CLOSE WINDOW

GT1728: rig sngags gtad pa'i cho ga
Wyliee-texts produced with BDRC’s OCR application

བས་དེ་དག་ལ།། རྡོ་རྗེ་འཛིན་པ་ཉིད་ཀྱིས་སྐྱོབ་བྱེད་ཤོག། རྡོ་རྗེ་སྙིང་པོའི་མན་དགྲ་སྒྲུབ་པའི་ཐབས་ཞེས་བྱ་བཱ་པཎྜི་ཏ་ཛྙཱ་ན་ཤྲཱི་མཛད་པ་རྫོགས་སོ།། ། འཕགས་པ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ།། གོས་སྔོན་ཅན ་ལ་ཕྱག་འཚལ་ནས།། རིག་སྔགས་གཏོང་པོའི་ཆོ་ག་ནི།། རྒྱུད་ཆེན་མདོ་དང་མི་འགལ་བར།། བདགཽ་གིས་དྲན་ཕྱིར་བྲི་བར་བྱ།། དམ་ཚིག་ལྡན་པའི་སློབ་དཔོན་གྱིས།། དང་པོར་བསྙེན་པ་བྱ་བ་ནི།། མཱཎྜལྀ་མཆོད་ཡོན་མཆོད་པ་དང་།། ཚུལ ་བཞིན་གཏོར་མ་བཤམས་ནས་ནི།། དམ་ཚིག་དཀྱིལ་འཁོར་གསལ་བསྐྱེད་ལ།། ཡེ་ཤེས་ལྷ་ནི་སྤྱན་དྲངས་ལ།། མཆོད་པོ་ལྔ་ཡིས་མཆོད་དེ་བསྟོད་།། མཎྜལ་སྟེང་དུ་སྐུ་གཟུགས་གཞོག། དམ་ཚིག་ལྷ་རུ་བྱིན་བརླབས་ནས།། སྒོ ་བཞིའི་སྔགས་དང་ཕྱག་རྒྱ་ཡིས།། གཉིས་མེད་གོས་སྔོན་བསྟིམ་བྱས་ལ།། མཆོད་དང་བསྟོད་པ་གོང་བཞིན་བྱ།། མེད་ན་མཎྜལ་དཀྱིལ་འཁོར་ལ།། པདྨ་འདྲ་བ་བརྒྱད་ལེགས་བྲིས་ལ།། དེ་དབུས་ཧཱུཾ་གི་འཕྲོ་འདུ་ལས།། དམ་ཚིག་ལྷ་རུ་བསྐྱེད ་བྱས་ནས།། རང་བཞིན་དཀྱིལ་འཁོར་བསྟིམ་ཞིང་མཆོད་མཆོད་།། དེ་ནས་བཟླས་པ་བྱ་བ་ནི།། བུ་བུམ་མ་ཁྲི་ཡི་བཱ་ར་དུ་བཟླས།། མཚན་མ་བྱུང་ནས་དཀྱིལ་འཁོར་བརྩམ།། དང་པོར་ས་གཞི་བརྟག་བྱས་ལ།། ཁྲུ་གང་ཡང་ན་ཁྲུ་དཾ་རུ ་བློས་ནས་སྐྱོན་རྣམས་བསལ་བར་བྱ།། ནང་དུ་ནོར་བུ་རིན་ཆེན་གཞུག། འཐས་པར་བཙོགས་ལ་དྲི་ཡིས་བྱུག། ལྷའི་དཾ་ཀྱིལ་འཁོར་བསྐྱེད་བྱས་ལ།། ས་ཡི་ལྷ་མོ་བསྟན་མ་ལ།། མཆོད་བསྟོད་གསོལ་བཏབ་བཀའ་ཡང་བསྒོ།། དམ ་ཚིག་ཅན་གྱི་སྲུང་མ་ལ།། གཏོར་མོ་སྦྱིན་ལ་འཕྲིན་ལས་གཅོལ།། བུས་བཙུགས་ལག་ཏུ་སྤྲོས་ཐོགས་ལ།། ཡེ་ཤེས་ལྷ་ལྔ་གསོལ་བ་གདོབ།། དེ་ནས་ས་ཡི་བགེགས་རྣམས་ཀྱང་།། དྲག་པོ་སྔགས་ཀྱིས་བསྐྲད་པར་བྱ།། སྐྱོན ་བྲལ་དངུལ་གྱི་བུམ་པནྟི།། ལྟོ་བ་ཆེ་ལ་མགྲིནྡ་པ་རིང་།། རྒྱུན་དང་མཆུ་ནི་རྫོགས་བྱས་ལ།། བྱིན་བརླབས་གོས་སྔོན་ལྟར་བསྐྱེད་ཅིང་།། སྤྱན་དྲངས་མཆོད་ཡོན་མཆོད་པས་མཆོད།། བཟླས་པ་བརྒྱ་ནི་རྩ་བརྒྱད་བྱ།། དེ་ནས ་དཀྱིལ་འཁོར་སྟ་གོན་ནི།། མེ་ཏོག་དགྲམ་ཞིང་གསང་སྔོགས་བཟླས།། གདནོ་དང་ལྷ་རུ་བསྐྱེད་བྱས་ལ།། དེ་ལ་མཆོད་ཅིང་གསོལ་བ་གདབ།། ལན་གསུམ་རབ་ཏུ་བརྗོད་པར་བྱ།། དེ་ནས་བློ་ལྡན་སློབ་མ་ལ།། ཁྲུས་བྱས ་ལུས་ནི་དྲིས་བྱུགས་ལྔ།། མྱུ་རྟག་ཐོགས་ལ་ཕྱུག་འཚལ་གཞུག། གསོལ་གང་བ་གནང་བ་སྦྱིན་པ་དང་།། སྒྲུབས་འགྲོ་སྡིག་བཤགས་ལྔ་སྩོགས་ཀུན།། ཡན་ལག་བདུན་པ་ཉིད་ཀྱིས་བྱ།། སློབ་དཔོན་གྱིས་བ ་སློབ་མས་ཉན་། དེ་ནས་སེམས་སྐྱེད་ཆོ་ག་ནི།། སློབ་དཔོན་སློབ་མོ་ཉིས་ཀས་བཟླས།། དེ་ལྟར་སློབ་མ་སྣོད་ལྡན་ལ།། དཔྲལ་བ་མགྲིན་པ་སྙིང་ཀ་རུ།། དྲི་ཡི་ཐིག་ལེ་གསུམ་བྱས་ལ།། ཉི་མ་ཟླ་བ་པདྨ་གསུམ།། སྙིང་ཀ་ལ་སོགས ་དགོང་པར་བྱ།། ཨོཾ་ཨཱཿཧཱུཾ་ཡི་གེ་ལས།། འབྲས་བུ་སྐུ་གསུང་ཐུགས་ལྷར་བསྒོམ།། མེ་ཏོག་སྤྲོས་ལ་སོགས་པས་མཆོད།། སྲུང་སྐུད་ལ་སོགས་སྦྱིན་བྱས་ལ།། ཆོས་བཤད་རྨི་ལ་མོ་བརྟག་པར་བྱ།། ནང་པར་སྔར་ལངས་དཀྱིལ་འཁོར ་བྲིཿའདབ་མ་བརྒྱད་པའི་དཀྱིལ་འཁོར་ལ།། དབུས་སུ་གོས་སྔོན་དགོད་པར་བྱ།། དྷཱུ་པེ་ལ་སོགས་ལྷ་མོ་དང་།། སྒོ་བ་བཞི་ཡང་དགོད་པར་བྱ།། བོ་ངན་ལ་སོགས་རྒྱན་རྣམས་དང་།། མཆོད་པོ་གཏོར་མ་དགྲམ་པར་བྱ།། དེ་ནས་ཏིང ་འཛིན་ཚུལ་བསྐྱེད་ལ།། གཞུག་པའི་ཆོ་ག་བྱ་བ་ནི།། གཏོརཱ་མ་གཏང་ལ་འཐོར་འཐུད་བྱ།། གྷ་སོལ་བཏཱ་བ་གདོང་གཡོགས་བཅིང་བ་དང་།། བཀའ་བསྒོ་མེ་ཏོག་དོར་བྱས་ལ།། མིག་ཕྱེ་ལྷ་ཡི་ངོ་ཡང་བསྟན།། དེ་ནས་རིག་པའི་དབང ་བསྐུར་ཏེ།། ད་ང་བོར་བུམ་པ་ལག་ཐོགསོ་ལ།། བཀྲ་ཤིས་གླུ་བླངས་བུ་དབང་བསྐུར།། ཨོཾ་སིད་དྷི་སིད་དྷི་ཞེས་བཟླས།། དེ་ནས་སྔགས་རིགས་ཀྱིས་འཇུག་ལ།། ཨ་བྷི་ཥིཉྩ་ཞེས་བཏགས་ལ།། ཆུ་ཡི་དེ་ནི་དབང་བསྐུར་རོ།། ་དེ་ནས་དབུ་རྒྱན་ལ་སོགས་པ།། བྱ་བའི་རྒྱུད་དང་མཐུན་བྱས་ལ།། རྗེས་སུ་གནང་བ་སྦྱིན། དེ་ནས་བསྐྱེད་པའི་རིམ་པ་ལ་སོགས་པ་ཐམས་ཅད་བསླབས་ལ། དེ་ནས་ལྷ་ལ་མཆོད་བསྟོད་བྱ།། ནི་ནི་སྤྲིན་ཕྲེས་བྱ།། དེ་ནས་གོས་སྔོ་ས་བསྒྲུབས་ཅིང་།། ་བྱེ་བྲག་གིས་ནི་ལྔས་ཐམས་འགྲུབ་ཏུ་རུང་ངོ་།། དེ་ནས་ཡི་གེ་བརྒྱ་པ་བཟླས་ཤིང་དཀྱིལ་འཁོར་བསྡུ་བོ་ལ་སོགས་པ་བྱའོ།། རིག་སྔགས་གཏང་བའི་ཆོ་ག་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ནག་པོ་དང་། ཚུལ་ཁྲིམས ་རྒྱལ་བས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། ་