| Wylie | e-texts produced with BDRC’s OCR application |
ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྨྲ་བ་པའི་ཐབས་རྫོགས་སོ།། རྒྱག་ར་གྱི་མཁན་པོ་ཤྲཱི་ཀྵ་མྦཱ་རཀྵཾ་བུའི་ཞལ་སྤྲོ་ནས་བསྒྱུར་ཅིང་ཞུས་པའོ།། ། རྒྱུ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ཙཎྜ་མཧཱ་རོ་ཥ་ཎྜ་ཧོ་མྦ་ཏ་བྷྲྀ་དྷི་ནཱ ་མཱ། བོད་སྐད་དུ། དཔལ་ཕྱི་གཱ་ནཱ་རྡོ་རྗེ་གཏུམ་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་ཕྱུག་ནི་རྡོ་རྗེ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་རྡོ་རྗེ་གཏུམ་པོ་ལྔ།། གུས་པའི་སྤྱི་བོས་ཕྱག་འཚལ་ནས།། བགེ་གས་དང་གནོད་རིམས ་ཞི་བའི་ཕྱིར།། དེ་ཡི་སྦྱིན་སྲོག་ཆོ་ག་བཤད།། བཅོམ་ལྡན་འདས་གོས་སྔོན་པོ་ཅན་སྒྲུབ་པའི་རྣལ་འབྱོར་པས། དུར་ཁྲོ་དཱ་དམ་ཆུ་ངོགས་ལ་སོགས་པའི་གནས་ཡིད་དུ་འོང་བ.རསྦྱིན་སྲེག་གི་ཆོ་གས་སྦྱིན་སྲེག་བྱའོ།། དེ་ལ་ཆོ་ག་འདི ་ཡིན་ཏོ།། ཞི་བ་འབོའི་ཞིག་གི་ལས་ལཐག་བུང་རྒྱར་ཁྲུ་གེང་བ། ཟབས་སུ་དེའི་ཕྱེང་ལོ་ཁ་ཁྱེར་སོར་བཞི་ཕྱིར་དོར་དང་། སོར་བཞི་སྤངས་སུ་བརྩིག་པ་དང་། སོར་པོ་ཞི་ཕྱིར་དོར་ལ། ཐ་མོར་གྲུ་བཞིར་བྱས་ཏེ། སྒོ་བཞི ་སྒོ་ཁྱུད་དང་ལྡན་པར་བྱས་ལ། ས་གཞི་ལ་ཁ་དོག་དཀར་པོ་བྱུགས་ཏེ། དབུས་སུ་ཞི་བའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བྲིའོ།། དེའི་ཕྱི་རོལ་རིམ་པ་ག། སུམ་ལ། དང་པོ་ལ་ཞི་བའི་རྡོ་རྗེ་ཕྲེང་བ་དང་། གཉིས་པཱ་ལ་ཁྲོ་བོའི་རྡོ་རྗེ་བྲིའོ།། གསུམ་པ་ལ་མ་འོང ་དང་བཅས་པ་བྲིས་ནས། མཚམས་སུ་ཟླ་བའི་རྡོ་རྗེ་བྲིའོ།། དེ་ནས་དེའི་ཕྱི་རོལ་དུ་བའི་རྣམ་ལྔས་བྱུགས་ལ། མེ་ཏོག་སིལ་མས་མཛེས་བཱར་བྱའོ།། དེ་ནས་རྫས་བསག་སྟེ། ཡམ་ཤིང་དང་། མར་དང་། ཏིལ་དང་། ནས་དང་། གློ་དང་། ནས་སོ་བ ་དང་། འབྲས་སོ་བ་དང་། སྲན་མ་དང་། སྲན་མ་མ་ཤ་དང་། མེ་ཏོག་དང་། དུག་པ་དང་། མར་མེ་དང་། དྲི་དང་། ཞལ་ཟས་དང་། ཛཱ་ཏི་པ་ལ་དང་། འབྲས་བུ་གསུམ་དང་། བིལ་བ་དང་། ཏ་ར་ཀ་དང་། ཨུ་དུམ་བ་ར་ལ་སོགས་པ་ཤིང་ལོ་མ ་ཅན་གྱི་ཡམ་ཤིང་དང་། གསེར་དང་། དངུལ་དང་། དར་དཀར་པོ་དང་། གདུགས་དང་། རྒྱལ་མཚན་ལ་སོགས་པ་དང་། འོ་མ་དང་། ཞོ་དང་། འབྲས་ཆན་དང་། ཀུ་ཤ་དང་། དུ་ར་བ་ལ་སོགས་པ་བསགས་ལ། དགོངས་མོའི་དུས་སུ ་སྦྱིན་སྲེག་བྱ་སྟེ། བདག་ཉིད་ཇི་ལྟ་བ་བཞིན་ལྷར་བསྐྱེད་ནས། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་ཧ~ཾ་ཞེས་བརྗོད་པས་སྣོད་ཀྱི་འཇིག་རྟེན་སྟོང་པ་ཉིད་དུ་བསྐྱེད་ལྟ། ཡཾ་ལས་རླུང་རཾ་ལས་མེ། བཾ་ལས་ཆུ། ལཾ་ལས་སའི་དཀྱིལ་འཁོར ་བསྐྱེད་ལ། སུ~ཾ་ལས་རི་རབ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་དེར་ཧཱུཾ་ལས་ཐག་ཁུང་གཞལ་ཡིས་ཁོང་དུ་བསྐྱེད་དེ་སྣོད་བཅུད་ཐམས་ཅད་ཕྱག་ན་རྡོ་རྗེ་ཞི་བོའི་སེམས་དང་ལྡན་པར་བསམས་ལ། དེའི་ནང་དུ་རཾ་ལས་མོ་གྲུ་གསུམ ་གྱིས་མཚན་པ། ཟུར་གསུམ་ལ་ཨོཾ་ཨཱཿཧཱུཾ་གསུམ་ཡོངས་སུ་གྱུར་པ་ལས་མེ་ལྷ་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་པོ་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་དང་ཕྲེང་བ། གཡོན་གཉིས་ན་དབྱུག་པ་དང་གྷནྡྷེ ་བསྣམས་པར་སྐྱེས་ལ་བཅིབས་པར་བསམས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་བྱའོ།། ལག་པ་གཡས་པ་སྲིན་ལག་གི་རྩེ་བར་མཐེ་བོང་བཙུགས་ལ་སྤོས་སྣོད་གཟུང་སྟེ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ།། མེ་ལྷའི་རྒྱལ་པོ ་དྲང་སྲོང་མཆོགོ། སྲེག་བླུགས་ཞལ་ཟས་འདི་སྣོམས་ལ།། འབར་བའི་གདན་ལོ་བཞུགས་སུ་གསོལ་ཞེས་བྱ་བ་དང་། ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏེ་དེ་བ་རི་ཥི་དི་ཛ་ཡ་སཏྭ་མ་ཧཱ་སྨྲྀ་ཨ་སྨིན་སནྣི་ཧི་ཏོ་བྷཱ་བ་ཨོཾ་པཽ་བཱ་ཨོཾགྣ་ཡ་སྭཱ་ཧཱ་ཞེས་པས་སྤྱན་དྲང་བར ་བྱའོ།། དེ་ནས་བསང་གཏོར་བྱ་སྟེ་འཐོར་འཐུང་དང་ཉེ་རེག་བྱས་ནས། ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་དང་། དགུག་གཞུག་བྱ་སྟེ་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ནས། ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རཾ་བསྒོམས་ནས། ལས་ཀྱི་ཕྱག་རྒྱ་གརརོ་ལས ་བྱུང་བ་དང་། ཕྱག་རྒྱ་ཆེན་པོ་ཕྱག་མཚན་དང་བཅས་པ་བསྒོམ་མོ།། དེ་ནས་ཕྱིར་བྱུང་ལོ་དབང་བསྐུར་བ་དང་། རྟགས་སུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་མོ།། དེ་ནས་མཆོད་པ་ལྔ་བྱོས་ནས་བསྟོད་པ་བྱ་སྟེ། འཇིག་རྟེན་དབང་ཕྱུག་ཚངས་དབང ་མཆོག་གི་སྲས།། མེ་ལྷའི་རྒྱལ་པོར་ཡོངས་ཀྱིས་དབང་བསྐུར་བ།། ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག། འཇིགས་བྱེད་མེ་ལྷ་ཉིད་ལ་མངོན་པར་བསྟོད་ཅེས་པས་བརྟི་། མེ་སྦར་ཏེ། མི་གསོ་བའི་ཕྱིར་མ ་དགང་བླུགས་གསུམ་མམ་བདུན་དབུལ་བར་བྱའོ།། མར་གྱི་དགང་བླུགས་དབུལ་བའི་དུས་སུ་དགུང་གཟུར་བླུགས་གཟར་གྱི་ཁ་ལ་ཡི་གེ་གསུམ་དགོད་པ་དང་མེ་ལྷའི་ཞལ་དུ་རཾ་བསམ་པར་བྱའོ།། དེ་ནས་མེའི་སྒྲ་བརྟགས་ཏེ། བགེགས་ཡོད་ན་ཡུངས ་ཀ་ར་ལ་ཨ་ཙཎྜ་མ་ཧཱ་རོ་ཥ་ཎ་མཱ་རཱ་ཡ་ཧཱུཾ་ཕཊ། ཞེས་བྱ་བས་བསལ་བར་བྱའོ།། དེ་ནས་མཆོད་པར་བྱ་སྟེ། དང་པོར་མར་ལ། དེ་ནས་ཏིལ། དེ་ནས་ཡཾ་ཤིང་འོ་མ་ཞོ།། ནས་དང་སོ་པ་འབྲས་དང་ནི།། སྲིན་མ་མ་ཤ་གྲོ་དགེ་དང་།། སྨན་དང་དཱཪྵ་ཀུ་ཤ་སོགས།། ་ཅི་འབྱོར་པས་ནི་མཆོད་པ་བྱ། ཞེས་འི་བྱུང་བ་ལྷར་མཆོད་པར་བྱའོ།། དེ་ལ་དབུལ་བའི་སྔགས་ནི་ཨོཾ་བཛྲ་ཨ་ན་ལཱ་མ་ཧཱ་བྷཱུ་ཏ་ཛྭ་ལ། སརྦ་བྷསྨི་ཀུ་རུ་སརྦ་དཱཥྚཱན་ཧཱུཾ་ཞེས་པས་མར་གྱི་དགང་བླུགས་ཀྱིའོ།། ཨོཾ་ཨགྣ་ན་ཡེ་སྭཱ་ཧཱ་མར་གྱིའོ།། ཨོཾ་སརྦ་པཱ་པཾ་ད་ཧ་ན ་ཡ་སྭཱ་ཧཱ་ཏིལ་གྱིའོ།། ཨོཾ་བ~ཾཛྫ་ཨགྣ་ན་ཡེ་སྭཱ་ཧཱ་ཡཾ་ཤིང་གིའོ།། ཨོཾ་སརྦྦ་སཾ་བ་དེ་སྭཱ་ཧཱ། ཞོ་དང་འོ་མའོ།། ཨོཾ་མ་ཧཱ་བ་གཱ་ཡེ་སྭཱ་ཧཱ། ནིས་ཀྱིའོ།། ཨོཾ་བྷཛྲ་བི་ཛཱ་ཡ་སྭཱ་ཧཱ། ནས་སོ་བའི་འོ།། ཨོཾ་བཛྲ་པུཥྚཱ་ཡེ་སྭཱ་ཧཱ། འབྲས་སོ་བའི་འོ།། ཨོཾ་མ་ཧཱ་བ་ལཱ ་ཡ་སྭཱ་ཧཱ། སྲན་མའི་འོ།། ཨོཾ་བཛྲ་མུ་དྷཱི་ཡེ་སྭཱ་ཧཱ། སྲན་མ་མ་ཤའི་འོ།། ཨོཾ་བཛྲ་གྷསྨ་རཱི་ཡ་སྭཱ་ཧཱ། གྲོའི་འོ།། ཨོཾ་བཛྲ་ཤོ་པེ་ཡེ་སྭཱ་ཧཱ། སྨན་གྱིའོ།། ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་པ་ལ་སྭཱ་ཧཱ། ཀུ་ཤའི་འོ།། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུརྦའི་འོ།། གཞན་དག ་ནི་རང་རང་གི་མིང་དང་མེ་ཉིད་ཀྱི་སྔགས་ཀྱིས་དབུལ་ལོ།། དེ་ལ་ཡཾ་ཤིང་ནི་འོད་ལའོ།། ཞུ་བ་འོ་རྫས་རྣམས་ཞལ་དུའོ།། མེ་ཏོག་དབུ་ལའོ།། བདུག་པ་ཤངས་ལའོ།། མ་རཾ་མེ་སྤྱན་ལའོ།། དྲི་ཐུགས་ཀར་རོ།། ལྟེ་བཤེས་ཞལ་དུའོ།། རྫས ་གཞན་ཕྱག་ཏུའོ།། དེ་ལྟར་ཉི་ཤུ་རྩ་གཅིག་གམ་ལྔ་བཅུ་རྩ་བཞི་འམ། བརྒྱ་རྩ་བརྒྱད་དབུལ་བཱར་བྱའོ།། དེ་ནས་རྡོ་རྗེ་གཏུམ་པོའི་སྔགས་ཀྱིས་མེ་བསངས་ལ་འོད་དུ་བཞུའོ།། རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཛྱཱ་དང ་རྡོ་རྗེ་ལས་ཕྱག་ན་རྡོ་རྗེར་བསྐྱེད་ལ། ཡེ་ཤེས་སེམས་དཔའི་གཞུག་པ་དང་། དབང་བསྐུར་བ་དང་། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། མཆོད་པ་ལྔས་མཆོད་པ་དང་བསྟོད་པ་བྱ་སྟེ། ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྷར་བརྗིད།། འོད ་ཟེར་ཉི་མའི་བུམ་གྱི་གཟི།། གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས།། བདུད་དགྲ་ཁྱོད་ལ་ཕྱག་འཚལ་བསྟོད་ཅེས་བྱ་བ་ལ་སོགས་པས་བསྟོད་པ་བྱའོ།། དེ་ནས་དགང་བླུགས་དབུལ་ཏེ། བཅོམ་ལྡན་འདས་ཀྱི་སྔགས་ཀྱིས་ཅི་ནུས ་པར་སྦྱིན་སྲེག་བྱའོ།། དེ་ནས་བསྟོད་པ་བྱས་ལ་དང་པོར་གསོལ་བ་བཏབ་པར་བྱ་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལྔ་ཕྱག་འཚལ་ལོ།། དཔལ་ལྡན་ཕྱག་ན་རྡོ་རྗེ ་གོསོ་སྔོན་པོ་ཙྪི་ནྡ་ལ་ཕྱག་འཚལ་ལོ།། ཞེས་བྱ་བྷ་ལྔ་སོགས་པ་བརྗོད་དོ།། དཽ་ན་སུཾ་བགེགས་ཞི་བ་ལ་སོགས་པོ་ལས་ཐམས་ཅད་པའི་སྦྱིན་སྲེག་བྱེད་ན། ཨོཾ་མ་མཱ་ཤཱཾ་ཏཾ་དྷུ་རུ་ཡེ་སྭཱ་ཧཱ། ཨོཾ་དཱི་བ་ཤཱཾ་ཏིཏྤུ་རུ་ཡེ་སྭཱ་ཧཱ། ཨོཾ་ནཱ་གཱ་ཤཱ་ཏིངྒ ་རུ་ཡེ་སྭཱ་ཧཱ། ཨོཾ་པཾ་ཤཱ་ཙི་ཤཱཾ་ཏིངྐུ་རུ་ཡེ་སྭཱ་ཧཱ། ཨོཾ་ཀི་ར་ཎ་ཤཱཾ་ཏིངྐུ་རུ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་རཱ་གཾ་ན་ཤཱཾ་ཏཾངྐུ་རུ་ཡེ་སྭཱ་ཧཱ། ཨོཾ་ཨུ་པ་ཏཱ་བ་ནཱ་ཤཱ་ཡཻ་སྭཱ་ཧཱ། ཨོཾ་ལ་ཀ་ལ་མི་ཏུ་ནཱཾ་ཤཱཾ་ཡ་སྭཱ་ཧཱ། ཨོཾ་རོ་ག་ཤཽ་ཏི་དྷུ་རུ་ཡཻ་སྭཱ་ཧཱ། ཨོཾ་རཀཱ་ཤཱི ་ཏིདྷུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷཱུ་ཧ་ཤཱཾ་ཏིདྷཱ་རུ་ཡེ་སྭཱཧཱ། ཞེས་བྱ་བ་ལ་སོགས་པ་དང་། ཐོག་མ་དང་ཐ་མར་བསྒྲུབ་བྱའི་མིང་དང་བཅོམ་ལྡན་འདས་ཀྱིས་སྔགས་དང་སྤེལ་ལ། ཡུངས་ཀཱར་རཾ་ཏི་ལ་ཙི་ནུས་པར་བསྲེག་པར་བྱའོ།། དེའི་གདུག་པ་ཅན ་ཀུན་ཡེ་ཤེས་ཀྱི་མེས་ཞི་བར་བསམ་མོ།། གལ་ཏེ་སྡིག་པ་བསྲེག་པར་འདོད་ན། སྡིག་པའི་གཟུག་ས་སྙིང་ག་ནས་དྭངས་ལ་བསྲེག་པར་བྱའོ།། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སརྦ་པཱ་པཾ་དཱ་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་དམིགས ་པ་རྩེ་གཅིག་པས་བསྲེག་གོ།། ཀླུ་གདོན་ཅན་ལ་སྦྱིན་སྲེག་བྱེད་ན་ཡེ་ཤེས་ཀྱི་ཐུགས་ཀ་ནས་བྱེ་མཚན་གྱི་ཆར་བབ་པས་སྒྲུབ་བྱའི་ལུས་ལ་བྱུག་པར་བསོམ།། མངར་གསུམ་གྱི་དགང་བླུགས་བྱིན་ཏེ། ཨོཾ་ནཱ་ག་ཤཱཾ་ཏིངྐུ་རུ་ཡཻ་སྭཱ་ཧཱ། ཞེས་བརྗོད་ཅིང་སྦྱིན ་སྲེག་མངར་གསུམ་གྱིས་བྱའོ།། དེ་ནས་རྒྱ་མཚོ་ཆེན་པོར་གཤེགས་པར་བསམས་ཏེ། གཟུགས་བརྙན་མངར་གསུམ་དང་བཅས་ཏེ་ཆུ་བོ་ཆེན་པོར་དོར་རོ།། དེ་ཡང་དང་པོར་ས་གཙང་མོ་ལ་སྦྲུལ་གྱི་གཟུགས་བྱ་ལ། ཚོན་གྱིས་ཁྲ་བོར་བྱོས ་ཏེ། ལུས་བོར་ལ་དེར་ཕྱུང་སྟེ། མངར་གསུམ་གཞུག་གོ།། དྲི་ནས་ཆུ་བོར་འདོར་བའི་ཚེ་དམ་བསྒྲག་པར་བྱ་སྟེ། ཀླུ་རྣམས་ཁྱེད་ཀྱིས་བདག་གི་ངག་མཉན་ན།། ཡིད་བཞིན་ནོར་ལྟར་བསམ་པ་འགྲུབ་པ་དང་།། མཁའ་ལྡིང་རིས་དང་བྱེ་ཚོན ་གདོན་ཞི་སྟེ།། འདོད་ཡོན་ལྔ་ལ་བདེ་བ་ལོངས་སྤྱོད་ཤོག། ཇི་སྟེ་ང་ཡི་བཀའ་བས་འདས་གྱུར་ན།། མཁའོ་ལྡིང་བྱེ་ཚོན་རིམས་ཀྱིས་ཆར་ཕབ་ནས།། དུས་རྣམས་རྟག་ཏུ་ནང་ཀུན་ལྡང་བ་དང་། ཕྱག་ན་རྡོ་རྗེ་མགོ་བོ་བཀས་གྱུར་ཅིག་ཅེས་བརྗོད་ཀླུ་ལོ་གཏོར ་མ་གཏང་བ་དང་། རྣམ་ཐོས་སྲས་ཀྱང་སྤྱན་དྲངས་ཏེ་གཏོར་མ་རྒྱ་ཆེན་པོ་བཏང་ངོ་།། སྒྲུབ་བྱ་བསྲུང་བ་ནི། བཅོམ་ལྡན་དྲང་སྲོང་ཆེན་པོ་ཁྱེད།། སུམ་མདོའི་རིགས་མཚན་ལྡན་པ་ལ།། ཇི་ལྟར་བསྲུང་བར་དམ་བཅས་པ། ་དེ་ལྟར་འདི་ལ་བསྲུང་བར་མཛོད། ཅེས་བརྗོད་ལ། དེ་ནས་མར་གྱི་དག་དོ་བླུགས་ཕུལ་ཏེ། མཆོད་པ་དང་བསྟོད་པ་བྱིས་ལ། བཟོད་པར་གསོལ་ཏེ། གང་ཡང་བདགོ་བློ་གཏི་མུག་པས།། ལེགས་བེཤང་འདི་ལ་ཉེས་པ་གང་།། ལུས་ནྡན་ཀུན ་གྱི་སྐྱབས་གྱུར་པའོ།། དེ་ཀུན་མགོན་པོས་བཟོད་པར་མཛོད།། གཙོ་བོས་ནུས་པ་མ་མཆིས་ཤིང་།། མ་ཚལ་བ་དངོ་མ་རྙེད་པས།། བདག་གིས་བགྱིས་པ་གང་བགྱིས་པ།། དེ་ཀུན་མགོན་པོས་བཟོད་པར་མཛོད་ཅེས་བརྗོད་དོ།། ཨོཾ་ཁྱེད་ཀྱིས ་སེམས་ཅན་དོན་ཀུན་མཛོད།། རྗེས་སུ་མཐུན་པའི་དངོས་གྲུབ་གསོལ།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་བྱོན་པར་མཛད་དུ་གསོལ། ཞེས་བརྗོད་ལ་གཤེགས་པར་བསམ།། དེ་ནས་དམ་ཚིག་སེམས་དཔའ་རང་ལ ་སཱུ།། དེ་ནས་དམ་ཚིག་སེམས་དཔའ་རང་ལ་བསྡུ། དེ་ནས་བྱིན་ཟ་ལ་མཆོད་བསྟོད་བྱས་ནས་མེ་ལྷའི་ཞབས་དྲུང་གི་ཐལ་བས་བདག་དང་ཡོན་བདག་བསྲུངས་ཏེ། སྨོན་ལམ་གད་བྱ་དོ། རང་གི་དོན་དང་གཞན་གྱི་དོན།། བྱིན་པ་ཁྱོད ་ཀྱིས་མཛད་ལགས་ཀྱིས།། རང་གི་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་བྱོན་པོར་མཛད་དུ་གསོལ།། ཨེ་ཧྱ་ཧི་གཙྪ་ཞེས་བྱ་བས་གཤེགས་སུ་གསོལ།། དེ་ནས་དམ་ཚིག་གི་མེ་ལྷ་རིམས་ཀྱིས་ཐ་མལ་བའི་མེ་ལ་ཐིམ་པར་བྱའོ།། ་དེ་ནས་ཐལ་བ་སློང་བ་ལྔ་སྦྱིན་ནོ།། འབྱུང་པོ་ཐམས་ཅད་འདུལ་བའི་རྒྱུད་ཆེན་ལས།། བཏུས་ཏེ་སྦྱིན་སྲེག་ཆོ་ག་མདོར་དྲན་བྱས།། དེས་ནི་འགྲོ་བའི་གདོན་དང་སྡིག་པ་ཞི་བ་དང་།། ཀླུ་རྣམས་ཀུན་གྱིས་གནོད་པ་བྲལ་གྱུར་ཅིག། རྗེ་བརྟན་ཕྱུགནྡྷ ་རྡོ་རྗེ་གོས་སྟོན་གྱི་ཅན་གྱི་སྦྱིན་སུག་གི་ཆོ་ག་ཞེས་བྱ་བ། སྒྲིབ་དཔོན་བྲམ་ཟེ་ཉི་མདང་རྡོ་རྗེས་མཛོད་པ་རྟོགས་སོ།། ། སྦྱིན་སྲེག་གི་དུས་སུ་བསྟོད་པ་ནི།། ཧཱུཾ་གཏྱཱ་མཚོན་དུས་མཐའི་མེ་ལྟར་བྱུར། འ་ར་ཉི་མ་འཛུམ་གྱིག ་