| Wylie | e-texts produced with BDRC’s OCR application |
མྱུར་དུ་འགྲུབ་གྱུར་ཅིག། རྡོ་རྗེ་འཛིན་པའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། ། སློབ་དཔོན་ཆེན་པོ་བ་སུ་དྷ་བཛྲ་ས་མཛད་པའོ།། ། རྒྱ་གར་སྐད་དུ། བཛྲ་དྷཱ་ར་བ་ལོ་བི་དྷི་ནཱ་མ། བོད་སྐད་དུ། རྡོ་རྗེ་འཛིན་པའི་གཏོར་མའི ་ཚིག་ཞེས་བྱ་བ། བླ་མ་རྗེ་བཙུན་པ་རྣམས་ལ་ཕྱག་འཚལ་ལོ།། ལས་རྣམས་ཀུན་གྱི་སྔོན་འགྲོ་བ།། བཤད་ཕྱིར་ཐ་མ་ལ་གཏུད་དེ།། ཐམས་ཅད་ཚིམ་པར་བྱེད་པ་ཡི།། གཏེར་མའི་ཆོ་ག་དེ་བཤང་བྱ།། དེ་ལ་དང་པོར་རྡོ་རྗེ་འཛིན།། སྒྲུབ་པར ་འདོད་པའི་རྣལ་འབྱོར་པ་དག་གིས། རིན་པོ་ཆེ་ལས་སྣོད་རྒྱ་ཆེ་ལ་བཟང་ལ་མ་ཉམས་པ་དེ་དག་གི་ནང་།། འབྲས་ཆན་ལ་སོགས་པ་ཆན་གྱི་ཚོགས་དང་། ཁུར་བ་ལ་སོགས་པ་བཟའ་བའི་ཚོགས་དང་། ཉ་ཤ་ལ་སོགས་པ་ཤའི་ཚོགས ་དང་། འོ་མ་ལ་སོགས་པ་བཏུང་བའི་ཚོགས་དང་། བུ་རམ་ལ་སོགས་ཏེ་མྱང་བའི་ཚོགས་དང་། བིལ་བ་ལ་སོགས་ཏེ་ཤིང་ཏོག་གི་ཚོགས་དང་། ཏིལ་ལ་སོགས་པ་འབྲུའི་ཚོགས་དང་། ཨུཏྤ་ལ་སོགས་ཏེ་མེ་ཏོག་གི་ཆོ་ག ་དང་། ཨ་ཀ་རུ་ལ་སོགས་ཏེ་བདུག་པའི་ཚོགས་དང་། རིན་པོ་ཆེ་ལ་སོགས་ཏེ་སྣང་བའི་ཚོགས་དང་། ད་རུ་ཀ་དང་དྲི་ཞིམ་སྦྱར་བ་ལ་སོགས་ཏེ་དྲིའི་ཚོགས་དང་། ག་བུར་ལ་སོགས་ཏེ་སྨན་གྱི་ཚོགས་དང་། རོལ་མོ་དང་། གདུགས་དང་། རྒྱལ་མཚན ་དང་། བ་དན་དང་། རས་བཟང་པོ་ལ་སོགས་པ་ཅི་འབྱོར་པའི་ཡོ་བྱད་བཤམས་ཏེ། མཎྜལ་སྔོན་པོ་དག་གི་སྟེང་དུ་མེ་ཏོག་ཆལ་པ་བཀྲམ་ལ་དེའི་སྟེང་དུ་བཞག་པར་བྱའོ།། དེ་ནས་རྣལ་འབྱོར་པ་བདག་ཉིད་མངོན་པར་རྟོགས་པའི་ཆོ་ག་ལྟར་བསྐྱེད་ལ། ་ལག་པ་གཡོན་པའི་མཐིལ་དུ་དྷི་སྦྱར་བའི་ཆུ་བླུགས་ལོ། ཨོཾ་སརྦ་བིགྷྣཱན་ནཱ་ཤ་ཡ་ཨ་མྲི་ཏི་ཀུཎྜ་ལི་ཧ་ན་ཧཱ་ན་ཧཱུཾ། ཞེས་ལན་ཉི་ཤུ་རྩ་གཅིག་ཏུ་བརྗོད་དོ།། ཨོཾ་ཨ་བིགྷ་ནཱཾ་ཏ་ཀྲྀཏྟ་ཧཱུཾ་ཕཊ། ཞེས་པས་གཏོར་མ་ལན་གསུམ་དུ་བྱའོ།། དེ་ནས་ཡོ་ག་ཏྲཾ ་སེར་པོ་ལས་བསྐྱེད་པའི་སྣོད་ཀྱི་དཀྱིལ་འཁོར་གྱི་ནང་དུ། རྫས་དངོས་པོ་དཔག་ཏུ་མེད་པ་བསམས་ཏེ། དེའི་སྟེང་དུ་ཟླ་བའི་ཧཱུཾ་གིས་མཚན་པ་དག་གི་འོད་ཀྱིས་བསྲེགས་ཤིང་སྦྱངས་པའི་བདུད་རྩིའི་དངོས་པོར་གྱུར་པར་བསམ་མོ།། དེ་ནས་ཐུགས ་ཀའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས། བདུད་རྩི་འོ་མ་རྒྱུན་ལྟ་བུ་འབབ་པས་སྣོད་གང་བར་བསམས་ལ་ཨོཾ་ཨཱཿཧཱུཾ། ཞེས་ལན་བདུན་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་སྙིང ་གའི་ས་བོན་གྱི་འོད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྤྱན་དྲངས་ལ་བཛྲ་ཛི་ཧ་ཞེས་བྱིན་གྱིས་བརླབས་ལ་སྔགས་འདི་ལན་བདུན་བརྗོད་ལ་དབུལ་བར་བྱའོ།། ཨོཾ་བཛྲ་པཱ་ཎི་དྷཱ་རཱ་ཡཱ། ཀཱ་ཡ་བཱཀྩིཏྟ་དྷཱུ་བ། པུཥྤ། དཱི་པ། གནྡྷེ་བ་ལི། ཨརྒྷ་ཏཱ་བ་ལ~ཾ ་མ་ད་མཱཾ་ས་ཨི་དཾ་གྲྀཧྞ་ཁཱ་ཧི་ཁཱ་ཧི་དྷུཉྩཱ་ཧོ། པི་བ་ཧོ། ཨ་ཏི་ཀྲ་མ་ཡེ་སྭཱ་ཧཱ། དེ་ནས་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཁམས་གསུམ་གྱི་འབྱུང་པོའི་ཆོ་གས་མ་ལུས་པ་བཀུག་སྟེ། ཨོཾ་བཛྲེ་ཧཱུཾ་ཀ་ར་ཀ་ཊ་ཀ་ཊ་ཀ་ཊ་ཕཊ། ཅེས་བྱི་བས་སྦྱང་ངོ་།། དེ ་ཐམས་ཅད་རྡོ་རྗེ་འཛིན་གྱི་ངོ་བོར་འགྱུར་བར་བསམས་ཏེ། ཡི་གེ་གསུམ་བཀོད་ལ་ལྕེ་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ཨོཾ་ཨ་ཀཱ་རྀ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤནྣ་ཏུཏ། ཨོཾ་ཨཱཿཧཱུ~ཾ་ཕཊ་སྭཱ་ཧཱ་ཞེས་ལན་གསུམ་བརྗོད་དོ།། དེ་ནས་འབྱུང ་པོའི་ཚིཚོགས་དེ་དག་མཉེས་པར་གྱུར་ནས། རྒྱལ་བར་གྱུར་ཅིག་ཅེས་བརྗོད་པར་བསམ་མོ།། དེ་ནས་ལག་ཏུ་མེ་ཏོག་ཐོགས་ཏེ། འདོད་པའི་དོན་ལ་གསོལ་བ་བཏབི་ལ། བཟོད་པ་གི་སོལ་བ་ནི། ཧཱུཾ་ལྷག་པ་དང་ནི་ཆད་པས་ཀྱང་།། བདག ་གིས་བརྗེད་དེས་གང་བགྱིས་པ།། མགོན་པོ་ཁྱེད་ཀྱིས་བཟོད་མཛད་ནས།། ཐུན་མོང་མཆོག་གི་དངོས་གྲུབ་གསོལ། ཞེས་བརྗོད་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། རྗེས་སུ་མཐུན་པའི་དངོས་གྲུབ་གསོལ།། སངས་རྒྱས ་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་བྱོན་པར་མཛད་དུ་གསོལ།། ཨོཾ་ཨཱཿཧཱུཾ་མུཿཞེས་པས་གཤེགས་སུ་གསོལ།། དེ་ནས་ཕྱག་རྒྱ་དཀྲོལ་ཏེ། གཏོར་མ་གཙང་མའི་ས་ཕྱོགས་སུ་བསྐྱལ། ཅི་བིདེར་གནས་པར་བྱའོ།། རྡོ ་རྗེ་འཛིན་པ་མཆོད་པའི་ཕྱིར།། མཆོད་སྦྱིན་འདི་བརྩམས་བསོད་ནམས་ཀྱིས།། འགྲོ་བ་ཐམས་ཅད་རྒྱས་གྱུར་ཏེ།། རྡོ་རྗེ་འཛིན་པའི་ས་ཐོབ་ཤོག། རྡོ་རྗེ་འཛིན་པའི་གཏོར་མའི་ཆོ་ག་རྫོགས་སོ།། ་སློབ་དཔོན་པ་སུ་བྷ་བཛྲ་ས་མཛད་པའོ།། ། རྒྱ་གར་སྐད་དུ། ཀརྨ་སཱརྦ་རཀྵ་བིདྡྷི་ནཱ་མ། བསྲུང་བའི་ཚོགས་ལས་ཐམས་ཅད་པཱ་ཞེས་བྱ་བ། བླ་མ་རྗེ་བཙུན་པ་རྣམས་ལྔ་ཕྱག་འཚལ་ལོ།། ནང་དང་གནོད་བཞི་པ་དང་།། མི ་