CLOSE WINDOW

GT1740: 'phags pa rdo rje rnam par 'joms pa'i sgrub thabs mdor bsdus pa
Wyliee-texts produced with BDRC’s OCR application

ཆོ་ག་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ་རྫོགས་སོ།། ། རྣམ་པར་འཇོམས་པ་ཡེ་ཤེས་སྐུ།། རབ་ཏུ་བཏུང་ནས་མདོར་བསྡུས་བཤང་།། དབེན་གནས་འདུས་ལ་མཎྜལ་བཅའ།། ཁྲུས་བྱས་གོས ་བགྲོས་མཆོད་པོ་བཤོམ།། སྤྱན་དྲངས་ལ་སོགས་སྔོན་འགྲོ་བས།། ཚད་མང་བཞི་པོ་བསྒོམ་པར་བྱ།། དེ་ནས་སྟོང་པ་ཉིད་བེ་སྒོམས་ཏེ།། རང་སེམས་ཟླ་བར་ཧཱུཾ་བསམས་བྱ།། ཧཱུཾ་ལས་འོད་ཟེར་འཕྲོས་པ་ཡི།། རྡོ་རྗེ་ར་བ་དྲོ་བ་དང་།། འགྲོ། ་བའི་དོན་མཛད་ཚུར་འདུས་ཏེ།། ཧཱུ~ཾ་ལས་རྡོ་རྗེ་རྩེ་ལྔར་གྱུར།། གླནག་ཅིང་འབར་བའི་མེ་འོད་བཅས།། དེ་ནས་འོད་ཟེར་འཕྲོས་པ་ཡིས།། སྔར་བཞིན་སེམས་ཅན་དོན་བྱས་ཏེ།། སླར་ཡང་རྡོ་རྗེ་ཉིད་ལ་འདུས།། རྡོ་རྗེ་ཡོངས་སུ་གྱུར ་སྐུ་རུ་གསལ།། སྐུ་མདོག་མཐིང་མིག་སྤྱན་གསུམ་པ།། ཉི་མའི་དཀྱིལ་འཁོར་རྣམ་པར་གནོན།། ཕྱག་གཉིས་ཐབས་དེང་ཤེས་རབ་བརྡ།། ཞབས་གཉིས་སྟག་ཡོ་པགས་པ་བསྣམས།། ཀླུ་ལྔས་ལུས་བརྒྱན་མ་དཔུང་འབར།། ་དེ་ལྟར་རྣམ་པར་བསྒོམས་ནས་ཀྱང་།། ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ།། མཆོད་ནས་རབ་ལ་གཞུག་པར་བྱ།། ནམ་པར་སངས་རྒྱས་སྤྱན་དྲངས་ཏེ།། སྤྲུལ་པའི་ལྷ་མོས་དབང་བསྐུར་རོ།། སྤྱི་བོར་སྣ་ཚོགས ་རྡོ་རྗེ་བསམ།། སྤྱན་དྲངས་ལྷ་རྣམསྲ་གཤེགས་པར་གྱུར།། དེ་ནས་རྣལ་འབྱོར་བདག་ཉིད་ཀྱིས།། སྤྱི་བོ་ལ་སོགས་གནས་གསུམོ་དུ།། ཟླ་བའི་སྟེང་དུ་ཡི་གེ་གསུམ།། ཡོངས་གྱུར་མཚན་མ་གསུམ་དུ་གནས།། དེ ་ལས་བཟླས་པ་བྱ་བ་ནི།། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ལ།། སྔགས་དོང་འོད་གཟར་བཅས་པ་ལོས།། ཕྱག་ན་རྡོ་རྗེ་སྐུ་རུ་གསལ།། ཐམས་ཅད་འདུས་པའི་དབུས་དག་ན།། བདག་ཉིད་ཁྲོ་བོ་ཆེན་པོར་གནས།། ཀུན་གྱི་ཐུགས་ཀར ་ཉེཉི་སྟེང་དུ།། རྣམ་པར་འཇོམས་པའི་ཡི་གེ་དགོད།། ཕར་སྤྲོས་དོན་ནི་རྫོགས་པ་དང་།། ཚུར་འདུས་སྒྲུབ་པ་ནུས་པར་ལྡན།། སྔགས་ཀྱི་འབྲུག་སྒྲ་ལྟ་བུ་སྟེ།། སྐྱོན་གཽ་ཏོར་མ་བཏང་བར་བྱ།། མཆོད་པ་བྱས་ཏེ་ཡེ་ཤེས་གཤེགས།། དམ་ཚིག་པ ་རྒྱལ་ཀུན་སྤྱོད་བྱ།། འདིས་ནི་སྒྲུབ་པ་མདོར་བསྡུས་ཏེ། བསོད་ནམས་མཆོག་ནི་གང་ཐོབ་པ།། བདག་དང་སེམས་ཅན་ཐམས་ཅད་ཀྱིས།། རྣམ་པར་འཇོམས་པ་ཐོབ་པར་ཤོག། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་མདོར ་བསྡུས་པ་སློབ་དཔོན་ཙནྡྲ་གོ་མོས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲ་བི་དཱ་ར་མཎྜ་ལ་བི་དྷི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག ་