| Wylie | e-texts produced with BDRC’s OCR application |
ཀྱི་ཚོགས་རྣམས་འཇོ་མས་མཛད་པ།། བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱོག་འཚལ་ལོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྟོད་པ། རྫོགས་སོ།། ། རྒྱ་གར་སྐད་དུ། ཐཱ་ག་བཱནཱ་ནཱི་ལཱི་བ་ར་དྷ་ར་བཛྲ་པཱ་ཎཱི་པཱ་དྷ་ནཱཾ་ནཱ་མ། བོད ་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པོའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལོ་ཕྱག་འཚལ་ལོ།། གཡོན་བརྐྱང་བ་ཡི་གེར་གྱིས་ནི།། རི་བོ་འཛིན ་ལ་བདེ་བར་བཞུགས།། ཀླུ་རིགས་རྣམས་ཀྱི་དགྲར་གྱུར་པའི།། ཁྲོ་རྒྱལ་སྤྱི་བོས་རབ་བཏུད་ནས།། དེ་ནས་བླ་མའི་བཀའ་དྲིན་ལས།། ཇི་ལྟའི་རིམ་པས་སྒྲུབ་པ་ཡི།། བདག་ཉིད་དེ་ལྟར་དྲན་པ་ཡིས།། འདི་ནི་བདག་གིས་བྲི་བར་བྱ།། དེ་ལ ་ཁྲོ་བོའི་བདག་པོ་ཡང་དག་པར་སྒྲུབ་པར་འདོད་པའི་རྣལ་འབྱོར་པས།། ཐོག་མར་གདོང་ཁྲུས་བྱས་ལ་ཕྱག་བྱ་སྟེ།། ས་གཞི་རྣམ་པར་དག་པ་ལ་མེ་ཏོ་ག་བཀྲམ་ནས་དེའི་དབུས་སུ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་ཡི་གེ་ཧཱུཾ ་ཁ་དོག་སྔོན་པོ་བསམ་ལ། དེའི་འོད་ཀྱིས་རྗེ་བཙུན་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་དང་ཐབས་གཅིག་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་བསྐུལ་ལ་མདུན་དུ་བསམ་ནས་མཆོད་པར་བྱའོ།། དེ་ནས ་སྡིག་པ་བཤགས་པ་ལ་སོགས་པའོ།། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་དཱན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེའི་སྒྲའི་དོན་དང་ལྷན་ཅིག་ཏུ་སྟོང་པ་ཉིད་ཀྱི་དོན་རྣམ་པར་བསམ་པར་བྱའོ།། དེ་ནས་ན་མཁར་ཡི་ག་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར ་དེའི་སྟེང་དུ་ཡི་གེ་ཧཱུཾ་ཁ་དོག་སྔོན་པོ་འོད་ཟེར་དང་བཅས་པ་བསམ་པར་བྱའོ།། དེའི་འོད་ཀྱིས་འགྲོ་བ་ཐམས་ཅད་རྣམ་པར་སྦྱངས་ནས་རྣམ་པར་གྲོལ་བས་སོ་སོར་གོས་སྔོན་པོ་ཅན་གྱི་སྐུའི་ངོ་བོར་བྱས་ལ། དེ་ནས་འོད་ཀྱིས་བསྡུས་ནས ་ས་བོན་གྱི་ཡི་གེའི་དབུས་སུ་གཞུག་པར་བྱའོ།། དེ་ནས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པས་བལྟས་ལོ་དེ་ནས་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅང་དྲངས་ནས་རྡོ་རྗེ་ལ་གཞུག་པར་བྱའིའོ།། དེ ་ནི་ཡོངས་སུ་གྱུར་པ་ལས།། སྐུ་མདོག་སྔོན་པོ་ཆེར་འབར་བ།། ཤིན་ཏུ་ཁྲོ་བས་དྲེགས་པ་ཡི།། གཡོན་བརྐྱང་བ་ཡིས་བདེ་བར་བཞུགས།། ན་ཚོད་བཅུ་དྲུག་ལོན་པ་བཞིན།། དྲག་ཅིང་ཁྲོ་བོའི་ཉམས་དང་ལྡན ་ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། རྡོ་རྗེ་རྩེ་ལྔ་བསྣམས་པ་ཡིས།། བསྣུན་པའི་ཚུལ་གྱིས་འཛིན་མཛད་ཅིང་།། གཡོན་པཾ་སྡིག་མཛུབ་འཆང་བ་དང་།། ན་བཟའ་སྔོན་པོ་འཆང་བ་བསྣམས།། སྤྱན ་དམར་མཆེ་བ་བརྩིགས་པ་སྟེ།། དབུ་སྐྲ་ཉི་མའི་འོད་ཟེར་བཞིན།། དབུ་སྐྲ་གྱེན་བརྫེས་ཅོད་པ་ཅན།། ཧ་ཧའི་སྒྲ་ནི་ཚེར་སྒྲོགས་པ།། ཁྲོ་བོའི་རྒྱལ་པོ་འཇིགས་པར་བྱེད།། ལོག་འདྲེན་ལ་སོགས་བསྲེགས་པར་མཛད།། བདག་ཉིད་དེ་འདོར་བས། ་པར་བྱ།། དེ་ནས་རང་གི་སྙིང་གཱར་ཡཱི་གེ་ཧཱུ~ཾ་བཀོད་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངདྲ་བར་བྱ།། དེ་ནས་མདུན་དུ་བཞུགས་པ་དེ་ལ། མཆོད་པར་བྱས་ལ། ཛ་ཧཱུཾ་བཾ་ཧོཿཞེས་བྱ་བས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱའོ།། ་ཡང་ལུས་དང་ངག་དང་ཡིད་བྱིན་གྱིས་བརླབས་པར་བྱ་སྟེ། མགོ་དང་ལྐོག་མོ་དང་སྙིང་གོར་ཟླ་བའི་དཀྱིལ་འཁོར་ལ། ཨོཾ་ཨཱཿཧཱུཾ་རིམ་པ་ཇི་ལྟ་བ་བཞིན་བཀོད་ལ། དཀོར་པོ་དང་དམར་པོ་དང་ནག་པོ་བསམ་པར་བྱའོ།། ཕྱི་ནས་ཇི་སྲིད ་ནུས་པར་སྤྲོ་བ་དང་བསྡུ་བའི་རིམ་གྱིས་མི་སྐྱོ་བའི་རབ་ཏུ་བསྒོམ་པར་བྱའོ།། སྐྱོ་བར་གྱུར་ན་གསང་སྔགས་ཡིད་ཀྱིས་བཟླས་པར་བྱ་སྟེ། མྱུར་བ་དང་དལ་བ་དང་གསལ་བ་དང་། མི་གསལ་བ་སྤངས་པའི་ལོག་པའི་རྣམ་པར་རྟོག་པ་སྤངས ་ལ་བཟླས་པ་བྱའོ།། བཟླས་པས་སྐྱོན། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤནྣ་ཏཱཏ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། གསང་སྔགས་འདིས་གཏོར་མ་བཏང་ངོ་།། དེ་ནས་ཡི་གེ་བརྒྱ་པ་བཟླས་པར་བྱའོ།། དེའི་དེ་མ་ཐག་ཏུ་ཡེ་ཤེས་སེམས་དཔའ་མཆོད ་ལ། ཁྱེད་ཀྱིསོ་སེམས་ཅན་དོན་ཀུན་མཛད།། རྗེས་སུ་མཐུན་པར་དངོས་གྲུབ་གསོལ།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་བྱོན་པར་མཛད་དུ་གསོལ། ཞེས་བྱ་བས་གཤེགས་སུ་གསོལ། དེ་ལ་བསྟེན་པའི་སྔགས་ནཱི། ཨོཾ་ནཱི ་ལཱཾ་བ་རོ་དྷ་ར་བཛྲ་པཱ་ཎཾ་ཧཱུཾ་ཧཱུཾ་ཕཿ་དེ་བཞིན་དུ་བརྗོད་པར་བྱའོ།། སྐལ་བར་ལྡན་པས་སྒྲུབ་ཐབས་འདི་ལ་འབད་བས་ན།། རང་གི་འབད་པས་བླ་མའི་མོན་ངག་བདུད་རྩི་ནི།། འཐུངས་ནས་ལུས་ནི་ཡོངས་སུ་རྒྱས་པ་བསྐྱེད་པ་དང་།། རྣལ་འབྱོར་གཅིག་གིས ་བྱང་ཆུབ་ས་ནི་བདེ་ཐོབ་འགྱུར།། སྐྱེ་བ་སྔ་མའི་ཡང་དག་སྐལ་བར་ལྡན་ན་ཡང་།། ཉེས་པ་འདི་དག་ཇི་ལྟར་སྤོང་བར་ནུས་པ་འགྱུར། བླ་མའི་དྲིན་གྱིས་མན་ངག་ཐོབ་པར་གྱུར་པ་ན།། བསྙེན་པ་མེད་ཀྱང་དགོངས་པ་འདི་དག་ཐམས་ཅད་ནི།། དེ ་ཡིས་མྱུར་དུ་དངོས་གྲུབ་ཐོབ་པར་གྱུར་པ་དང་།། དམ་པའི་གྲདམ་ངག་ཕན་པའི་བདུད་རྩི་ཡི།། ཐིགས་པས་སྡུག་བསྔལ་ཕུང་པོ་འཇིགས་པར་བྱེད་པས་ན།། སྐྱེ་བ་རྣམ་རྟོག་རྡུལ་རྣམས་ཞིག་པར་བྱེད་པར་འགྱུར།། ཁྲོ་བོའི་རྒྱལ་པོ་ཆེན་པོ་གོས ་སྔོན་ཅན་གྱི་སྒྲུབ་པའི་ཐབས་སློབ་དཔོན་འགྲོ་བའང་སྙིང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གོར་གྱི་མཁན་པོ་བོརྟི་ཏི་ཏི་ཛ་པ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱི་བགྱུར ་ཅིང་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། བཛྲ་པཱ་ཎི་ཨ་བ་བ་ལིནྟི་བི་དྷི། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གདོར་མའི་ཆོ་ག། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ ་