CLOSE WINDOW

GT173: dpal rdo rje sems dpa'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་བཛྲ་སཏྭཱ་ནཱ་མ་སཱ་དཱ་རཽ།། ་བོད་སྐད་དུ་། དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབསོ་ཞེས་པ ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་པ་དབང་རྣམ་པ་བཞི་ཚུལ་བཞིན་དུ་ཐོབ་ཅིང་། དམ ་ཚིག་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བས། རི་སུལ་དང་བྲག་ཕུག་དང་། ཆུ་ཀླུང་དང་། དུར་ཁྲོད་ལ་སོགས་པར་གནས་ལ། ནང ་པར་དང་པོ་ར་ཌ་མ་རུའི་སྒྲས་ལྡང་བར་བྱའོ།། དེ་ནས་ལག་པ་གཡས་པ་ཁྲོ་བོའི་སྡིགས་མཛུབ་སྙིང་གར་བསྟན་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུ~ཾ་ཧཱུཾ ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་གྲ་བཱན་བཛྲ་བིདྱཱ་རཱ་ཛ་ཧུཾ་ཧུཾ་ཕཊ། དེ་ནས་གདོང་བཀྲ་བ་ལ་སོགས་པས་ཁྲུས་བྱས་ནས་སྟན་འཇམ་པ། ་ལ་འདུག་ལ། ཚད་མེད་པ་བཞི་སྒོམ་པར་བྱ་སྟེ། བདེ་བ་མ་ཐོབ་པའི་སེམས་ཅན་རྣམས་བདེ་བ་དཔག་ཏུ་མེད་པ་ལ་དགོད་པར་བྱའོ།། དེ་ལྟར་གཞན་གྱི་སེམས་ཅན་ཐད་གསལ་བའི་སེམས ་ཀྱི་སྙིང་རྗེ་བསྐྱེད་པར་བྱའོ།། དེ་ལྟར་གཞན་གྱི་དོན་བྱ་བའི་སྡུག་བསྔལ་ལ་ཇི་མི་སྙམ་པའི་དགའ་བ་བསྒོམ་པར་བྱའོ།། ཕན་པ་དང་བདེ་བ་བསྐྱེད་པ་ལ་བཏང་སྙེམས་བསྒོམ་པར ་བྱའོ།། དེ་ནས་རང་གི་བདག་པོའི་ས་བོན་ལས་འོད་བྱུང་ནས་ན་མཁར་འཁོར་དང་བཅས་པ་བསམས་ལ་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། སྨོན་པའི་སེམས ་ཀྱི.ོཾ་བདག་ཧེ་རཀྵར་བསྒྱུར། སེམས་ཅན་ཐམས་ཅད་ཧེ་རུ་ཀར་གྱུར་ཅིག་ཅེས་པས་སྨོན་ལམ་བྱའོ།། སྨྱོན་པའི་སེམས་ཀྱིས་དེ་ནས་གཡོ་བ་དང་མི་གཡོ་བའི་ཆོས་ཐམས་ཅད་གཅིག་དང་དུམ་དང་པྲམྦྷ ་བའི་ངོ་བོར་རང་བཞིན་གྱིས་འོད་གསལ་བར་བསྒོམ་མོ།། ། སེམས་བརྟན་པར་བྱ་བའི་ཕྱིར་སྔགས་འང་བརྗོད་པར་བྱའོ།། ཨོཾ་ཤུ་ནྱ་ཏྭོ་ཛྙཱ་ན་བཛྲཱི་སྭ་བྷཱ་བ་ཨཏྨ་ཀོ་ཧོ་ཞེས་བརྗོད་དོ།། དེ་ནས་བདག་གི་སྡོམ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི ་སྟོབས་ཀྱིས་བགེགས་བསླང་པར་བྱ་སྟེ། མདུན་གྱི་ན་མཁའ་ལ་ཉི་མའི་དཀྱིལ་འཁོར་བ་སམས་ལ། དེའི་སྟེང་དུ་ཧཱུཾ་བསམས་ཏེ། དེ་ལས་འོད་འཕྲོས་པས་བགེགས་བསྐྲད་པར་བྱའོ།། དེ་ནས་རྡོ་རྗེའི་ར་བ་དང་བླ་བྲེ་དང་ཕུར་བུ་རྣམས ་ཀྱིགྱིས་ཕྱོགས་བཅིང་ངོ་།། དེ་ནས་འཇུག་པའི་སེམས་ཀྱིས་ཤིན་ཏུ་ཡང་མ་ཕྲ་བའི་རང་བཞིན་གྱིས་ངོ་བོ་མི་དམིགས་སོ།། ཨ་ཨཱ་ཨི་ཨཱི་ཨུ་ཨཱ་ཨེ་ཨཻ་ཨོ་ཨོ་ཨ་ཨཿ་ཀྵ་ཙཊ་དྷཱུ་པ་ཡ་ཏ་ཀཱ་དྷྭཾ། དེ་དག་གྱུར་པ་ལས་དྷཱ། དེ་ཆོས ་འབྱུང་བའི་ཕྱག་བརྒྱ་གྲུ་གསུམ་རྩེག་མར་བསམས་ལ། དེའི་དབུས་སུ་ཤྲཱི་ཧེ་རུ་ཀ། བཱ་རཱ་ཧཱི་དང་གཉིས་སུ་མེད་པར་བསྒོམ་པར་བྱ་སྟེ། དཔལ་ཧེ་རུ་ཀ་ཞལ་བཞི་པ་ཞབས་གཉིས་པ་འཇིགས་བྱེད་དང་དུས་མཚན་མནན་པ། ཞལ་གཡས་དཀར ་གཡོན་ལྗང་། དབུས་མཐིང་ནག། རྒྱབ་སེར་ལྗང་། ཞལ་བཞི་པ་སྤྱན་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་བཟུང་བས་འཁྱུད་པ།། གཡས་ཀྱི་ཕྱག་གཉིས་པ་ན་ཁ་ཊྭཱཾ་ག་གཡོན་གྱི་གཉིས་པ་ན་ཀ་པཱ་ལ་བསྣམས་པ། ཐོད་པའི ་ཕྲེང་བས་དབུས་བརྒྱན་པ། སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་པ། ཟླ་བ་ཕྱེད་པའི་གཟུགས་ཅན། སྤྱི་བོར་མི་བསྐྱོད་པ་བཞུགས་པ། ཐོད་པའི་ཕྲེང་བ་སེ་རལ་ཁར་ཐོགས་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། སྐ་རགས ་སིལ་སིལ་འཁྲོལ་བ། སྤྱི་བོར་ནོར་བུ་དང་། རྣ་ཚ་དང་། མགུལ་རྒྱན་དང་། གདུ་བུ་དང་། ཚངས་པོའི་སྐུད་པ་དང་ཐལ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དག་པའི་རྒྱན་དང་ལྡན་པའི། ཤིན་ཏུ་འཇིགས་སུ་རུང་བའི་གཟུགས་ཅན། ཡུམ ་བཱ་རཱ་ཧཱི་མདོག་མཐིང་ནག་ཞོལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། གཙོར་བུ་སྐྲ་གྲོལ་བ་འཇིགས་པའི་གཟུགས་ཅན་ཕྱག་གཉིས་ན་གྲི་གུག་དང་ཀཱ་པཱ་ལ་ཐོགས་ཏེ། གཙོ་བོ་ལ་འཁྱུད་པ། ཞབས་གཡོན་གྱིས་འཁྱུད ་པ་གཡས་བརྐྱང་བའོ།། བརྒྱ་བྱིན་གྱི་ཕྱོགས་ཀྱི་འདབ་མར་མཁའ་འགྲོ་མ། ནོར་བདག་ཕྱོགསུ་ལཱ་མ། ཆུ་བདག་ཕྱོགས་སུ་དུམ་སྐྱེས་མ། གེ་ཤེན་རྗེའི་ཕྱོགས་སུ་གཟུགས་ཅན་མ། ལྷ་མོ་དེ་རྣམས་ཀྱང་ཁ་དོག་ནག་མོ་ད ་སེར་མོ་དང་། དམར་མོ་དང་། ལྗང་གུའོ།། སྤྱན་གསུམ་པ་ཕྱག་བཞི་པ། ཕྱག་དང་པོ་ན་གྲྀ་གུག། གཉིས་པ་ན་ཐོད་པ། གཡོན་པ་ན་ཀ་པཱ་ལ། གཉིས་པ་ན་ཁ་ཊྭཱཾ་ག། གཅེར་བུ་སྐྲ་བཤིག་པ། འཇིགས་པའི་གཟུགས ་ཅན་མ། ཚངས་པ་དང་། བིཥྞུ་དང་། བརྒྱ་བྱིན་དངོ་། སྲིན་པོ་གདོན་དུ་བཏིང་བས་གཡོན་བརྐྱང་བ་གཡས་བསྐུམ་པས་བཞུགས་པ། ཕྱག་རྒྱ་ལྔས་བརྒྱན་པ། ཐོད་པ་སེ་རིལ་ཁར་འཕྱང་བའོ།། དེ་རྣམས་ཀྱིས་རྣམ་པར་དག་པ་ནི ་ཧཀའི་ཞལ་བཞི་ནི། བདེ་བ་དང་། ཤིན་ཏུ་བདེ་བ་དང་། རྣམ་པར་བདེ་བ་དང་། བདེ་བ་ཆེན་པོའོ།། ཡང་རྣམ་པར་ཐར་པ་བཞི་སྟེ། སྟོང་པ་ཉིད་དང་མཚན་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད ་གསལ་བའོ།། ཕྱག་རྒྱ་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱའོ།། མཁའ་འགྲོ་མ་རྣམས་ནི། ལ་ལ་མཱུ་དང་། ར་སནཱ་དང་། ཨ་བདྷཱུ་ཏཱི་དང་། དམ་རྒྱ་ནའོ།། ཕྱག་རྒྱ་བཞི་དང་སྦྱར་བའོ།། ་དཔལ་ཧེ་རུ་ཀའི་བཞུགས་གནས་དབུས་ཀྱི་ལྟེ་བ་ནི་ཡིད་བཞིན་གྱི་ནོར་བུའོ།། གྲུ་གསུམ་གྱི་འདབ་མ་བཞི་ལ་ནི་མཁའ་འགྲོ་མ་བཞིའོ།། བདེ་བ་ཆེན་པོའི་འཁོར་ལོ་རྩིབས་སྟོང་པ་གཉིས་སེམས་དང་། མཱཾ་ས་དང་། མེ་ཏོག་གིས་བགྲང་བའི ་དུ་ཆེན་དང་པོ་གཉིས་བཞག་གོ། བདག་ཉིད་ནི་མགོན་པོ་ཧེ་རུ་ཀ་སྱེ་བྱང་ཆུབ་སེམས་ཀྱི་གཟུགས་ཅན་ནོ།། དེ་ནས་བདག་གི་ཡེ་ཤེས་སེམས་དཔའ་བསྒོམ་མོ།། དེ་ནས་ཌཱ་ཀི་ལ་སོགས་པའི་རིགས་ལྔ་སོགས་པ་ནཱ་མཁའ་ལ་བཞུགས་པའི་ཡེ ་ཤཤེས་སེམས་དཔའ་སྤྱན་དྲངས་ནས་བདག་གི་ཁར་བཞུགས་ཏེ། སྙིང་གིའི་ཡེ་ཤེས་སེམས་དཔའ་ལ་ཐིམ་སྟེ། གཉིས་སུ་མེད་པར་བསམ་མོ།། དེ་ཉིད་ལས་ཧེ་རུ་ཀའི་སྐུ་ཕྲ་མོ་འཕྲོས་པས། དེ་རྣམས་ཀྱི་དཔལ་གྱིས་རེག་པའི་སེམས་ཅན་ཐམས ་ཙི་ཤྲཱི་ཧེ་རཀྴའི་བདག་ཉིད་དུ་བཞུགས་པར་བསམས་ལ། དེ་ནས་གོ་མདྲུག་གིས་ལུས་བསྲུང་། ཨོཾ་ཧ་བཛྲེ་ས་དྷ། ན་མ་ཧི་བི་རོ་ཙ་ནི་སྭཱ་ཧཱ། སྭཱ་ཧཱུ་པཔྤ་ཤ་རི།། གོ་ཥཔྲ་ཧེ་ཧེ་རུ་ཀ། དྷཱུ་ཧཱུ~ཾ་ཙྪ་བཛྲ་ས+འུརྱ། ཕཊ་ཧི་ཨ་མོཿ། ཨོཾ་བོ་བཛྲ་བཱནཱ་ནཱ། དྷི ་xxx། xxx ་འདི་ནི་བཟླས་པའོ།། བདེ་བ་ཆེན་པོའི་གནས་འདི་ལ་ཞལ་ཅིག་ལྷ་ཉི་མ་ཕྱེད་དམཾ། སྔ་དྲོའམ་དེའི་ཕྱེད་ལ་སོགས་པར་བསྒོམས་པར་བྱའོ།། དེ་ནས་ལྗང་པོར་འདོད་ན་གཏོར་མ་བཏང་བར་བྱའོ།། ཨོཾ་ཨ་ར་ལི་ཧོ།། བཛྲ་ཌཱ་ཀི་ནི་སུ་མོ་ཡ་ཙྪ ་ཧོ།། རྡོ་རྗེ་སྙིམ་པ་ཁ་ཕྱེ་སྟེ། མཚན་ཕྱེད་ན་གདོར་མ་སྦྱིན་ནོ།། ཨོཾ་ཁ་ཁ~ཾ་ཁཱ་ཧི་ཁཱ་ཧི། སརྦྦ་ཡཀྵ་རཀྵི་སེ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙིནྣ་ད། ཨོཾ་པསྨཱ་ར། བཛྲཱི་ནཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ། གྲྀཧྞ་དུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེཥྨ་ཙྪནྟུ། ་ཐཻ་བཾ་ཡ་ཐེཥྚཾ། བྷཱུནྡྷ་ཐ། པཱི་བ་ཐ་ཛ~ཾ་གྲཱ་ཐ། སྭཱ་ཏྲཱི་ཀྲ་མ་ཐ། མ་མ་སརྦ་ཀཪྵ་ཏ་ཡཱ། ས་ཏ་སུ་ཁཾ་བ~ཾ་ཤུདྡྷ་ཡེ། སིཏྟ་ཝི་ཀ་བྷ་བནྡྷ་དྷྱཾ་ཧཱུ~ཾ་ཊ། ཅེས་བརྗོད་ལ་བཏྟཱང་ངོ་།། འདི་ནི་གསང་བའི་མཆོག་ཉིད་ཀྱིས།། རྣལ་འབྱོར་མ་ཡི་མ་ཁི་ལ ་བྱུང་།། རྟག་ཏུ་སེམས་ནི་བཟང་པོ་ཡིས།། སྦྱོར་བའི་མཆོག་ནི་བསྒོམ་པར་བྱའོ།། འདིར་ནི་རབ་ཏུ་གསང་བ་ཆེ།། གཞན་དུ་བསྟན་པར་མི་བྱི་སྟེ།། དབང་པོ་གཉིས་ནི་སྦྱོར་བ་དང་།། མཆོག་གི་བསྒོམ་པ་སྦྱར་བར་བྱ།། རྟག་ཏུ་དམ་ཚིག ་སྲུང་བར་བྱ།། བཟའ་དང་བཟའ་མིན་གཉིས་མི་བྱ།། བགྲོད་དང་བགྲོད་མིན་མི་བྱ་སྟེ།། མཐུང་དང་མཐུང་མིན་སྦྱོར་བའི་ལས།། འདི་ལྟར་ཡེ་ཤེས་གོམས་པ་ལས།། སྔགས་པ་དངོས་གྲུབ་མྱུར་ག་འགྲུབ།། བླ་མའི་ཞལ་ནས་རྙོད་པ་ནི།། རབ་ཏུ ་གསང་བའི་དངོས་གྲུབ་ནི།། གཞན་གྱིས་གསོལ་བཏབ་གསལ་བར་བྱས།། ཐམས་ཅད་མ་ལུས་འགྲུབ་པར་འགྱུར།། འདི་བྱས་བསོད་ནམས་གང་ཐོབ་པ།། དེས་ན་སེམས་ཅན་མ་ལུས་པ།། དོན་རྟོགས་སྟོབས་དང་ཡེ་ཤེས ་ནི།། བསམ་གྱིས་མི་ཁྱབ་ཐོབ་པར་ཤོག། བདེ་མཆོག་གི་སྒྲུབས་ཐབས།། སློབ་དཔོན་ཆེན་པོ་ལཱུ་ཡིས་པས་མཛད་པ་རྫོགས་སོ།། ། བཅོམ་ལྡན་ཕྱོགས་ཀྱི་ཞལ་བཞི་ཕྱག་བཅུ་གཉིས།། བཅུ་གཉིས་ཕྱག་གིས་གླང་ཆེན་ལྤགས ་