CLOSE WINDOW

GT1745: rdo rje rnam par 'joms pa'i bum pa'i cho ga
Wyliee-texts produced with BDRC’s OCR application

གང་ཞིག་སྡང་དང་གདུག་པ་ཚར་གཅོད་ཕྱིར།། བསྡིགས་པའི་ཚོན་ཆ་སྣ་ཚོགས་འཛིན་པའི་སྐུ།། ཉོན་མོངས་དུག་ཆེན་རྩད་ནས་གཅོད་མཛད་པའི།། སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག ་འཚལ་ལོ།། བསྐལ་པའི་མེ་ལྟར་འབར་བའི་བོད་དབུས་ན།། དཔའ་བོ་སྟ་སྟབས་བརྐྱང་བསྐུམ་ཚུལ་བཞུགས་པ།། སྤྱན་གྱི་སྡེང་མིག་ཉི་ཟླ་འབར་བ་ཡི།། བགེགས་དཔུང་བསྲེགས་པ་ར་མཛད་ལ་ཕྱག་འཚལ་ལོ།། དུས ་མཐའི་མེ་ལྟར་གཟི་བརྗིད་འབར་བའི་སྐུ།། གློག་སྟོང་འགྱུར་འདྲ་ཁྲོ་གཉེར་མཆེ་བ་གཅིག་ས།། གསུང་གི་དཱ་རོ་འབྲུག་སྟོང་བཞིན་སྒྲོགས་པས།། བགེགས་འདུལ་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ།། དཔལ་རྡོ་རྗེ་རྣམ ་པར་འཇོམས་པ་ལ་བསྟོད་པ་སློབ་དཔོ་ན་བྲམ་ཟེ་མ་ཎི་བཛྲཱིས་མཛད་པ་རྫོགས་སོ།། ། པཎྜི་ཏ་ཛྙཱ་ན་ཤྲཱི་དང་། ལོ་ཙ་བར་བཞི་པ་ཤེས་གཉེན་གྱི་སྟེ་བསྒྱུར་བའོ།། ། རྒྱུ་ག ་སྐད་དུ། བཛྲ་བི་དཱ་ར་ཀཻ་ལ་ཤ་བྷི་དྷི། བོའི་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་བུམ་པའི་ཆོ་ག། རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། ཡིད་དུ་འོང་བའི་ས་ཡི་ཆུ་ར།། ཀུན་ཏུ་སྤྱོད་པའི་གཙང་ལྡན་པས།། གསེར ་རམ་དངུལ་ལམ་ཁམ་གཞན་གྱི།། བུམ་པ་མཚན་ཉིད་བཟང་ལྡན་པ།། ལེགས་བཀྲུས་དཀར་པོའི་རྫས་ཀྱིས་བྱུགས།། དྲིས་བདུག་རས་ཀྱིས་མགུལ་པ་དཀྲིས།། མེ་ཏོག་སྲང་བུས་མཛེས་བྱས་པར།། རིན་ཆེན་རྨ་མེད ་ཅན་དན་དྲི།། རྒྱུ་འབབ་ཆུ་ཡིས་ལེགས་བཀང་བ།། བཟང་པོའི་ཤིང་གིས་ཁ་བརྒྱན་ཏེ།། ས་དང་ལྕི་བར་བསྲེས་པ་ཡི།། དཀྱིལ་འཁོར་འདབ་བརྒྱད་པད་དབུས་སུ།། དཱུརྦཱའི་སྟན་ལ་ཡང་དག་གཞག། དྲི་ཞིམ་ཆུ་ཡིས་བཀང་བའི ་སྣོད།། རྡོ་རྗེ་མེ་ཏོག་ཕྲེང་བར་ལྡན།། རང་ལྷའི་བསམ་གཏན་ལ་བཞོལ་བས།། སྟོང་པའི་སྔགས་ཀྱིས་རྣམ་སྦྱངས་ཏེ།། བྲུཾ་ལས་རིན་ཆེན་གཞལ་ཡོས་ཁང་།། བ~ཾ་བྱུང་འོ་མའི་རྒྱ་མཚོར་ལྡན།། པཾ་པདྨ་ཨ་ལས་ཟླ་དཀྱིལ་འཁོར།། ་དེར་གནས་ཧཱུཾ་ཡིག་སྤྲོས་བསྡུས་ལས།། ཁྲོ་བོ་ཁྲོ་བའི་འཁོར་ལོ་བསྐྱེད།། ཡེ་ཤེས་སྤྱན་དྲངས་མཆོད་པ་དང་།། བསྟོད་དང་གཉིས་སུ་མེད་པར་བྱ།། དབང་བསྐུར་སླར་ཡང་མཆོད་བསྟོད་ནས།། རང་སྙིང་སྔགས་ཀྱིས་ཕྲེང་བཀོད་དེ། ་བཟླས་དང་བུམ་པར་སྤྲོ་བྱ་བ་ར།། ལན་གྲངས་ཉི་ཤུ་རྩ་གཅིག་གམ།། ཡང་ན་པོརྒྱ་རྩ་བརྒྱད་ལ་སོགས།། ཇི་སྲིད་མངོན་པར་འདོད་པའི་མཐར།། མཆོད་བེ་སྟོད་འདོད་དོན་གསོལ་བ་དང་།། ལྷ་རྣམས་ཡེ་ཤེས་བདུད་རྩི་ཡིས།། ་རབ་བཀྲུས་གཙང་མར་གྱུར་པ་དང་།། ནད་མེད་བགགས་རྣམས་འཇོམས་པ་དང་།། དཔལ་དུཔྱོད་ཅིང་བཀྲ་ཤིས་དང་།། ཕུན་སུམ་ཚོགས་མིན་འཇོམས་པར་བྱེད།། རྡོ་རྗེ་རྣམ་པར་འཇོམས་པའི་བུམ་པའི་ཆོ་ག་རྫོགས་སོ།། ་རྒྱ་གར་སྐད་དུ། ཤཾ་ཏི་ཧོ་མ་བི་དྷཾ། བོད་སྐད་དུ། ཞི་བའི་སྦྱིན་སྲེག་གི་ཆོ་ག། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། ཟུག་རྔུའི་ཉེས་པ་དོང་བྲལ་ཞིང་།། མི་ཤེས་མཚན་མ་སྤངས་པ་དང་།། མ་རུངས་གདོན ་