| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷ་ར་ཎི་བི་དྷི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་ཆོ་ག། རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། ཞི་ཡང་གདུག་འདུལ་ཁྱོ་མཆོག ་སྐུ་འདུད་དེ་ཡི་ཆོ་ག་བཤད།། རང་སྐད་ཅིག་གིས་ལྷའི་ང་རྒྱལ་དང་ལྡན་པའི་ཐུགས་ཀ་རཾ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་ཀྱི་སྔགས་བསམས་ལ་དེའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། བཅོམ་ལྡན ་འངས་ཕྱག་ན་རྡོ་རྗེ་དང་བཅས་པ་སྤྱན་དྲངས་ལ། མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བཾ་དང་། བྱང་ཆུབ་ཏུ་སེམས་བསྐྱེད ་བཱ་དང་། ལམ་ལ་གནས་པ་དང་། ལུས་དབུལ་བ་དང་། དགེ་བའི་རྩ་བ་བསྔོ་བ་བྱས་ལ། ཨོཾ་ཤུ་ནུ་ཛྙཱ་ན་བཛྲ་ས་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་པས་ཆོས་ཐམས་ཅུང་སྟོང་པ་ཉིད་དུ་ལྷག་པར་མོས་པར་བྱའོ།། དེའི་རྗེས་ལ་གཟུངས་ཀྱི ་ཡི་གེ་སྒྲ་ཙམ་ལ་དམིགས་པ་དང་། དེ་ཡོངས་སུ་གྱུར་པ་ལས། གཟུངས་ཀྱི་ཡི་གོ་འབྲུ་རྣམ་པར་བསམ་པ་དང་། དེ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་ཆེན་པོ་གཟུངས་ཀྱི་ཡི་གེ་རྣམས། གཟུངས་ཀྱི་ཚུལ་དུ ་ནང་ན་གནས་པར་བསམས་ལ། དེ་ལས་ཕྱག་ན་རྡོ་རྗེའི་སྐུ་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་སྡུག་བསྔལ་སྦྱངས་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དེ། སླར་འདུས་ནས་ཟླ་བ་ལ་ཐིམ། དེ་ཡོངས ་སུ་གྱུར་པཱ་ལས། བཅོམ་ལྡན་འདས་ཕྱུག་ན་རྡོ་རྗེའི་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས་བསྐུ་མདོག་ལྗང་སྔོན་ཕྱུག་གཡ་སྟནྡ་སྣ་ཚོགས་རྡོ་རྗེ་ངོས་གཅིག་མེད་པ་བསྣམས་པ་གཡོན་པ་དྲིལ་བུ ་དཀུ་རུ་བསྟན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་བ། དེའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་ཀྱི་ཡི་གེ་རྣམས་བསམ་མོ།། དེའི་སྔགས་ཀྱི་འོད་ཀྱིས་མདུན་དུ་ཡེ་ཤེས ་སེམས་དཔའ་རང་དང་འདྲ་བ་ལྕང་ལོ་ཅན་གྱི་ཕོ་བྲང་ནས་སྤྱན་དྲངས་ནས།། མེ་ཏོག་ལི་སོགས་པས་མཆོད་ནས་བསྟོད་དེ། དེ་གཉིས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་སྔགས་ཀྱི་འོད་འཕྲོས་པས་ཡི་གེ་ར་པ་འོད་བསྐལ་པའི་མེ་འདྲ ་བ་བསམ། ཡེ་ཤེས་སེམས་དཔའི་སྐུ་དང་དེའི་ཐུགས་ཀའོ་ཟླ་བ་དང་། དེའི་སྟེང་གི་གཟུངས་ཀྱི་ཡི་གེ་ལ་དམིགས་ཏེ་གཟུངས་གདོན་ནོ།། ཡང་དམ་ཚིག་སེམས་དཔའི་གསུང་ལ་དམིགས་ཏེ་གཟུངས་གདོན་ནོ།། དེ་བཞིན་དུ་རིམ ་གྱིས་ཐུན་བཞི་རུ་གཟུངས་འདུམ་བཟླས་པ་ནི་སྔོན་དུ་བསྙེན་པའོ།། དེ་ནས་ནད་པ་ལ་སོགས་པའི་དོན་དུ་ས་ཕྱོགས་གཙང་མ་རུ་བ་ཡི་རྣམ་པ་ལྔས་བྱུགས་ཏེ། མེ་ཏོག་གི་སིལ་མ་དགྲམ་པར་བྱའོ།། ཕྱོགས་སྐྱོང་བཅུ་དང་བཅས་པའི ་དཀྱིལ་འཁོར་བྲོ་བ་འམ། མཎྜལ་གང་ཡང་རུང་བ་བྱིས་ལ། རིན་པོ་ཆེ་འམ་ས་ལས་བྱས་པའི་བུམ་པ་རྩ་བ་མི་གནག་པ་ནག་པོ་ར་རི་མེད་པའི་རིན་པོ་ཆེ་སྣ་ལྔ་དང་། འབྲུ་ལྔ་དང་། སྨན་ལྔ་དང་། སྙིང་པོ་ལྔ་ད་།། སྤོས་དྲི་ཞིམ་ཐུགས ་ཏེ། ལྡུམ་བུས་ཁ་བརྒྱན་ལ་མགྲིན་པ་རས་ཀྱིས་དཀྲིའོ།། བྲུཾ་ལས་རིན་པོ་ཆེའི་བུམ་པར་བསྐྱེད་དེ་བཾ་ལས་བདུད་རྩིའི་རྒྱ་མཚོ། བཾ་ལས་པདྨ། དེའི་སྟེང་དུ་གོང་བཞིན་དུ་བཅོམ་ལྡན་འདས་བསྐྱེད་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས ་ཏེ་མཆོད་བསྟོད་བྱས་ལ་གཏོར་མ་གཏང་སྟེ། གོང་བཞིན་བཟླས་པ་བྱའོ།། དེ་ན་སོ་ནད་པ་སྡོམ་པ་འཛིན་དུ་བཅུག་ལ། བུམ་པའི་ཆུས་ཁྲུས་བྱས་ན་ནད་པརྒ་ས་ཐར་པར་འགྱུར་རོ།། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲོས་ཀྱི ་ཆོ་ག་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ་རྫོགས་སོ།། ། རྣམ་པར་འཇོམས་པ་ཡེ་ཤེས་སྐུ།། རབ་ཏུ་བཏུང་ནས་མདོར་བསྡུས་བཤང་།། དབེན་གནས་འདུས་ལ་མཎྜལ་བཅའ།། ཁྲུས་བྱས་གོས ་