| Wylie | e-texts produced with BDRC’s OCR application |
འཁོར་ལོའི་ཆོ་ག་གྲུབ་པོ་ཐོབ་པའི་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲ་པཱ་ཎི་མཎ་ཌ་ལ་བྷི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག། དཔལ ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དཔལ་ཕྱག་ན་རྡོ་རྗེ་དང་།། བླ་མ་ལ་གུས་ཕྱག་འཚལ་ནས།། སྒྲུབ་པ་པོ་ལ་ཕན་པའི་ཕྱིར།། དེ་ཡི་དཀྱིལ་འཁོར་ཆོ་ག་བརྩམ།། དཔལ་ཕྱག་ན་རྡོ་རྗེ་བསྒྲུབ་པར་འདོད་པའི་དོན་དུ། དཀྱིལ་འཁོར ་ཆོ་ག་འདི་བསྡུ་བར་བྱའོ།། དེ་ལ་སྔོན་དུ་བསྙེན་པ་བྱ་བྱ་ནཱི། སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན་དུ། བདག་ཉིད་ལྷུར་བསྐྱེད་ནས། སྙིང་པོ་འབུམ་བཟླས་པར་བྱ་བ་འམ། ཡང་ན་ཇི་སྲིད་མཚན་མ་མ་བྱུང་གི་བར་དེ་སྲིད་ཀྱི་བར་དུ་བསྒོམ་པ་དང ་བཟླས་པ་བྱའོ།། དེ་ནི་སྔོན་དུ་བསྙེན་པོ་བྱེད་པའི་ཆོ་གའོ།། དེ་ལྟར་སྔོན་དུ་བསྙེན་པའི་ཆོ་ག་རྫོགས་ནས། སའི་ཆོ་ག་བྱ་སྟེ། གཙུག་ལག་ཁང་ངམ། ཀུན་དགའ་ར་བ་འམྦ། ནགས་ཚལ་ལ་སོགས་པ་ཡིད་དུ་འོང་བའི་གཱི་ནཱ་སཱ་སུ་ས ་བསྲུང་བ་དང་\ུ0f7f། ས་སྦྱང་བ་དང་། སཾ་བཟུང་བ་དང་། ས་བྱིན་གྱིས་བརླབ་པར་བྱ་སྟེ། ཚད་བརྟག་པ་དང་། དབྱིབས་བརྟག་པ་དང་། ཁ་དོག་བརྟག་པའོ།། དཾ་ལ་ས་བསླང་བ་ནི། གནས་ཀྱི་བདག་པོ་ལ་བསླང་བ་ནི། མཻཎྜལ་དང་དྲིའི་ཐིག་ལེ་དང ་མེ་ཏོག་གི་ཚེམ་བུ་བྱོས་ཏེ། མཆོད་པ་དང་གཏོར་མ་བཤམས་ནས། ཨོཾ་བཽ་ཏི་བཾ་ས་ཨ་ཀཪྵ་ཡ་ཛཿབྱ་བ་དང་། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བརྐྱང་བ་སཱ་ལ་རིག་པར་བྱས་པས། སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་ལ། ་སའི་ལྷ་མོ་ལ་མཆོད་པ་དང་། དེའི་འཁོར་ལ་གཏོར་མ་བྱིན་ལ་གསོལ་བ་གདབ་པར་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་གྱི།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། སྐྱོབ་པ་ཤཱཀྱ ་སང་གཱི་ཡིས།། ཇི་ལྟར་བདུད་སྡེ་བཅོམ་པ་ལྟར།། དེ་བཞིན་བདག་གི་བདུད་ཀྱི་སྡེ།། འཕམ་པར་བྱས་ཏེ་དཀྱིལ་འཁོར་འདྲི། ཞེས་ལན་གསུམ་གྱི་བར་དུ་བརྗོད་ལ། བྱོན་པར་བསམས་ཏེ་མཆོད་ལ་གཤེགས་སུ་གསོལ་ལོ།། དེ་ནས་ས ་སྦྱསྤང་བའི་ཕྱིར་དྲག་པོ་དང་ནི་ཞི་བའི་སྦྱིན་སྲེག་དང་འདོམ་གང་ཉེ་འཁོར་དུ། ལྟེ་བ་ནུབ་ཙམ་འམ། པུས་མོ་ནུབ་ཙམ་བརྐོས་ལ་གསེག་མ་དང་གྱོ་མོ་དང་། རུས་པ་ལ་སོགས་པ་གསལ་ཏོ། སྤོས་ཆུས་བྲན་ཏེ། སྭ་དེ་ཉིད་ཀྱིས་བཀང་ནས ་སོའི་ལྟས་བརྟག་པར་བྱ་སྟེ། ས་བསློང་བའི་ཆོ་གའོ།། དེའི་རྗེས་ལ་ས་གཟུང་བ་ནི། གདུགས་དང་རྒྱལ་མཚན་དང་། བླ་བྲེ་ལ་སོགས་པ་བྲེས་ལ། སྐུ་གཟུགས་རྣམས་བཀྲམ་ནས།། ཕྱོགས་བཞིར་སྤོས་རྒྱུན་མི་འཆང་བར་བཏུལ་བར ་བྱའོ།། དེ་ནས་ལག་པ་གཡས་པ་དར་གཏུགས་ཏེ། ཡི་གེ་བརྒྱ་པ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་པ་བྱའོ།། ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ནི། ས་གཟུང་པོ་དང་བྱིན་གྱིས་བརླབ་པ་སྟེ། སའི་ཆོ་གའོ།། དེ་ནས ་ཁྲུས་བྱ་ཞིང་དྲིས་བྱུགས་ལ། གོས་སྔོན་པོའི་སྟོད་གཡོགས་བགོས་ལ་རྒྱན་གདགས་ཤིང་རྡོ་རྗེ་དང་དྲིལ་བུར་ལྡོན་པས། གལ་ཏེ་ནུས་ན་སྨྱུང་བར་གནས་པ་དང་། མ་ནུས་ན་ཟས་དཀར་གསུམ་བཟའ་བར་བྱའོ།། དེ་ལ་རེ་ཤིག་དཀྱིལ་འཁོར ་གྱི་དབུས་སུ་འདུག་ལ། ཚོགས་བསགས་པ་དང་། བསྲུང་བའི་འཁོར་ལོ་དང་། གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པར་བྱའོ།། ། དེ་ལ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཆེན་པོ་ན་མཁའི་ཚད་དང་མཉམ་པའི་ཁོང་སྟོང ་བསམ་པ་ནི་བསྲུང་བའི་འཁོར་མའོ།། སྣང་ཛཱ་ལས་གཞལ་ཡས་ཁང་གུ་བཞི་པརྟ་བབས་དང་བཅས་པ་བསྐྱེད་ལ། དབུས་སུ་ཡ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་བདག་ཉིད་ལྟར་བསྐྱེད་ལ།། ་ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་བ་དང་། ཡི་གེ་གསུམའི་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་པའི་བར་དུ་བྱས་ལ་ལྷ་མོ་མཆོད་ནས། གསོལ་བ་གདབ་པར་བྱའོ།། དེ་ནས་སྒྲུབ་པའི་གྲོགས་པོས་མཚན་བརྒྱ་རྩ་བརྒྱད ་པས་བསྟོད་ལ་གསོལ་བ་གདབ་སྟེ། མིག་གཡས་པར་མ་ལས་ཉི་མ།། གཡེན་པར་ཌཱ་དང་ཨ་ལས་ཟླ་བ། རྐང་མཐིལ་དུ་ཨ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་ནས་ལངས་ཏེ། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ནས། བདག་ཉིད་ལྷའི་ང་རྒྱལ་གསལ ་བར་བྱས་ནས། དབུས་ཀྱི་གཙོ་བོ་ན་མཁར་བཏེག་ལ་ཁྲོ་བོའི་བསྟོད་པ་བྱའོ།། དེ་ལ་བསྟོད་པ་ནི། ཆོས་དབྱིངས་སྟོང་པ་གཉིས་མེད་ངང་ཉིད་ལས།། འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་།། ཐབས་ལོ་མཁོས་པས་འཇིགས་བྱེད་སྐུར་སྟོན་པ།། ཁྲོ ་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད།། བསྐལ་པ་མེ་ལྟར་འབར་བའི་གླེང་དཀྱིལ་ནས།། དཔའ་བོའི་སྟང་སྟབས་བརྐྱང་བསྐམ་ཚུལ་དུ་བཞུགས།། ཉི་ཟླ་འབར་བའི་སྨན་གྱི་སྡང་མིག་གིས།། བགེགས་དཔུང་བསྲེག་པར་མཛད་ལ་ཕྱག ་འཚལ་བསྟོད། ཅེས་བརྗོད་ནས་བཀའ་བསྒོ་བར་བྱ་སྟེ། དཀྱིལ་འཁོར་ཆེན་པོའོ་ས་གཞི་ལ་གནས་པའི།། ལྷ་ལ་སོགས་པའི་བགེགས་ཚིགས་ཀུན་ཉོན་ཅིག། རི་ན་གནས་འདིར་དཀྱིལ་འཁོར་ཆེན་པོ་འདྲ།། བགེགས་ཀྱི་རིགས ་ཚོགས་གང་ཡིན་འབྱེར་བར་གྱིས།། ཅི་སྟེང་ཡི་བཀའ་ལས་འདས་གྱུར་ན།། ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་འདིས།། སྤྱི་བོ་ཚལ་པ་བརྒྱར་ནི་རབ་བགེམས་ཤིང་།། རྣམ་པར་འཇིག་པར་འགྱུར་བར་གདོན་མི་ཟ། ཞེས་བྱ་བ་དང་། དེང་རྣལ་འབྱོར ་གྱི་དབང་ཕྱུག་ཆེ་གེ་མོ་ཞེས་བྱ་བས། སློབ་མ་ཆེ་གེ་མོ་ཞེས་བྱ་བ། རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དང་། སེམསོ་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་ཞིག ་བརྩོམ་གྱི་ས། གང་སུ་ཡང་རུང་བ་ས་ཕྱོགས་འདི་ན་གནས་པའི་ལྷ་དང་ལྷ་མ་ཡིན་དེང་གནོད་སྦྱིན་དང་སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་འབྱུང་པོ་དང་། ནོ་མཁའ་ལྡིང་དང་། མི་འམ་ཅི་དང་། རིག་འཛིན་ལ་སོགས་པ་རྒན ་པོ་དང་། རྒན་མོ་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མི་གནས་པར་གཞན་དུ་དེངས་ཤིག། དེ་ལྟར་ཕྱག་ན་རྡོ་རྗེའི་བཀའ་ཐོས་པས་མྱུར་བ་ཉིད་དུ་དངོས་ཤིག། གང་དག་མི་འགྲོ་བ་དེ་དག་ནི། ངའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ཏུ ་འབར་བ་འདིས་མགོ་བོ་ཚལ་པ་བརྒྱར་འགྲས་པར་འགྱུར་རོ།། ཧཱུཾ་ཞེས་ལན་གསུམ་བརྗོད་དེ། རྡོ་རྗེ་ཆེན་པོའི་གར་དང་། རྡོ་རྗེའི་འགྲོས་ཀྱིས་ས་གཞི་ལྡན་གསུམ་བསྐོར་ཞིང་། རང་གི་ལུས་ལ་ཁྲོ་བོའི་ཚོགས་བྱུང་ལ། སྡང་བ་ཐམས་ཅད ་བསྐོད་པར་བསམ་མོ།། དེ་ནས་ཡི་གེ་ཧཱུཾ་གིས་བསྲུང་བའི་འཁོར་ལོ་བྱས་པ་ལ། ཕུར་བུ་ལྔ་བསྟོད་ཕྱག་ན་རྡོ་སྨ་རྩ་གཅིག་པ་ལྟ་བུར་བསྐྱེད་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བནྡྷ་ཧཱུཾ་ཕཊ། ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་ལ ་དབུས་དང་གྲ་བཞིར། ཨོཾ་གྷཱ་གྷ་གྷ་ཏ་ཡ་གྷཿ་ཡ་སརྦ་དུཥྚཱ་ན་ཕཊ། ཀཱི་ཡ་ལ་ཀཱི་ཡ་ལཱ་སརྦ་པཱ་པཱཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་དྷ་ར་ཨཛྙཱ་པཱ་ཡཱ་ཏི་ཀཱ་ཡ་བཀྲྀཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བྱ་བས་བཏབ་ལ། ཨོཾ་བཛྲ་མུད ་ག་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཞེས་བྱ་བས་བསྲུང་བར་བྱའོ།། དེ་ནས་བསྲུང་སྐུད་བཅིང་བ་དང་། གུ་གུལ་གྱིས་བདུག་པ་དང་། མེ་ཏིག་གི་ཕྲེང་བས་གདགས་ཤིང་དྲིའི་ཐིག་ལེ་བྱས་ནས། བྱམས་པའི་གོ་ཆ་བསྒོམ་པར་བྱའོ།། དེ་ནས་དཀྱིལ ་འཁོར་བའི་རྣམ་ལྔ་དང་། སྙིང་པོ་བཟླས་པའི་དྲིའི་ཆུས་བྱུགས་ལ། དབུས་སུ་དྲིའི་ཐིག་ལེ་བྱའོ།། མེ་ཏོག་གི་ཚོམ་བུ་བཀྲམ་ནས། ཛཿཧཱུཾ་བཾ་ཧོའི་སྔགས་ཀྱིས་བཏེག་པའི་ལྷ་གཞུགསུ་གསོལ།། ཡེ་ཤེས་སེམས་དཔའ་གཞུག་པ་དང་། ་དབང་བསྐུར་བ་དང་། ཡི་གེ་གསུམ་གྱིས་གནས་གསུམ་དུ་བྱིན་གྱིས་བརླབས་ལྔ་མཆོད་པོ་ལྔ་དང་། མཆོད་པ་རྒྱས་པ་དང་། བསྟོད་པ་བྱས་ནས་སྙན་གསན་དབབ་པར་བྱའོ།། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས།། རིག་སྔགས་རྒྱལ་ལ ་ཕྱག་འཚལ་ལོ།། སློབ་མ་ཀུན་ལ་བརྩེ་བ་དང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། སུང་ནི་དཀྱིལ་འཁོར་འབྲི་བར་འཚལ།། བཅོམ་ལྡན་བདག་ནི་གུས་པ་ལ།། དྲྀ་བས་གནང་བ་མཛད་པར་རིགས། ཞེས་ལན་གསུམ་བརྗོད ་པར་བྱ་སྟེ། ལྷ་ལྷག་པར་གནས་པའོ།། དེ་ནས་འབྱོར་པ་ཡོད་ན་སྦྱིན་སྲེག་གི་མཆོད་པ་བྱའོ།། དེ་ནས་གཏོར་མའི་ཆོ་ག་ནས་འབྱུང་བ་བཞིན་དུ་གཏོར་མ་བཏང་ནས། སློབ་མ་ལྷག་པར་གནས་པར་བྱ་སྟེ། ཁྲུས་བྱས་ལ། མེ་ཏོག ་ལག་ན་ཐོགས་ཏེ། སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་ནས། གསོལ་བ་བཏབ་སྟེ་རྒྱན་བཤགས་བྱས་ཏེ། དེ་ནས་ལྷར་བསྐྱེད་ནས་མཆོད་པ་བྱས་ཏེ་སོ་ཤིང་དོར་བ་དང་། ཀུ་ཤ་སྦྱིན་པ་དང་། སྲུང་སྐུད་གདགས་པ་དང་། ཟབ་ཅིང ་རྒྱ་ཆེ་བའི་ཆོས་བཤད་པར་བྱ་སྟེ། རྒྱས་པར་ནི་བཞི་བརྒྱ་ལྔ་བཅུ་པའི་ཆོ་ག་ལས་ཤེས་པར་བྱའོ།། སློབ་མོ་ལྷག་པར་གནས་པའོ།། དེ་ལྟར་ལྷག་པོར་གནས་པ་བྱས་ནས། ནུང་པར་ཉི་མ་ཤར་བ་དང་། མཆོད་པ་བཤམས་ལ་དཀྱིལ ་འཁོར་ན་མཁར་བཏེག་སྟེ། ས་གཞི་བཱའི་རྣམ་ལྔ་དང་། དྲིས་བྱུགས་ནས། ཐིག་བྱིན་གྱིས་པོ་རླབས་ལ་ཆོ་ག་བཞིན་དུ་ཐིག་གདབ་པར་བྱའོ།། དེ་ནས་ཚོན་དགྱེ་བར་བྱ་སྟེ། ཚེན་བྱིན་གྱིས་བརླབས་ལ་དབུས་སུ་པདྨ་དང་ཟླ་བའི་གདན ་ལ་རྡོ་རྗེ་རྩ་ལྔ་པ་བྲི་བ་དང་། ཕྱོགས་ཀྱི་རིམ་པར་ཚོན་དགྱེ་བོ་དང་། རྩིག་པ་ལོ་ཕྱི་རོལ་དཀར་པོ་དང་། སྡེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་དང་། ཁ་ཁྱེར་དམར་པོ་རིན་པོ་ཆེ་ཕ་གུ་སིར་པོ་དང་། དྲ་བ་དྲ་ཕྱེད་ནག ་རྟེ་བབས་ཅི་མཛེས་པར་བྲི་བར་བྱའོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས།། རྒོངསཽ་ཀའི་དུས་སུ་མཆོད་པའི་རྫས་རྣམས་བསགས་ནས་སྟན་བདེ་བ་ལ་འདུག་སྟེ། ལྷའི་ང་རྒྱལ་གྱིས་དཀྱིལ་འཁོར་བཏེག་ལ་ཡིད་ཀྱིས་དཀྱིལ་འཁོར ་ནང་དུ་ཞུགས་ཏེ། ལྷག་པ་དང་མཆོང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར། ལན་བདུན་བསྐོར་བར་བྱའོ།། དེ་ནས་མེ་ཏོག་གི་ཕྲེང་བ་དོར་ལ་སླར་རང་གི་མགོ་ལ་བཅིང་བར་བྱའོ།། དེ་ནས་བདག་ཉིད་ལྷར་བསྐྱེད་ལ། མདུན་གྱི་ལྷ་ཡང ་ཡི་གེ་ཡོངས་སུ་གྱུར་པ་ལས་རྡོ་རྗེར། དེ་ལ་འོད་ཟེར་སྤྲོས་བསྡུ་བྱས་ནས། ལྷར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་རྫོགས་པར་བྱས་ནས་མཆོད་པ་རྒྱས་པ་དབུལ་བར་བྱའོ།། བསྟོད་པ་བྱས ་ནས་བུམ་པ་བཅུག་སྟེ། བཟླས་པ་བྱས་ནས་ཆུར་བཞུ་ལ་སྐུ་ཁྲུས་གསོལ་བར་བྱའོ།། དེ་ནས་སྦྱིན་སྲེག་བྱ་བ་དང་། གཏོར་མ་བཏང་ནས་སློབ་མ་ལ་དབང་བསྐུར་བའོ།། དཱི་ལ་དང་པོར་གསོལ་བ་བཏབ་པ་དང་། གདོང་གཡོགས ་བཅིང་བ་དང་། རྒྱུན་བཤག་བྱ་བ་དང་སྡོམ་པ་བ་ཟུང་བབ། ལྷར་བསྐྱེད་ཅིང་ལས་ཐམས་ཅད་པོའི་བུམ་པས་སྒོ་ཁྲུས་གསོལ་བར་བྱའོ།། དཀྱིལ་འཁོར་དུ་གཞུག་པ་དང་། ལྷའི་དམ་ཚིག་བསྒྲགས་པ་དང་། སློབ་དཔོན་གྱི་དམ་ཚིག་བསྒྲགས ་པ་དང་། ཡེ་ཤེས་དབབ་པ་དང་། ཕྲེང་བ་དོར་བ་དང་།། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བལྟ་བ་བྱོས་ནས། ལྷུར་བསྐྱེད་ནས། ཆུ་དང་ཅོད་པན་དང་། བདག་པོ་དང་། མིང་གི་དབང་བསྐུར་བར་བྱའོ།། དེ་ནས་སྐུ་གསུང ་ཐུགས་ཀྱི་བརྟུལ་ཞུགས་དང་། སྤངས་པ་དང་། ཡེ་ཤེས་ལ་སོགས་པའི་དབང་དང་། རྗེས་སུ་གནང་བ་དང་། བོརྟུལ་ཞུགས་ཀྱི་དབོང་ལ་སོགས་པ་བྱའོ།། དཀྱིལ་འཁོར་ཆོ་ག་སྦྱར་བ་འདི།། དགེ་བ་གེང་ངེས་ཐོབ་པ་ཀུན།། ཕྱག་ན ་རྡོ་རྗེ་ཐོབ་ནས་ནི།། འགྲོ་དོན་དུམ་བྱེད་པར་ཤོག། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག། སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཏི་ནི་ལཱཾ་བ་ར་དྷར ་