| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ག་ན་ཙཀྲ་པྲ་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ།། གོས་སྔོན་ཅན་ལ་ཕྱག་འཚལ་ལོ།། གདུག་པ་འདུལ་བྱེད་རྡོ་རྗེ་ཅན།། དེ་ལ་རྟག་ཏུ་ཕྱག་འཚལ་ཏེ།། ཚོགས་གཉིས་ཡོངསུ་རྫོགས ་བྱའི་ཕྱིར།། ཚོགས་ཀྱི་ཆོ་ག་བཤད་པར་བྱ།། གནས་ཁང་དབེན་ཞིང་ཉམས་དགའ་བར།། ཕྱག་དར་ཕྱག་ཕྱག་བྱས་ནས་ནི།། དཀྱིལ་འཁོར་དང་ནི་རབ་པོ་ཞེང་སཱ་ལ།། ཡང་ནཱ་མཎྜལ་སྔོན་པོར་བཽ།། གདུགས་དང་བ་དན་ལ་སོགས་དབུལ།། རྡོ ་རྗེཅན་གྱི་རྟེན་རྣམས་དགྲམ།། མཆོད་པ་ལྔ་དང་ལྡན་པར་བྱ།། གཏོར་ཚོགས་རྣམས་ཀྱང་བཟང་དུ་བཤམས།། བདག་ཉིད་ཡི་དམ་ལྷར་ནི་བསྐྱེད།། མིག་གཉིས་དག་ཏུ་ཉི་ཟླ་བསྒོམ།། དེ་སྟེང་ཧཱུཾ་ནི་བསམ་པར་བྱ།། ཕྱོགས་རྣམས་ཀུན་ཏུ ་བལྟས་པས་བསྲེག། དེ་ནས་གནས་ནི་བསྲུང་བྱའི་ཕྱིར།། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཤར་གྱི་ཕྱོགས་སུ་རབ་འཕྲོས་པས།། རྡོ་རྗེ་རིགས་ཀྱི་ཁྲོ་བོ་སྟེ།། སྐུ་མདོག་དཀར་ལ་འཇིགས་པའི་གཟུགས།། ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས ་དཔག་ཏུ་མེད་པས་གང་བ་བསྐྱེད།། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། རིན་ཆེན་རིགས་ཀྱི་ཁྲོ་བོ་སྟེ།། སྐུ་མདོག་སེར་ལ་འཇིགས་པའི་གཟུགས།། ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས།། དཔག་ཏུ་མེད་པས་གང་བ་བསྐྱེད།། ཨོཾ་གྲྀཧྞ ་པཱ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། པདྨ་རིགས་ཀྱི་ཁྲོ་བོ་སྟེ།། སྐུ་མདོག་དམར་ལྀ་འཛེགས་པའི་གཟུགས།། ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས།། དཔག་ཏུ་མེད་པས་གང་བ་བསྐྱེད།། ཨོཾ་ཨཱ་ན་ཡ་ཧོ་བི་དཱ་ར་ཛ་ཧཱུཾ་ཧཱུཾ་ཕཊ། ལས་ཀྱི་རིགས་ཀྱི་ཁྲོ་བོ་སྟེ།། ་སྐུ་མདོག་སྔོ་ལ་འཇིགས་པ་གཟུགས།། ཕྱག་ན་མཚོན་ཆེ་སྣ་ཚོགས་ཐོགས།། དཔག་ཏུ་མེད་པས་གང་བར་བསྐྱེད།། ཕྱོགས་གསུམ་སྤྲོས་པ་ཤེས་པར་བྱ། རྡོ་རྗེ་གུར་དང་ར་པོ་བསམ།། དེ་ལ་མེ་དཔུང་འབརེ་བཾ་བསྐྱེད།། དེ་ནས་མགྲོན་རྣམས ་སྦྱིན་དྲངས་ལ།། བདུན་པོ་ཡོངས་སུ་དགོ་བར་བྱ།། དེ་ནས་གཏོར་མ་གཏོར་ཆོ་ག་བཞིན།། རྒྱས་པར་རབ་ཏུ་དོ་བུལ་པོར་བྱ།། དེ་ནས་ཚོགས་ལ་བཱགེགས་བསྐྲད་ལ།། གཏོར་མ་བྱིན་གྱིས་བརླབ་པ་ནི།། དེ་ནས་ཚོགས་བདག་བཀོད་པ་ནི།། ་ཚོགས་རྗེ་ཚོགས་ཀྱི་བདག་པོ་ནི།། བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན།། ཚོགས་ཀྱི་བདག་པོ་གཞུགས་སུ་གསོལ།། དུས་གསུམ་བླ་མ་རྣམས་དང་ནི།། ཇོ་བོ་དཀོན་མཆོག་གསུམ་པོ་དང་།། བསྟན་པ་བསྲུང་བའི་ཆོས་སྐྱོང་དང་།། དཔལ་མགོན ་བདུན་ཅུ་རྩ་གཉིས་སོགས།། ཚོགས་ཀྱི་བདགེ་བོར་བཞུགས་སུ་གསོལ།། དེ་ནས་ཚོགས་ནི་དབུལ་བ་ནི།། དུས་གསུམ་བླ་མ་རྣམས་དང་ནི།། ཡི་དམ་ལྷ་ཚོགས་འཁོར་བཅས་ལ།། ཚོགས་ཀྱི་མཆོད་པ་དབུལ་ལེགས་ན།། ཐུགས་རྗེ ་ཆེར་དགོངས་དངོས་གྲུབ་གསོལ།། ཨ་ལཱ་ལ་ཏེ་མཆོད་པ་བཞེས།། ལྷ་རྣམས་འདུལ་ཕྱིར་གོས་དཀར་དང་།། སྐུ་ཡི་དཀྱིལ་འཁོར་འཁོར་བཅས་ལ།། ལྷ་སྲིན་འདུལ་ཕྱིར་གོས་ད་མར་ཅན།། གསུང་གི་དཀྱིལ་འཁོར་འཁོར་བཅས་ལ།། ཀླུ་རྣམས ་འདུལ་ཕྱིར་གོས་དམར་ཅན།། ཐུགས་ཀྱི་དཀྱིལ་འཁོར་འཁོར་བཅས་ལ།། བླ་མེད་དཀོན་མཚོག་གསུམ་པོ་ལ།། བསྟེན་པ་བསྲུང་བའི་ཆོས་སྐྱོང་ལ།། ལྷག་མ་ཡུལ་བདག་རྣམས་ལ་སྦྱིན།། དེ་ནས་ཚོགས་ལ་ལོངས་སྤྱོད་པ།། ལྷག་མ་འབྱུང་པོའི་གཏོར་མ ་བཏང་།། གླུ་དང་གར་དང་བསྐོར་བ་སོགས།། མཆོད་པ་རྣམ་པ་སྣ་ཚོགས་དབུལ།། དེ་ནས་འཇུག་གི་ལས་རྣམས་སུ།། མཆོད་བསྟོད་ཡི་གེ་བརྒྱ་པས་བཤགས།། བཟོད་པོར་གསོལ་ཞེས་གཤེགས་པ་ནི།། གང་ཡང་བདག་བློ་གཏི་མུག་པས།། ་ལེགས་སྤྱད་འདི་ལ་ཉེས་པ་གླང་།། དེ་ཀུན་མགོན་པོས་བཟོད་པར་མཛོད།། གཙོ་བོ་ནུས་པ་མ་མཆིས་ཤིང་།། མ་ཚང་བ་དང་མ་ཚོགས་པ།། དེ་ཀུན་མགོན་པོས་བཟོད་པར་མཛོད།། ཧཱུཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད།། རྗེས་སུ་མཐུན་པའི ་དངོས་གྲུ་བོ་གསོལ།། ཉིད་ཀྱི་ཡུལ་དུ་གཤེགས་སུ་གསོལ།། ཉིད་ཀྱི་ཡུལ་དུ་གཤེགས་ནས་ཀྱང་།། ཐུགས་ཀྱིས་བརྩེ་བར་སླར་དགོངས་ལ།། སླར་ཡང་བྱོན་པར་མཛད་དུ་གསོལ།། བཛྲ་མུ་\ུ0f7fཡིས་གཤེགས་སུ་གསོལ།། ཚོགས་ཀྱི ་འཁོར་ལོའི་ཆོ་ག་གྲུབ་པོ་ཐོབ་པའི་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲ་པཱ་ཎི་མཎ་ཌ་ལ་བྷི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག། དཔལ ་