས་འཛིན།། ཕྱག་བཞི་འཇིགས་ཆེན་འཇིགས་མཛད་པ།། ར་ཡི་སྟན་ལ་གནས་པ་བསྐྱེད།། ཡེ་ཤེས་མ་ནི་སྤྱན་དྲངས་ཏེ།། ་དེ་དང་གཉིས་སུ་མེད་བྱས་ལ།། མཆོད་དང་བསྟོད་པས་མཉེས་པར་བྱ།། ཨོཾ་ཨགྣེ་དེ་བཱ། ཀ་ལ་རུཏྶ། མཧཱ་རུ་ཏཱ། སརྦྦ་ཀརྨྨ་མ་ཧཱུཾ་ཤྭ་ར་དུཥྚཱ་ན་མཱ་ར་ཡ་ཧཱུཾ་ཕཊ། སྔགས་བཅས་རྫས་རྣམས་ཚ་བ་ཡི ་མར་ལ་སྦགས་ཏེ་མེ་ལ་དབུལ།། སླར་ཡང་མཆོད་དང་པོསྟོད་པ་ཡིས།། མཉེས་པར་བྱས་ཏེ་མེ་དབུས་སུ།། རང་ལྷ་བསྐྱེད་དང་ཡེ་ཤེས་གཞུག། དེར་ཡང་མཆོད་དང་བསྟོད་བྱས་ཏེ།། ཚ་བའི་མར་གྱིས་སྐྱུགས་པའི་རྫས།། སཱ་ཌ ་བཅས་བསྲེགས་པས་ལྷ་མཉེས་བྱས།། འདིར་ཡང་དེ་བཞིན་མཆོད་པ་དང་།། བསྟོད་པས་མཉེས་བྱས་སྒྲུབ་གསོལ་དང་།། ཡི་གེ་བརྒྱ་པའི་གསང་སྔགས་ཀྱིས།། ཡོངས་སུ་དོག་པས་མཉེས་པར་བྱ།། རྡོ་རྗེའི་སྔགས་ཀྱི་ལྷ ་གཤེགས་ཏེ།། སླར་ཡང་མི་དམིགས་མཆོད་པ་དང་།། བསྲེགས་དང་མཆོ་ག་དང་ལས་སྒྲུབ་པར།། གསོལ་བཏབ་ནས་ནི་གཤེགས་གསོལ་བྱ།། འདི་སྣ་ནི་སྒྲུབ་ལ་བར་གཅོད་པའི།། བགེགས་མེད་དངོས་གྲུབ་སྦྱིན་པར ་བྱེད། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་མེ་དྲང་འབྲེལ་པའོ།། ། ཐལ་བ་མཚན་དེན་གནོད་གཞག་པ།། དྭེར་ནི་བགེགས་ཀྱི་གྲཝ་ཟུགས་བྲིས་ལ།། དཀྱིལ་འཁོར་དུར་ཁྲོད་སོ་ཕེ་ག་གིས།། མ ་གཟུགས་བྲིས་པའི་སྟེང་དུ་གཞག། རང་ལྷར་བསྒོམས་པའི་སྙིང་ག་ཡི།། ཡེ་ཤེས་ཡི་གེའི་འོད་གཟེར་གྱིས།། བགེགས་བཀུག་མདུན་གྱིས་སྔགས་ལ་བསྟིམ།། སྔགས་འོད་མ་བཞིན་ཚ་བ་ཡིས།། བསྲེག་པར་བསམ་ཞིང ་བཟླས་པར་མཐར།། ཡུངས་ཀར་ཡུངས་ནག་སྐེ་ཚེ་དུག། གསང་སྔགས་བཟླས་དང་བཅས་པ་བྲབ།། སྐྱེས་པའི་རྐང་ངམ་སེད་ལྡེང་གི། ཕུར་བུ་སྔགས་བཅས་སྙིང་གར་བསྣུན།། དེ་མཐའ་གཟུགས་བཅས་ཐུལ་བ་ལ།། རྣམ ་པར་འཐོར་བའི་སྦྱོར་བ་ཡི།། ཚར་གཅོད་བགེགས་མེདི་གྲུབ་སྦྱིན་བྱེད།། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་རླུང་དང་འབྲེལ་པས་འཐོར་བའོ།། ། བསྲེག་པའི་ཐལ་བ་ཆ་སྒོ་ཅན།། ཤིང་གཅིག་རྩ་བ་འཇུག ་གས་ས།། ནི་མོ་པའི་ཁུ་བས་སྤྲུལ་པ་ལས།། བགེགས་གཟུགོས་སྙིང་གར་སྔགས་བྲིས་གཞུག། རང་ལྷ་ཡེ་ཤོས་ཡི་གེ་ཡི།། འོད་ཀྱིས་བགེགས་བཀུག་གཟུགས་ལ་བསྒྲིམ།། སྔགས་འོད་ཞགས་པས་འཆིང་པ་ཡིས།། ་བསམ་གཏན་ལྡན་པས་རིག་སྔགས་བཟླས།། འཚག་དང་འཕར་དང་སྙིང་རྗེ་བའི།། ང་རོ་འདོན་པའི་རྟགས་ཐོབ་ནས།། མཆོད་རྟེན་མཚན་མ་གཅིག་པ་ལ།། དུར་ཁྲོད་མ་མོའི་ཁྱིམ་དུ་སྦ།། སྦྱོར་འདིས་བསྒྲུབ་ལ་བར་གཅོད་པ།། ་བཅིངས་ནས་བགེགས་མེད་དངོས་གྲུབ་སྟེར།། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་སུ་བྱ་བ་ས་དང་འབྲེལ་བ་མནན་པའོ།། །། དབེན་པར་ཚྭ་སྒོ་ཙྪིན་ས་ལ།། དུག་དང་ཁྲ་ག་སྦྱར་ཆུས་སྤགས་པས།། ་དཀྱིལ་འཁོར་གྲུ་གསུམ་དུག་དང་ཁྲག། རོ་བསྲེགས་སོལ་བས་ནག་པོར་བྱུག། དེར་ནི་བུམ་པ་ཁ་དོག་གནག། སྔོན་པོ་རས་ཀྱིས་མགུལ་དཀྲིས་ཏེ།། གདུག་པའི་ཤིང་གིས་ཁ་བརྒྱན་པ།། རྒྱུན་བྲལ་ཆུ་ཡིས་ལེགས་བཀང ་སྟེ།། དེར་ཡང་མཱིངྒ་རྱཱ་སྱ་ཡུངས་ཀཱར་དང་།། དུག་ཁཱག་གླུ་གུལ་སྟེ་ཆོག་ཞུག། རང་ཝཱའི་རྣལ་འབྱོར་ལྡན་པ་ཡིས།། བུམྦྷ་ནཱ་དྱཱ་ཡ~ཾ་ར་བྷྲཱུཾ་བྷྲཱུཾ་ལས།། རླུང་གནས་མྱེ་སྟེང་རྒྱུ་དཀྱིལ་འཁོར།། སྒོམ ་ཏེ་རང་སྙིང་ས་བོན་ལས།། བགེགས་བཀུག་འཁོར་ལོའི་ལྟེ་བར་གཞུག། སྔགས་ཀྱི་འོད་ཀྱིས་བསྐུལ་བྱའི་རྙི་།། རྣམ་པར་གཡོས་པཱ་ས་མེ་སྦྱར་ཏེ།། རབ་ཏུ་ཁོལ་བའི་ཆུ་རླབས་དྲ་ང་།། བསྲེགས་པའི་འཁོར་ལོས་བགེགས ་ཀྱི་ལུས།། ཉམ་ཐཱག་བྱེད་བསྒོམས་གསང་སྔགས་བཟླས།། སྦྱོར་བ་འདི་ཡིས་ཇི་སྲིད་དུ།། མངོན་པར་འདོད་པ་རྫོགས་པ་དང་།། གང་གི་ལུས་ལ་ཚུས་རིག་པཾ།། བགེགས་ཀྱི་གནོད་པ་ལས་གྲོལ་འགྱུར།། དཔལ་རྡོ་རྗེ་རྣམ ་པར་འཇོམས་པའི་ལས་སུ་བྱ་བ་ཆུ་དང་འབྲེལ་པས་བཀྲུ་བའོ།། རྡོ་རྗེ་ཅན་གྱི་ལས་གང་གི། མ་རུངས་གདོན་བགེགས་ཚར་གཅོད་ནས།། འགྲོ་རྣམས་རྗེས་སུ་འཛིན་པའི་ལས།། འདི་ནི་གཞན་ཕན་བྱེད་པའོ།། རྡོ་རྗེ་རྣམ་པར ་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག། བྲམ་ཟེ་མ་ནཱི་བཛྲིས་མཛད་པ་རྫོགས་སོ།། ། པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང་། ལོཙྪ་པ་རབ་ཞི་བ་ཤེས་གཉེན་གྱིས་བསྒྱུར་བའོ།། ། རྒྱ་གརེ་སྐད་དུ། བཛྲ ་