| Wylie | e-texts produced with BDRC’s OCR application |
རྡོ་རྗེ་ཐོབ་ནས་ནི།། འགྲོ་དོན་དུམ་བྱེད་པར་ཤོག། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག། སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཏི་ནི་ལཱཾ་བ་ར་དྷར ་སཱ་དྷཱ་ཙིནྟཱ་མ་ཎི་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གྲོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐུབས་ཡིད་བཞིན་གྱི་ནོར་བྷུ་ཞེས་བྱ་བྷ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། རེ་ཞིག་དང་པོ་རྣལ་འབྱོར་པས་ཤིང་གཅིག་ལ་སོགས་པ ་ས་ཕྱོགས་སུ་སྟ་ནེ་ལ་མཱ་པ་ལིཾ་འདུག་སྟེ། རང་གི་སྙིང་གཱའི་ཉི་མའི་དཀྱིལ་འཁོར་ལོ་ག་ནས་པའི་ཧཱུཾ་ནག་པོ་བསམས་ནས་དེའི་འོད་ཟེར་གྱིས་ནམཁའོ་ལ་གནས་པའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ཏེ། མཆོད ་པ་རྣམ་པ་ལྔས་མཆོད་ཅིང་སྡིག་པ་བ་ཤགས་པ་ལ་སོགས་པ་བྱའོ།། དེ་ནས་བྱམསྣ་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཞེས་བྱ་ཆད་མེད་པ་ཚངས་པའི་གནས་བཞི་བསམས་ལ། གཅིག་དང་དུ་མ་དང་བྲལ་བས་སྣརུམས ་ཅན་གྱི་ཁམས་མ་ལུས་པ་དང་། བདག་ཉིད་ཀྱང་སྟོང་པར་བསམས་ལ་ཐོ་རིངས་ཀྱི་སྐར་མ་དང་འདྲ་བར་བདག་ཉིད་མ་དམིགས་ཤིང་། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བས་ནི་བརྟན་པར་བྱའོ།། དེ་ནི་འི་གེ་བཾ་སྭ་བྱུ་འི་དྲཝ་ད་ཀྱཻ་ཧཱ་ལི་ག་ཙྪཿ། ་བའི་མེ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཁ་དོག་ནག་པོ་དང་རིང་པོའི་སྒྲ་སྤྱིར་སྒྲའི་ཡི་གེ་ཧཱུཾ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་བསྣམས་ཞིང་དེའི་འོད་ཟེར་གྱིས་ན་མཁོའ་ལ་ཁྲོ་བོའི་རིགས་ཀུན་བཀུག ་ལ་དེ་ཉིད་གཞུག་སྟེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན། སྐུ་མདོག་ནག་པོ་སྤྲིན་ལྟ་བུ།། ཞལ་གཅིག་པ། ཕྱག་གཉིས་པ། སྤྱན་གསུམ་དམར་བ། མཆེ་བ་གཙིགས་པ། ཞལ་ཁྲོ ་གཉེར་ཅན། དབུ་སྐྲ་གྱེན་དུ་བརྫེས་པ། རལ་པའི་ཅོད་པན་གྱི་དབུས་ན་མི་བསྐྱོད་པ་སྐུ་མདོག་ནག་པོས་བརྒྱན་པ། གཡོན་བརྐྱང་བས་གནས་པ། གདུག་པ་རྣམས་ལ་སྡིགས་མཛུབ་མཛད་པ། ཕྱག ་གཡས་པས་རྡོ་རྗེ་ཕྱར་ཏེ་གནས་པ། ཕྱག་གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་གདུག་པ་གནོན་པའི་སྡིགས་མཛུབ་འཆང་བ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ནག་པོ་དང་ལྡན་པ། གོས་སྔོན་པོའི་གཤི་དང ་ཤམ་ཐབས་བསྣམས་པ། རིགས་ཀྱི་ཀླུ་བརྒྱད་ཀྱིས་དབུ་བརྒྱན་མཛད་པ་ནི་འཛག་པོ་དང་། རིགས་ལྡན་དམར་པོ། ཞབས་གཉིས་ལ་མཐའ་ཡས་དང་། ནོར་རྒྱས་ཀྱི་བུ་ནག་པོ། སྙིནི་གཉིས་ལ་པདྨ་དང་པདྨ་ཆེན་པོའོ།། སྐར་གས ་སུ་བཅིངས་པ་ནི་དུང་སྐྱོང་དཀར་པོ། རལ་པ་གཅིག་པའི་སྲད་བུ་ནི་ཧཱུ་ལུ་ཏ་ལྗང་གུ་འཛིན་པ། བདུད་ཐམས་ཅད་དང་། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་ལ་སོགས་པ་མུ་སྟེགས་པའི་གཞུང་དང་གཟུགས་འཇོམས་པར ་བསམས་ལ། དེ་དང་འདྲ་བའི་གོས་སྔོན་པོ་ཅན་མདུན་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་བསྣམས་ལ་རང་གི་སྙིང་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོའི་ཚོགས་ཀྱི་མཆོད་ལ། ཛཿཧཱུཾཿབཾ་ཧོཿཞེས་པའི་སྔགས ་ཀྱིས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་། ཐ་མི་དང་པར་བྱའོ།། དེ་ནས་ལྕེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩ་ལྔ་པ་དེ་ཉིད་ཀྱིས་མཚན་པར་བསམས་ལ་ཡེ་ཤེས་པའི་ཐུགས་ཀ་ན་ཡང་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས ་མཚན་པ་བསམས་ཏེ། མིག་ལ་སོགས་པའི་དབང་པོ་དུག་ལ་ཡང་ཡི་གེ་ཧཱུཾ་དུགྣ་ཡོངས་སུ་གྱུར་པ་ལས་དེ་དང་འདྲ་བའི་གོས་སྔོན་པོ་ཅན་དྲུག་བཀོད་དེ། ཡི་གེ་གསུམ་གྱིས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ། རུ་རཀྵའི་ཕྲེང་བ་ལ་བཟླ ་བར་བྱའོ།། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ནི་ཧཱུཾ་ཧཱུཾ་ཕཊ། སྙིང་པོའི་སྔགས་འདི་ཡི་གེ་བཅུ་གསུམ་པའོ།། ཨོཾ་བཛྲ་པཱ་ནི་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོ་ཡི་གེ་བདུན་པའོ།། དེ་དག་ལེ་ཡང་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བཟླས་ན་དྲག་པོའི ་ལས་འགྲུབ་པར་འགྱུར་རོ།། དེ་ནས་བསད་པའི་ལས་ནི་དུར་ཁྲོད་དུ་ཕྱིན་ལ། མ་ཐབ་གྲུ་གསུམ་བཅས་ལ་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་། དུར་ཁྲོད་ཀྱི་ཐལ་བ་དང་། སྐེ་ཚེ་དང་། ད་དུ་ར་དང་། ཁྲག་དང་། དུག་དང་བསྒྲུབ ་བྱའི་གཟུགས་བརྙན་ལ། བཅད་ཅིང་བསྲེག་ན་ཞག་བདུན་ནས་འཆི་བར་འགྱུར་རོ།། ཧཱུཾ་དང་ཕཊ་སྤངས་པའི་སྦྱོར་བ་དེ་ཉིད་ཀྱིས་མངར་གསུམ་ལ་སྭཱ་ཧཱའི་མཐུའ་ཅན་གྱིས་བསྲེགས་ན། ཞི་བར་འགྱུར། རྒྱས་པ་ལ་ནི་ཨོཾ་གྱི་མཐའ ་ཅན་གྱིས་སོ།། དབང་ལ་ཧོའི་མཐའ་ཅན་གྱིས་སོ།། དགུག་པ་ལ་ནི་ཛཱཿའི་མཐའ་ཅན་གྱིས་སོ།། བདུད་རྩི་ལྔ་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཎཱ་ཨཱ་དྱ་ནུཏྤནྣ་ཏཱཏ་ཅེས་པ་འམ། སྙིང་པོ་འམ ་ཉེ་བའི་སྙིང་པོས་གཏོར་མ་བཏང་བར་བྱའོ།། གཏོར་མ་གཏང་བའི་རྫས་ནི་བཟའ་བ་དང་། བཅའ་བ་དང་། གཞིབ་པ་དང་། བལྡག་པ་འོས་པ་དང་ལྡན་པའི་སྦྱོར་བ་པའོ།། ལྡང་བའི་དུས་སུ་ཡེ་ཤེས་དཔའ་ཀྲོ་དྷ་ཨཱཿམུཿ ་ཞེས་བྱ་བས་གཤེགས་སུ་གསོལ་བ་དང་། སྤྱོད་ལམྦྷ་བཞི་དེའི་ངང་གིས་གནས་པར་བྱའོ།། ཕྱག་ན་རྡོ་རྗེ་ཁྲོ་བོ་ཆེ།། སྒྲུབ་ཐབས་གསལ་བ་འདི་བྱས་པས།། བསོད་ནམས་གང་ཞིག་བསགས་པ་དེས།། སྒྲུབ་པ ་འདི་ཡི་ས་ལས་ཀུན་བྱེད་པར་ཤོ་གོ། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་ཡིད་བཞིན་གྱི་ནོར་བུཾ་ཞེས་བྱ་བ། སློབ་དཔོན་དངོས་གྲུབ་བརྙེས་པའི་མཁས་པ་ཆེན་པོ་ཉིན་མཛད་རྡོ་རྗེའི་ཞལ་སྔ་ནས་མཛད་པ། ཕྱག ་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྨྲ་བ་པའི་ཐབས་རྫོགས་སོ།། རྒྱག་ར་གྱི་མཁན་པོ་ཤྲཱི་ཀྵ་མྦཱ་རཀྵཾ་བུའི་ཞལ་སྤྲོ་ནས་བསྒྱུར་ཅིང་ཞུས་པའོ།། ། རྒྱུ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ཙཎྜ་མཧཱ་རོ་ཥ་ཎྜ་ཧོ་མྦ་ཏ་བྷྲྀ་དྷི་ནཱ ་