CLOSE WINDOW

GT1727: rdo rje snying po'i man ngag sgrub pa'i thabs zhes bya ba
Wyliee-texts produced with BDRC’s OCR application

བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ལ་ཕྱག་འཚལ་ལོ།། ཐོག་མར་རྣལ་འབྱོར་པས་ཡིད་དང་མཐུན་པའི་གནས་སུ་བྱི་དོར་བྱ་བ་དང་། བའི་རྣམ་ལྔས་བྱུག་པོ་ལ་སོགས་པ་རྒྱུད་ནས་ཇི་ལྟར་བྱུང་བ་བཞིན་བྱིས་ལ། ཡོ་བྱད་ཚོགས ་པ་དང་། སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་བླ་མ་དང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་མདུན་གྱིས་ན་མཁའ་ལ་སྤྱན ་དྲངས་ཏེ། ཕྱག་འཚལ་བ་དང་མཆོད་པ་དབུལ་བ་དང་། ཡན་ལག་བདུན་པ་བྱས་ལ་དེའི་རྗེས་ལ་ཚད་མེད་པ་བཞི་བསྒོམ་པར་བྱའོ།། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་ཧཾ་ཞེས་བྱ་བས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྣམ་པར་དག ་པར་བྱའོ།། དེའི་རྗེས་ལ་མདུན་དུ་པཾ་ལས་པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཧཱུཾ། དེ་འཕྲོས་འདུས་པས་སེམས་ཅན་གྱི་སྡིག་པ་དང་སྡུག་བསྔལ་བསལ་ནས་སླར་འདུས་པ་ལས་རྡོ་རྗེའོ།། དེ་ཡོངསུ་གྱུར ་པ་ལས་རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྡོ་རྗེ་འཕྱར་བ། གཡོན་སྡིགས་མཛུབ་བསྟན་པ་ཞབས་གཡས་བསྐུམ། གཡོན་བརྐྱང་བ། གདུག་པའི་ཚོགས་ཀྱིས་སྐ་ལ ་བརྒྱན་པར་བསྒོམ། དེ་ལས་རདྭ་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་ཨོཾ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་ནས་རང་ལ་བསྟིམ་པར་བྱའོ།། དེ་ནས་དབང་བསྐུར་བར་བྱ་སྟེ། རང་གི་སྤྱི་བོར་མི་བསྐྱོད་པ་བསྒོམ་པར་བྱའོ།། ་དེའི་རྗེས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་ཇི་སྲིད་དུ་སེམས་མི་འཕྲོ་བར་མཉམ་པར་གཞག་པར་བྱའོ།། མི་རྟོག་པ་བསྒོམ། དྲག་པོའི་ལས་བྱེད་པར་འདོད་ན་རྫས་ལ་སོགས་པ་ནི་གོང་དུ་བཤད་པ་བཞིན་ནོ།། རཾ་ལས་ཉི ་མའི་སྟེང་དུ་ཧཱུཾ། དེ་ལས་འོད་འཕྲོས་པས་རྡུལ་ཕྲ་རབ་ཐམས་ཅད་རྡོ་རྗེའི་སྙིང་པོར་བྱས་ཏེ་འདུས་པ་ལས་རྡོ་རྗེའོ།། དེ་ལས་རང་ཉིད་ཕྱུག་ན་རྡོ་རྗེར་བསྒོམ་པར་བྱའོ།། ཡང་ན་སྐད་ཅིག་གིས་སྟོང་པར་བསམས་ཏེ། ཆོ་ག་གསུམ་གྱིས་ཕྱག་ན་རྡོ ་རྗེར་ལྡང་བར་བྱའོ།། ཡང་ན་བཛྲ་ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་སྐད་ཅིག་གིས་ལྷག་གི་ཚེར་ཆུ་ལས་ཉ་ལྗང་ལྟར་རྡོ་རྗེ་སྙིང་པོར་ལྡང་བ་བྱོའོ།། དེ་ལྟར་བསྒོམས་ནས་ལྡ་དྲ་བར་འདོད་ན། རང་གི་སྙིང་གར་ས་བོན་གྱི་མཐར། བཛྲ་བཛྲ་ཧཱུཾ་ཞེས་བརྗོད ་པས་རང་བརྟན་པར་བྱས་ལ། བཅོམ་ལྡན་འདས་ཀྱི་དུག་འཇི་ལ་བར་བྱེད་པའི་སྔགས་བརྒྱ་འམ་ལྔ་བཅུ་ལ་སོགས་པ་ཐོག་མ་ཉིང་དུ་ཟློས་པར་བྱ་སྟེ། དེས་ཀླུའི་དུག་འཇིལ་བར་བྱེད་པའོ།། དེ་ནས་མཐའ་ཡས་པ་སྐྱེད་པར་བྱ་སྟེ། ་མདུན་དུ་བོ་མ་ཅན་གྱི་རྒྱ་མཚོའམ། དེའི་སྟེང་དུ་པཾ་ལས་པདྨའི་སྟེང་དུ་པུ་ལས། ཀླུ་མཐའ་ཡས་སྐུ་མདོག་ལྗང་གུ། ཞལ་གཅིག་ཕྱག་གཉིས་པ་སྟོང་མི་སྨང་སྦྲུལ། མགོ་ལ་སྦྲུལ་མགོ་དགུ་ཡོད་པ། སྦྲུལ་རིགས་ལྔའི་གདན་ལ ་བཞུགས་པ། རཱང་དང་འདྲ་བའི་བཙུན་མོས་འཁྱུད་པ་བས་མུ་མོ།། དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས། ཀླུའི་གནས་ནཱས་མཐའ་ཡས་རང་རྒྱུད་པ་བཀུག་ལ་བསྟིམ་པས་བྱའོ།། དེ་ན་སྣ་བདག་ལ་བཀའ་ནོད་པར ་བྱ་སྟེ། དེ་ནས་ཀླའི་སྲོག་སྙིང་དང་བཅས་པ་བཟླས་ཏེ། འདི་ནི་བསྙེན་པའི་སྔགས་སོ།། དེ་ཡང་ཚོགས་སོགས་པ་ལ་ནི། རང་དང་ཀླུ་གཉིས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་འཕྲོས།། འདུས་པས་སྡིག་པ་ཐམས་ཅད་དག ་པར་བསམ་མོ།། དྲག་པོ་ལ་ནི་འོད་ཟེར་ནག་པོ་དང་དམར་པོ་དང་མེ་ལྟ་བུ་འམ། ཡང་ན་རང་དང་འདྲ་བའི་ཁྲོ་བོའམ་རླུང་གྲངས་མེད་པ་འབྲོས་ཏེ། དེ་དག་གིས་གནོད་པ་དཔག་ཏུ་མེད་པ་བྱེད་པར་བསམ་མོ།། དེ་ཡང་རྒྱན ་དུ་ནི་བསྙེན་པ་ཉིད་དོ།། གདོན་ཐམས་ཅད་ལ་ནི་སྔགས་ཐམས་ཅད་དོ།། ཡང་ན་གང་ཡིན་པ་དེ་ཉིད་དོ།། འཇོག་པར་འདོད་ན་གཏོར་མ་བཏང་ལ་བསྟོད་ནས་འཕྲིན་ལས་བཅོལ་ཞིང་གཤེགས་པར་མཁྱེན་པར་བྱས་ནས། དམ་ཚིག་སེམས ་དཔའ་རང་གི་ས་བོན་ལ་བསྡུ་བར་བྱའོ།། དེ་ནས་སྨོན་ལམ་གདབ་པ་དང་། མདོ་འདོན་པ་ལ་སོགས་པ་ཅི་བདེ་བར་གནས་པར་བྱའོ།། བླ་མའི་བཀའ་དྲན་མནོས་པ་ལ་བརྟེན་ཏེ།། སྒྲུབ་ཐབས་མན་ངག་སྦྲང་རྩི་རབ་ཏུ་བཏུང་།། འཐུང་བྱེད་རབ་ཏུ་དང ་བས་དེ་དག་ལ།། རྡོ་རྗེ་འཛིན་པ་ཉིད་ཀྱིས་སྐྱོབ་བྱེད་ཤོག། རྡོ་རྗེ་སྙིང་པོའི་མན་དགྲ་སྒྲུབ་པའི་ཐབས་ཞེས་བྱ་བཱ་པཎྜི་ཏ་ཛྙཱ་ན་ཤྲཱི་མཛད་པ་རྫོགས་སོ།། ། འཕགས་པ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ།། གོས་སྔོན་ཅན ་