CLOSE WINDOW

GT1715: phyag na rdo rje gos sngon po can gyi sgrub pa'i thabs
Wyliee-texts produced with BDRC’s OCR application

པ་བྱ།། ཉི་མའི་འོད་ལ་མུན་པ་བཞིན།། ཇོ་བོ་རྟྟི་དང་། རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷཱ་ར་བཛྲ་པཱ་ཎཱི་སཱ་དྷ་ནཾ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི ་ཐབས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། ལྷག་པའི་ཁྲོ་རྒྱལ་སྐྱོན་ཀུན་ལས་རྒྱལ་བ།། རྣམ་དག་བྱང་ཆུབ་སེམས་ཅན་དོན་མཛད་པ།། གོས་སྔོན་ཕྱག་ན་རྡོ་རྗེ་ལ་གཏུད་དེ།། དེ་ཡི་སྒྲུབ་ཐབས་སེམས་ཅན་ཕན་ཕྱིར་བཤད ་འདི་ལ་ལྷག་པར་དབང་བའི་སྔགས་པ་ནི།། སྙིང་རྗེ་ཡིས་ནི་ཡིད་ནི་བཙུགས་གྱུར་ཅིང་།། ལྷག་པོར་མོས་པ་བརྟན་པོའི་ཡིད་ཙན་ནི།། བྱང་ཆུབ་སེམས་ཀྱི་རྣམ་པས་རབ་ཏུ་བརྒྱན།། དཀོན་མཆོག་གསུམ་ལ་གཅིག་ཏུ་སྐྱབས་སུ་སོང་།། བླ་མའི། ་རྗེས་གནང་ཐོབ་ཅིང་ཡོན་ཏན་ལྡན།། རང་འདོད་ལྷ་དང་བླ་མ་དབྱེར་མེད་ལྷ།། ཤིན་ཏུ་བརྩོན་ལྡན་དབང་དུ་གྱུར་པ་ཡིས།། སྔ་བར་ལང་སཽ་ཏེ་སྙིང་ཀར་ཉི་མ་ལ།། ཧཱུཾ་ཡིག་སྔོན་པོ་བུང་བ་ལྟ་བུའི་འོད།། འོད་གསལ་བ་ནི་བློ་ལྡན་གྱིས་བརྟན་ནས།། ཁ ་ལ་སོགས་པ་རབ་ཏུ་དག་པར་བྱ།། ཙཱན་དན་ཨ་ཀ་ར་ཛཱ་ཏི་ཨེ་ལྀ་དང་།། རམས་དང་སྔོ་བ་ཤིང་གི་ལོ་མ་ཡིས།། བསྲེས་པའི་དྲི་ཞིམ་ཆུ་ཡིས་བྱུགས་ལ།། མེ་ཏོག་སྔོན་པོས་ཉེ་བར་བརྒྱན་བྱས་ཏེ།། ཤྲ་དཀར་དྲི་སོགས་བདུག་པ་དག་གིས་ནི།། ་བདག་ཅིང་ཡིད་དུ་འོང་བར་གྱུར་པ་ཡི།། ཉེ་བར་འཚེ་བའི་འཇིགས་པ་རྣམས་སྤངས་ཏེ།། ཡངས་ཤིང་འཇམ་པའི་སྟན་ལ་རབ་འདུག་ནས།། དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བ་ཡི།། བདག་ཉིད་ཁྲོ་རྒྱལ་གཙོ་བོ་དག་ཏུ་ནི།། རྣམ་པར ་བསྒོམས་ནས་གཡས་ཀྱི་སྡིགས་མཛུབ་ལ།། རཾ་ཡིག་དམར་པོ་རྣམ་པར་བསྒོམ་པར་བྱ།། དེ་ནས་དེ་ལས་བྱུང་བའི་ཉི་མ་ལ།། ཧཱུཾ་ཡིག་སྔོན་པོ་ལས་ནི་བྱུང་བ་ཡི།། མི་བཟད་པ་ནི་རྡོ་རྗེ་རྩེ་དགུ་པ།། འོད་ཟེར་རབ་ཏུ་འཕྲོ་བ་བསམ་པར་བྱ།། དེ་ནས་ཕྱོགས ་བཅུ་དག་ཏུ་ནི།། ཁྲོས་པས་སྔགས་ནི་བརྗོད་བྱ་ཞིང་།། གོ་རིམ་ཇི་བཞིན་སེ་གོལ་གྱིས།། གནས་བདག་རྣལ་འབྱོར་བསྲུང་བར་བྱ།། དེ་ལ་གནས་ལ་སོགས་པ་བསྲུང་བའི་སྔགས་ནི།། ཨོཾ་བཛྲ་ཀྲོ་དྷ་སརྦ་བིགྷ་ནཱཾ་ཧ་ན་ཧ་ན་ཧཱུཾ་ཕཊ་ར་ཀཱ་རཱཀྵ་སྭཱ་ཧཱུ~ཾ་ཞེས ་བྱའོ།། དེ་ནས་སྔོན་གསུངས་ཉིད་ཀྱིས་ནི།། དྲི་ཞིམ་ཆུ་ཡིས་དཀྱིལ་འཁོར་ཡང་།། བྱས་ནས་མེ་ཏོག་དགྲམ་པར་བྱ།། ཨརྒྷཾ་ལ་སོགས་ཧཱུཾ་བཟླས་བྱ།། དེ་ནས་རང་གི་སྙིང་གར་འོད་ཟེར་གྱི་ཕྲེང་བའི་ལྕགས་ཀྱིས་བཀུག་པའི་དེ་བཞིན་གཤེགས ་པོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ན་མཁའི་ཕྱོགས་སུ་ཉོ་བར་གནས་པར་ལྷག་པར་མོས་ཏེ། དེ་རྣམས་ལ་ཡང་དག་པའི་དད་པ་ཉེ་བར་བསྐྱེད། དེ་ཀུན་ལ་བླ་ན་མེད་པའི་མཆོད་པ་རྣམ་བདུན་བྱའོ།། དུས་གསུམ་དུ ་བཞུགས་པའི་སངས་རྒྱས་ལ་ལུས་དང་ངག་ཡིད་ཀྱིས་ཕྱག་འཚལ་ལོ།། རབ་གུས་རྒྱ་ཆེའི་མཆོད་པ་ཡིས།། བདེ་གཤེགས་རྣམས་ལ་ཉེ་བར་མཆོད།། འཇིགས་པས་དེ་མདུན་མ་ལུས་པའི།། སྡིག་པ་བྱས་པ་བཤགས་པར་བགྱི།། སངས ་རྒྱུརྒྱས་སོགས་བགྱིད་བསོད་ནམས་ལ། དང་འདིར་རྗེས་སུ་ཡི་རང་ངོ་།། ཆོས་ཀྱི་འཁོར་ལོ་བསྐོར་སླད་དུ།། བདེ་གཤེགས་རྣམས་ལ་བསྐུལ་བར་བགྱི།། བདེ་གཤེགས་མྱ་ངན་འདའ་བཞེད་ལ།། དེ་རྣམས་ཡུན་རིངས་གནས་གསོལ ་འདབས།། གསུངས་མཆོད་རང་བཞིན་བསོད་ནམས་དང་།། དགེ་བ་གཞན་ཡང་བདག་གིས་ནི།། གང་དེ་ཐམས་ཅད་བྱང་ཆུབ་དག། གཅིག་ཏུ་བསྡུས་ནས་བསྔོ་བར་གྱིས།། དེ་ནས་སྐྱབས་སུ་འགྲོ་བྱ་སྟེ།། དུས ་གསུམ་འབྱུང་བའི་སངས་རྒྱས་དང་།། ཐེ་ག་ཆེན་དམ་ཆོས་འདི་དང་ནི།། དགེ་འདུན་སྤངས་རྒྱས་སྲས་ཚོགས་ལ།། བྱང་ཆུབ་བར་དུ་སྐྱབས་སུ་མཆི།། དེ་ནས་བདག་ཉིད་དབུལ་བྱ་སྟེ།། བདག་ཉིད་ཐལ་མོ་སྦྱར་ནས་ནི།། སངས་རྒྱས ་རྣམས་ལ་འབུལ་བར་གྱི།། བདག་ཀྱང་རབ་ཏུ་བཞེས་མཛོད་ལ།། ཇི་ལྟར་དགྱེས་པ་བཞིན་དུ་སྦྱོར།། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། ངོ་མཚར་ཆེ་མཆོག་བྱང་ཆུབ་ནི།། བླ་མེད་དག་ནི་ཐོབ་ནས་སུ།། ཤིན་ཏུ་མཐར་ཐུག་མྱ ་ངན་འདས།། འགྲོ་བ་མྱུར་དུ་དགོད་པར་བགྱི།། དེ་ནས་ལམ་ནི་བསྟན་བྱ་སྟེ།། གང་འདིར་རྒྱལ་དང་རྒྱལ་བའི་སྲས།། སྙིང་རྗེ་མཚིག་གིས་བསྟན་བྱ་བ།། རྡོ་རྗེ་ཐེག་པ་བླ་ནི་མེད།། མཆོག་གྱུར་སྙིང་པོ་བརྟེན་པར་བགྱི།། དེ་ནས་སྙིང ་རྗེ་བསྒོམ་བྱས་ཏེ།། འཁོར་བའི་རྒྱ་མཚོ་མ་བརྒལ་བའི།། འགྲོ་བ་མ་ལུས་རྣམས་བལྟས་ནས།། སྡུག་བསྔལ་སེལ་བར་བྱེད་པ་ཡི།། སྙིང་རྗེ་མཐར་ཐིག་བསྒོམ་པར་བྱ།། དེ་ནས་སྟོང་ཉིད་བསྒོམ་བྱ་སྟེ།། གཟུང་དང་འཛིན་པ་མི་ལྡན ་པའི་མོ་དཔྱད་དངོས་པོ་ཡོད་མ་ཡིན།། དེ་ཕྱིར་འགྲོ་ཀུན་སྟོང་པ་ཉིད།། གཉིས་སུ་མེད་པ་བསྒོམ་པར་བྱ།། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་དྷཱ་ན་སྭ་བྷཱ་བ་ཨཱཏྨ་ཀཽ་ཧཾ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་རྒྱུ་མཐུན་པ་ལས་ཡོང ་རྫོགས་པའི་འབྱུང་བ་བྱནསྟེ། དཀྱིལ་འཁོར་བཞིའི་རྣམ་པའི་འབྱུང་བརྒྱན་རྩ་པ་བྱསྐྱེམ་པཱ་དྱ།། དེ་ལ་ལ་སྨྱོས་སར་པོ་སྟེ།། མཐ་ནམ་ལུས་རྫུ་ནས་མཚན།། གྲཝ་བྱཱཪྶ་པཱ་ལ་རབ་རྒྱས་པའོ།། དབུ་ཅན་དཀྱིལ་འ་བྱུར་དུ་སྒོམ་པར་བྱ། ་དེནས་བཾ་སྐྱེས་དཀར་པོ་ནི།། ཟླུམ་པོ་བུམ་པས་མཚན་པསྟྭཾ།། ཚྭ་ཡི་དཀྱིལ་འཁོར་ནུམ་པོ་དེ།། སྟེང་དུ་གནས་པ་ཡང་དག་བསམ།། དཾ་ནསཱ་ར~ཾ་སྨཻས་དམོར་པོ་ནི།། གྲུ་གསུམ་རཾ་གྱིས་རྗེ་མཚོན་པ།། འབར་ཞིང་འཕྲོ་བ་སྟེང་དུ་ནི།། མེ་ཡི་དཀྱི ་འཁོར་བསོམ་པར་བྱ།། དྲི་ནས་ཡཾ་སྐྱེས་སྔོན་པོ་ནི།། སྦྱར་གཞུ་ལྟ་བུ་འོད་འབར་བ།། བ་དན་དང་བཅས་མཉམ་གཞག་པས།། རླུང་གི་དཀྱིལ་འཁོར་བལྟ་བར་བྱ།། འབྱུང་བ་བཞི་ནི་ཡང་དག་གྱུར།། རྒྱས་འཕྲོ་གཞལ་ཡས་ཁང་པ་སྟེ།། ་རྣམ་སྣང་མཛད་ཀྱི་རོང་བཞིན་ནི།། ཐར་པའི་གྲོང་མཆོག་བསྒོམ་པར་བྱ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་དང་ཡང་དག་ལྡན།། མཆོད་རྣམས་བཞི་ཡིས་ཡོངསུ་བསྐོར།། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། རྡོ་རྗེ་ཐིག་གིས་རབ་ཏུ ་བསྐོར།། དྲ་བ་དྲ་བ་ཕྱེད་པས་བརྒྱན།། བླ་རེ་རྡུ་ཡབ་མེ་ལྡོང་དང་།། གོས་དང་མེ་ཏོག་ཕྲེང་གིས་བརྒྱན།། མཆོད་པ་ལྔ་ཡིས་ཡང་དག་བརྒྱན།། འདོད་ཡོན་ལྔ་དང་ཡང་དག་ལྡན།། གླུ་དང་གར་སོགས་མཆོད་པ་ནི།། ལྷ་རྫས་བསྣམས ་པའི་ལྷ་མོའི་ཚོགསོ།། བ་དན་རྩི་མོ་རླུང་བསྐྱོད་པའི།། དྲིལ་བུ་དག་ནི་ཕྱོགས་སྒོར་འཁྲོལ།། ཁ་དོག་ལྔ་ཡི་འོང་ཚོགས་ཀྱི།། མ་ལུས་པ་འི་ཁམས་ནི་གསལ།། དེ་ཡི་ལྟེ་བར་པདྨ་ནི།། སྣ་ཚོགས་འདབ་མ་གེ་སར་བཅས།། དགའ ་བོ་ལ་སོགས་ཀླུ་བརྒྱད་ནི།། གདན་དུ་རྣམ་པར་བསམ་པར་བྱ།། ཤྭར་ལ་སོགས་པའི་ཕྱོགས་བཞི་རུ།། དེ་བཞིན་གདན་ནི་བསྒོམ་བྱ་སྟེ།། པང་གནས་འཇིགས་བྱེད་སྟག་དང་ནི།། ཆུ་སྲིན་མི་ནི་རིམ་བཞིན་ནོ།། ་ནས་ཕྱི་འཕར་བཞི་པོ་ལ།། རོ་ལ་སྔོན་པོ་བྲིས་པཱ་ཡི།། དཀར་དང་ནཱག་དང་སྒྲོ་སྐྱ་དང་།། དེ་བཞིན་སེར་སྐྱ་བསྒོམས་པར་བྱ།། དེ་ནས་དབུས་གདན་ཤེས་རབ་ནི།། དབྱངས་ཡིག་བཅུ་དྲུག་ངོ་བོ་ཉིད།། རབ་རྒྱས་ཟླ་བ་བསྒོམ་བྱ་བྱ།། མེ་ལོང ་ཡེ་ཤེས་ངོ་བོ་ཉིད།། དེ་སྟེངས་སུམ་ཅུ་རྩ་བཞི་ཡི།། གསལ་བྱེད་སྙིང་རྗེའི་བདག་ཉིད་ནི།། ཉི་མའི་འོད་གསལ་རྣམས་བསམས་པ།། མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད་།། དེ་སྟེང་པ་གིས་ཧཱུཾ་བྱས་པ།། ཡང་དག་སྐྱེསྲ་ལས་རྩེ་ལྔ་པའི།། རྡོ་རྗེ ་ལྟེ་བར་ཧཱུཾ་གིས་མཚན།། སོ་སོར་ཀུན་རྟོགས་ཡེ་ཤེས་བསྒོམ།། ཧཱུཾ་ལས་སངས་རྒྱས་སྤྲོ་བྱ་སྟེ།། བསྡུས་ཏེ་དེ་ལ་དེ་རྣམས་གཞུག། ཡང་དག་འདུས་ནས་དབྱེར་མེད་པ།། དེ་ནི་བྱ་བ་གྲུབ་པོར་བསྒོམ།། ཟླ་བོ་ཉི་མཚན་ཧཱུཾ་ཡིག་ལྔས།། ་སྐྱེས་པའི་རང་ཉིད་གོས་སྔོན་ཅན།། རྣམ་ངག་ཡེ་ཤེས་ངོ་བོ་ཉིད།། ཡུན་རིང་ཕྱག་ན་རྡོ་རྗེ་བསམ།། དབུ་སྐྲ་ཁམ་པ་གྱེན་དུ་འགྲེང་།། ཁྲོ་གཉེར་སྤྱན་ནི་དམོར་བ་སྟེ།། མཆེ་བ་གཙིགས་པ་ཡི་ནི་ཞལ།། གྲོག་གི་ལྗགས་ཀྱིས་འཇིགས ་བྱེད་པ།། འཇིགས་དུས་རླུང་གི་དཔགས་དང་ནི།། ཧཱུཾ་ཡིག་འདོན་པ་ཡི་ན་ཞལ།། ཧ་ཧ་ར་རྒོད་པ་རྩུབ་ཅིང་དྲག། རྒྱ་མཚོ་ཆེན་པོ་ལྟོ་བ་ཆེ།། པདྨ་དབུ་ལྀ་རྒྱས་པར་རོ།། དགའ་བོ་ཉེ་དགའ་རྣ་ཆ་སྟེ།། པདྨ་ཆེན་པོ་ཚངས་སྐུད་དོ།། དུང་སྐྱོང ་ཏཀྵ་ལག་གདུབ་པོ།། རིགས་ལྡན་ཀདྨོ་དཔུང་བརྒྱན་ཏེ།། ལྷག་ཅན་ནོར་རྒྱས་རྐང་གདུབ་པོ།། ཕྲག་པ་ཟླ་བ་ཉི་མས་བརྒྱན།། སེང་གེ་རྐང་བརྒྱད་པགས་པའི་གོས།། རྡོ་རྗེ་ལྕགས་སྒྲོག་རྐེད་པར་དཀྲིས།། བྲང་འགྲོ་ཆེན་པོ་གསོལ་བས་སོ།། རང ་མདོག་རྡོ་རྗེ་རྩེ་གསུམ་ནི།། གཡས་ཀྱི་ཕྱག་ན་བསྣམས་པ་སྟེ།། རྡོ་རྗེ་དབྱུག་ཆེན་མི་བཟད་པ།། གཡོན་གྱི་ཕྱག་ན་བསྣམས་པའོ།། ཉི་མའི་གདན་དང་རྒྱབ་རྟེན་བྲག། གཡོན་བརྐྱང་པཱ་ཡི་ཞབས་ཀྱིས་གནས།། དེ་ནས་དབྱུག་པའི་སྟེང ་བསྡམ་པ།། མཁའ་ལ་འགྲོ་བདག་བྱ་ཁྱུང་སྟེ།། ཁྲོས་ཤིང་ལུས་ནི་ཚི་ལ་དཔའ།། ཁ་གདངས་སྣ་ཚོགས་མདོག་ཅན་ནོ།། རྐང་པ་གཉིས་ཀྱིས་སྦྲུལ་རྒྱལ་པོ།། ཟ་བཞིན་པ་ནི་ཉིད་དུ་བྱེད།། ཟླུམ་ཞིང་ང་མར་ལ་འབར་བའི་སྤྲིན།། ་འཇིགས་ཤིང་ཀུན་ཏུ་སེང་སེང་ལྷ།། དེ་ནས་སྙིང་གར་ཉིན་མཚན་ཧཱུཾ།། དེ་ཉིད་འོད་ཟེར་འཕྲོ་བའོ།། དེ་བཞིན་སྤྱི་བོ་མགྲིན་པ་སྙིང་།། ཨོཾ་ཨཱཿཧཱུཾ་ཡོངས་སུ་བསྒོམ་པར་བྱ་ཞེས་བྱ་བ་ནི་སྦྱོར་བ་དང་པོ་ཞེས་བྱ་བའི་ཏིང་ངེ་འཛིན ་ཏོ།། དེ་ནས་སྙིང་ཉིན་མཚན་གནས་པའི།། ས་བོན་ལས་བྱུང་ཟླ་བ་ནི།། འཇིགས་བྱེད་ལ་སོགས་བརྒྱད་ལ་དགོད་།། ། དེ་རྣམས་ཉི་ག་ནས་དེ་བཞིན་ནོ།། དེ་ལ་ཟླ་ཉི་སྦྱོར་བ་ལོས།། དེ་བཞིན་ས་བོན་བརྒྱད་དུ་གྱུར།། ཧཱུཾ་ཧཱུཾ་ཕུཾཿཀུཎྜ ་ཤ་རཾ་མོ།། ཐིག་ལེ་ནིད་ལྡན་རིམ་བཞིན།། དེ་རྣམས་ཡོངས་སུ་གྱུར་ལས་ལྷའོ།། མཚན་མ་བརྒྱད་ནི་གོ་རིམས་བཞིན།། འོག་ནས་འབྱུང་བཞིན་སྒྲུབ་པ་པོ།། རང་རང་ས་བོན་ཡང་དག་ལྡན།། དེ་ནས་ཟླ་བ་ཉི་མ་དང་།། མཚན ་མ་ས་བོན་ལས་བྱུང་བའི།། དཀྱིལ་འཁོར་པ་ནི་གོ་རིམས་བཞིན།། རང་རང་གདནཱ་གནས་བསམ་པར་བྱ།། དེ་ནས་ཁམས་གསུམ་རྣམ་རྒྱལ་ནི།། ཀུན་ཏུ་སྟོ་བ་འབྱུར་བའི་སྒྲ།། རྩཝ་ཞལ་གནག་ཅིང་དཀར་བ་ནི།། གཡ ་པའི་ཞལ་ཏེ་སྤྱན་མིག་དམར།། གཡོན་ཞལ་དམར་ཞིང་ཤ་རྒྱས་ལ།། ཅུང་ཞིག་མཆེ་བ་གཙིགས་པའི་ཞལ།། སྟག་ལྤགས་གོས་ཅན་ཁྲོས་པ་སྟེ།། ཉི་གནས་རྣམ་པར་འཕྲོ་བའི་འོད།། རྡོ་རྗེ་རལ་གྲི་ལྕགས་ཀྱུ་རྣོ།། གཡས་ཀྱི་ཕྱག ་ན་བསྣམས་པོའོ།། དྲིལ་བུ་ཞགས་པ་མི་མགོ་ནི།། གཡས་ལས་ཅིག་ཤོས་ཕྱག་ན་བསྣམས།། གཡོན་བརྐྱང་བ་ཡི་ཞབསྲ་གནས་པ།། ཤར་གྱི་གདན་ལ་བསྡམ་པར་བྱ།། སྒེག་ཅིང་ལང་ཚེ་དང་ལྡན་ཞིང་།། རྒྱན་རྣམ་ཀུན་གྱིས་རྣམ ་པར་བསམ།། ལྷོ་ཕྱོགས་གདན་གྱི་ཉི་མ་ལ།། ནག་པོ་ཆེན་པོ་དེ་ནས་བལྟ།། སྤྱན་གསུམ་པོ་ནི་དམར་པོ་སྟེ།། གནག་ཅིང་ཁྲོས་པ་མཆེ་བ་གཙིགས།། སྐྲ་ནི་ཁམ་པོ་གྱེན་དུ་འགྲེང་།། གང་ཡང་རུང་བའི་རྒྱན་གྱིས་མཛེས།། སྦྲུལ ་མཆོག་མཆོད་ཕྱིརརྱ་ཐོགས་པ་སྟེ།། གཡོན་བརྐྱང་བ་ཡི་ཞབས་ཀྱིས་གནས།། རྩེ་མོ་རྣོ་ཞིང་འཇིགས་པ་ཡིས།། ཙན་དྲན་པུང་ཤིང་གཡས་ན་བསྣམས།། གཡོན་པའི་ཕྱག་ནི་ཞགས་པ་ནི།། བསྣམས་ཤིང་མི་བཟད་པ་ཡིས ་གཟུགས།། ནུབོ་ཀྱི་གདན་གྱི་ཟླ་བ་ལ།། ཀླུ་ཡི་རྒྱལ་པོ་བ་རུ་ན།། དཀར་པོ་གདེངས་ཀ་བརྒྱད་ཀྱིས་སྒེག། མཉམ་པའི་ཞབས་ཀྱིས་ཡང་དག་གནས།། སྡོང་བུ་དང་བཙོས་པདྨ་ཕྱེ།། གཡས་པའི་ཕྱག་ན་བསྣམས་པའོ།། ད ་ནུས་གཡོན་པའི་ཕྱག་གིས་ནི།། ཕྱག་བྱེད་ཚུལ་དུ་བསྒོམ་པར་བྱ།། བྱང་གི་གདོན་ལ་ཉི་མ་ལ།། གསང་བའི་དབང་ཕྱུག་རྣམ་ཐོས་སྲས།། སེར་ཞིང་བཟང་ལ་མཆོག་ཏུ་དགའ།། ལྷ་རྫས་རྒྱན་གྱིས་རྣམ་པར་བརྒྱན།། ཡིད་བཞིན ་ནོར་བུ་འོད་འཕྲོ་བ།། གཡས་པ་ཡི་ནི་ཕྱག་ནི་བསྣམས།། གསེར་གྱི་ནི་འུ་ལེ་ཁ་འོག་བལྟས།། གཡོན་པ་ཡཾ་ནི་ཕྱག་ན་བསྣམས།། རྟག་ཏུ་བསམ་པ་ཡོངས་རྫོགས་བྱེད།། གཡོན་བརྐྱང་བ་ཡི་ཞབས་ཀྱིས་གནས།། སྤྱན་ནི་ཀུན་ཏུ་དམར་ཞིང་ཆེ།། ལྟོ ་བཱ་ཆེ་ཞིང་སྦོམ་པ་བསམ།། དྲི་ནས་ཕྱི་འཕར་བསིམ་བྱ་སྟེ། ཤར་གྱི་གདན་གྱི་ཉི་མ་ལ།། སྲེག་ཟ་དག་ནི་ཆེ་ཞིང་གནག། རི་དང་སྡིགས་མཛུབ་ཀྱི་ནི་ཕྱག། ལྷོ་ཕྱོགས་གདན་གྱི་ཉི་མ་ལ།། དེ་ནས་དབུགས་འཕྲོ་ག་པ་ནི་བལྟ།། དཱུཪྻ་ལྟ་བུ་ལྗང ་ཞིང་རིང་།། པགས་པ་དང་ནི་སྡིགས་མཛུབ་ཕྱག། ནུབ་ཀྱི་གདན་གྱི་ཉི་མ་ལ།། དམར་པོ་ཁྲག་ཟ་བསྒོམ་པར་བྱ།། སྦལ་པའི་ཁྲག་གིས་གང་བུ་ཡི།། ཐོང་པོ་དག་ནི་ཕྱག་ན་བསྣམས།། བྱང་གི་གདན་གྱི་ཉི་མ་ལ།། ཤ་ཟ་བ་ནི་རྣམ་པར ་བསམ།། ཐལ་བའི་མདོག་ཅན་གྲི་དང་ཞགསོ།། ཕྱག་བསྣམས་འཇིགས་པར་བྱེད་པའོ།། བཞི་པོ་འདི་ནི་སྟོབས་དྲོད་ལྡན།། བོ་ཐུང་གྲིམས་པ་ཡི་ནི་ལུས།། མཆེ་བ་གཙིགས་ཤིང་མི་སྡུག་པ།། སྨ་ར་སྨིན་མ་མགོ་སྐྱེས་ལྡན།། ཧ་ཧར་བཞད ་བཅད་ལྗགས་འདྲིལ་བ།། ཟླུམ་ཞིང་དམར་བ་ཡི་ནི་སྤྱན།། སྨིན་མ་འཁྲོག་ཅིང་གསུས་པོ་ཆེ།། འཇིགས་དུས་ཀྱི་ནི་མེ་ཡི་འོད།། དྲག་པོ་སྟག་ལྤགས་ཀྱི་ནི་གོས།། ཐོད་པའི་རུས་པས་རྣམ་པར་བརྒྱན།། ཞལ་གོཅིག་ཕྱག་གཉིས་ཁྲོས ་པ་སྟེ།། གཡོན་བརྐྱང་བ་ཡི་ཞབས་ཀྱིས་གནས།། ཁམས་གསུམ་རྣམ་རྒྱ་ལྔ་ཞེས་སོགས་ནས།། མདངས་འཕྲོག་མ་ཡི་མཐར་ཐུག་པར།། སྙིང་གར་ས་བོན་གདན་མཚན་མ།། དེ་ཉིད་གསུམ་དང་ལྡན་པ་བསམ།། གཞན་ཡང ་ཡོངས་རྫོགས་དཀྱིལ་འཁོར་ནི།། སྔགས་རིག་པ་ཡིས་བལྟས་ནས་སུ།། རང་སྙིང་ས་བོན་འོད་ཟེར་གྱིས།། ཡེ་ཤེས་འཁོར་ལོ་ཡོངས་སུ་དགུག། དེ་ནས་མདུན་གྱི་ནམ་མཁའ་ལ།། དེ་བཞིན་གཤེགས་པ་ཡང་དག་བཞུགས།། ཧཱུཾ་གིས་བསྲེགས་ནི་བསྐྲད་པ ་སྟེ། བསང་གཏོར་ལ་སོགས་སྦྱར་བར་བྱ།། ཛཿཧཱུཾ་བཾ་ཧོཿས་དགུག་པ་དང་།། གདུག་དང་བཅིང་དང་དགྱེས་པར་ནི།། ཆོ་གས་དམ་ཚིག་ཡེ་ཤེས་ནི།། གཅིག་ཏུ་གྱུར་པར་རྣམ་པར་བསེམ།། དེ་ནས་སྙིང་སྔགས་འོད་ཟེར་གྱིས།། ན་མཁའི་རྒྱལ་བ་བཀུག ་ནས་སུ།། བཞུགས་གསོལ་མེ་ཏོག་ལྀ་སོགས་མཆོད།། བརྟུལ་ཞུགས་དབང་བསྐུར་གསོལ་བ་གདབ།། དེ་ནས་ཡེ་ཤེས་ཆུས་གང་བའི།། རྒྱལ་བདག་རིན་ཆེན་བུམ་པ་ཡིས།། བདག་དང་དཀྱིལ་འཁོར་བཅས་པ་ལ།། སངས་རྒྱས་རྣམས་ཀྱིས་དབུ ་བསྐུར་བསྒོམ།། དེ་ནས་དབང་བསྐུར་ཆུ་གྱུར་པས།། ཀུན་གྱི་དབུལ་མི་བསྐྱོད་དེ།། རལ་པའི་དབུ་རྒྱུན་གྱི་ས་བརྒྱན་པའི།། མིག་སྨན་ལྟ་བུ་བསྒོམ་པར་བྱ།། དེ་ནས་སྙིང་གཱའི་ས་བོན་འོད་།། བྱུང་བའི་ལྷ་མོའི་ཚོགས་རྣམས་ཀྱིས།། ཡང་དག་མཆོད་བཞིན ་བདག་ཉིད་ཀྱིས།། དཀྱིལ་འཁོར་ཡང་དག་ལྡན་པར་བས་མོ།། དེའི་རྗེས་སུ་དཀྱིལ་འཁོར་ཀུན་གྱིས་གླུ་གསུམ་གྱིས་དཀྱིལ་འཁོར་གྱི་དབང་ཕྱུག་གི་བདག་ཉིད་ལ་བསྟོད་བཞིན་པར་བལྟའོ།། གསང་བའི་བདག་པོ་གཙོ་ཆེན་པོ།། སངས ་རྒྱས་སྐུ་དང་འདྲ་བའི་ལུས།། གཏི་མུག་རྡོ་རྗེའི་རང་བཞིན་བདག།། རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད།། གསང་བ་བ~ཾ་བདག་པོ་གཙོ་ཆེན་པོ།། སངས་རྒྱས་གསུང་དང་འདྲ་བའི་ངག། འདོད་ཆགས་རྡོ་རྗེའི་རང་བཞིན་བདག། རྡོ་རྗེའི་གསུང་ལ ་ཕྱག་འཚལ་བསྟོད།། གསང་བའི་བདག་པོ་གཙོ་ཆེན་པོ།། སངས་རྒྱས་ཐུགས་དང་མཚུངས་པའི་ཡིད།། ཞེ་སྡང་རྡོ་རྗེ་རང་བཞིན་བདག། རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། ཅེས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན ་གཉིས་པའོ།། དེ་ནས་རྗེས་སུ་མཐུན་པའི་གཟུགས་ཀྱི་འགྲོ་བའི་དོན་བྱེད་ལ་རྗེས་སུ་གནས་པར་བྱ་སྟེ་སྙིང་གཱའི་འོད་ཀྱིས་བསྐུལ་ཏེ་དཀྱིལ་འཁོར་པ་ཀུན་གྱིས་འོད་སྤྲོ་ཞིང་རང་གི་ལུས་ལ་སྡུད་པར་བསམ་པར་བྱའོ།། རང་ཉིད་དཀྱིལ་འཁོར ་གྱི་གཙོ་བོ་ལས་ཡང་རང་གི་འོད་ཡོངས་སུ་སྤྲོས་ཏེ། སེམས་ཅན་གྱི་དོན་བྱས་ཤིང་རང་ཉིད་ལ་རུང་ཉིད་ཀྱི་བོད་མ་ལུས་པ་བསྡུ་བར་བྱའོ།། ཞེས་པ་ནི་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ།། གཞན་ཡང་བསྒོམས ་པས་སྐྱོན་ང་ལ་སོ་ཞིང་སྔགས་ཡོངས་སུ་བཟླས་པར་བྱ་སྟེ། སྔགས་ཀཱི་ཡོ་གེ་ཕྲེང་བ་སྙིང་གའི་ཉི་མ་ལ་དཀྱིལ་འཁོར་གྱི་རྣམ་པར་གོ་རིམས་བཞིན་དུ་རྣམ་པར་བལྟས་ནས། སྒྲ་ཁྲོ་བོ་དག་གིས་རབ་ཏུ་བཟླས་སོ།། རྡོ་རྗེའི་བཟླས་པ ་མགོ་ལོ་མེའི་འཁོར་ལོའི་རིམ་པས་གཞན་ཉིད་ཀྱང་ངོ་།། ཛཾ་སྲྀད་མི་སྐྱོའི་བར་དུ་ཐ་མའི་མན་ངག་གིས་བཟླས་སོ།། སྔགས་ནི། ཏདྱ་ཐཱ། བྷོ་བྷོ་པནྡྷ་ག~ཾ་ཨ་དྷི་པ་ཏ་ཡཻ། ཨོཾ་དཾན་ལཾ་བར་དྷ་ར་ཤ་རཱི་རཾ། བཛྲ་པ་ཎི་ཧྲྀ་ད་ཡ~ཾ། ཡཿས་མཱ་ཏི ་ཀྲ་མ་ཐ། མ་ཀུ་ལོཏྶ་ད་ནཱཾ། བྷ་བི་བྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མཱ་ཏི་ཀྲ་མ་ཐ། ཧ་ར་ཧ་ར། ནཱ་གཱ་ནཱ། པྲ་ཧ་ར་པྲ་ཏ་ར། ནཱ་གཱ་ནཱཾ། ཙྪིནྣ་ཙྪིནྡ། ནཱ་ག་ཧྲི་ད་ཡཱ་ནི། བྷིནྡ་བྷིནྡ། ནཱ་ག་མརྨཱ་ཎི། བི་ས་མ་ད། ་ནནཱ་ག་ཤ་རི་རཾ། བི་སྥོ་ཊ་ཡ། ནཱ་ག་ནུ་ཡ་ནཱ་ནི་ཏཱདྱ་ཐཱ། ཧཱུ~ཾ་ཕཊ། ནཱ་ག་བཽ་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་གཽཏྶ་ད་ཡ་ཕཊ། ནཱི་ལཱི་བཱ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་པ་ལ། པ་ར་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟི་ཡ་ཕཊ། ཀྲཱི་ཏཱནྟ་རུ་པ་ཡེ་ཕཊ། རོ་ཥེ་ནཱ་ཡ་ཕཊ། ཏཱ་ས་ནཱ་ཡ ་ཕཊ། ཀུཥྨཎྜོཏྶཱ་དཱ་ནཱ་ཡ་ཕཊ། ཕྲེཾ་ཏ་པི་ཤཱ་ཙེ། བཽ་ནཱ་ཤཱ་ཀི་རཱ་ཡ་ཕཊ། ཡཀྵ་ཨེ་པསྨཻ་ར་བི་ནཱ་ཤ་ཀཾ་རཱ་ཡ་ཕཊ། ཧ་ས་ཧ་སངྒ་ར་དྷཱ་ར། མཱ་ར་ཡ་མཱ་རཱ་ཡ། ནཱ་ཤ་ཡ། ནཱ་ཤཱ་ཡ། སརྦཾ་བིགྷ་ནཱ། བི་ནཱཾ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏཱཾ་སཾ་གྷ་བེ་ནཱ་ཤེ་ཀ ་རཱ་ཡ་ཕཊ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡེ་ཏི་སྭཱ་ཧཱ་ཞེས་བྱའོ།། བཟླས་པ་དི་པ་བསྒོམ་པས་སྐྱོན་སྔགས་པས་སྐྱོ་བ་ཡོངས་སུ་སྤང་བའི་ཕྱིར་ལུས་གསོ་བའི་ཆོ་ག་བྱ་སྟེ། བདུད་རྩི་ལྔ་ཞུ་གང་བ་ཡི།། སྤྱི་བོའི་སྟེང་དུ་ཟླ་དཀྱིལ་འཁོར།། ་ཨོཾ་ཡིག་བྱིན་བརླབས་བསྒོམ་པར་བྱ།། དེ་ཡི་འོད་ཟེར་དཀར་སྤྲོས་པས།། ཡེ་ཤེས་བདུད་རྩི་སངས་རྒྱས་ལུས།། འབོད་པས་ཡང་ངག་དགུག་པར་བྱ།། དེ་དག་ཉིད་ལྔས་བསྒྲུབ་བྱ་སྟེ།། རོ་གཅིག་གཉིས་མེད་དག་ཏུ་བ།། སྲོག་དང་རྩོལ ་པ་བསྡམས་པ་ལས།། དེ་ནས་ལེ་གོས་རྒྱུན་ལ་བབས་པས།། བདག་ཉིད་ལུས་ལ་སོགས་པ་དེ།། གསོ་བཞིན་པར་ནི་བལྟ་བར་བྱ།། དེ་ནས་ལངས་པར་འདོད་ན་ནི།། སྨེ་ན་ལོམཾ་དག་ཀྱང་གདབ་པར་བྱ།། ཕྱག་ན་རྡོ་རྗེ་གོས་སྔོན ་ཅན།། གོ་འཕང་མྱུར་དུ་ཐོབ་པར་ཤོག། བསོད་ནམས་འདི་ཡིས་འགྲོ་བ་ནི།། མ་ལུས་པ་ཡིས་ཐོབ་པར་ཤོག། དྲྀ་ན་སཱ་དེ་ཉིད་གསུམ་བརྗོད་པས།། རང་སྙིང་ས་བོན་རང་དཀྱིལ་འཁོར།། བསྡུས་ཏེ་ལྷ་ཡི་རྣམ་པ་ཡི།། ང་རྒྱལ་དག་གིས་གནས ་པབཔར་བྱ།། ཉིན་མོ་ཐུན་གཉིས་རྣལ་འབྱོར་པས།། རང་ཉིད་ས་བོནི་ལས་བྱུང་བའི།། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཀུན།། སྔོན་བཞིན་དུ་ནི་རབ་ཏུ་བྱ།། དེ་ལྟར་ནུབ་ཀྱི་ཐུན་མཆིམས་སུ།། འོན་ཀྱང་ཁྱད་པར་ཡོད་གྱུར་ཏེ།། ཡེ ་ཤེས་འཁོར་ལོ་གཤེགས་སུ་གསོལ།། འཁོར་ལོ་ར་དུ་གི་གཉུག་མར་བསྡུ།། ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ་བའི་སྔགས་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུ་ན་མཛད།། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ།། སངས ་རྒྱུརྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་འདི་རུ་བྱོན་པར་མཛོད།། མུཿཞེས་བྱའོ།། ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ།། གཉུག་མར་དཀྱིལ་འཁོར་བསྡུ་བྱ་སྟེ།། མལ་སྟན་ཀླུ་རུ་བསྒོམ་བྱ་ཞིང་།། བློ་ལྡན་སངྒེ་བཞིན་དུ་ཉལ ་སྔོན་གསུངས་ཀླུ་ནི་གསུམ་པོ་ཡི།། ཐོ་རངས་བདག་ལ་བསྐུལ་བཞིན་པར།། ཀླུ་དབང་རོང་ཉིད་བསམ་པར་བྱ།། ལངས་ནས་སྔོན་གྱི་ཞག་བཞིན་དུ།། བསྒོམ་པའི་རིམ་པ་རོབ་ཏུ་བྱ།། དངོས་སུ་ཐུན་ནི་སོ་སོ་ལ།། ཇི་སྲིད་དངོས་གྲུབ་གྱུར་དེ ་བཞིན།། བགེགས་རྣམས་ཉེ་བར་ནི་དོན་དུ།། སྔགས་རིག་པ་ཡིས་ཐུན་ལ་ནི།། ཇི་ལྟའི་གདམས་ངག་གིས་སྦྱངས་ཏེ།། ཆོ་ག་བཞིན་དུ་གཏོར་མ་སྦྱིན།། རྒྱལ་བས་དབང་བསྐུར་བར་བསམས་ནས།། རང་ཉིད་རྣམ་པར་དག་འདིད་བྱ།། ་རྩཝ་སྔགས་ལན་གསུམ་བརྗོད་ནས་སུ།། བློ་ལྡན་བྱམས་པས་གསོལ་བར་བསམ།། རྐང་འོག་སྣ་ཚོགས་རྡོ་རྗེ་ནི།། ཧཱུཾ་ཡིག་ལས་ནི་བྱུང་བར་བསམ།། དེ་ཡི་སྟེང་དུ་ཧཱུཾ་སྐྱེས་པའི།། རྡོ་རྗེ་རྩེ་མོ་ལྔ་པ་བསམ།། དེ་སྟེང ་འབར་བའི་རྡོ་རྗེ་ཡི།། གུར་ནི་ཧཱུཾ་ལས་བྱུང་བ་སྟེ།། བགེགས་ཀུན་ཞི་བར་བྱ་བའི་ཕྱིར།། བསྒོམ་པ་རྣལ་འབྱོར་པ་ཡི་བྱ།། སྒྲུབ་པོའི་བསྒོམ་དང་རྨི་ལམ་ན།། མཚན་མ་རྙེད་གྱུར་དེ་ནས་ནི།། སྟེགས་བུ་རབ་ཏུ་བསྒྲུབ་པའི་ཕྱིར།། ལྷ་རྣམས་ཀུན ་ལ་མཆོད་པར་བྱ།། རི་བོ་དབེན་པ་སྐྱེད་ཚལ་དང་།། རྒྱ་མཚོའི་འགྲམ་དང་ཆུ་བོའི་ངོགས།། ཡིད་བོང་བྱང་ཆུབ་སེམས་དེ་པའ་གཞི།། མ་མོའི་ཁང་པ་གཉུག་བཞིའམ།། གཞན་ཡང་ས་ཡི་ཆ་ལ་ནི།། དེ་ལ་འཚེ་བ་བྲལ་བ.རུ།། དངོས་གྲུབ ་སྒྲུབ་པའི་ཆོ་གྲཝའི་ཕྱིར།། སྔོན་གསུངས་དྲི་ཡི་ཆག་ཆོག་གདབ།། བཅུ་དྲུག་ལྀ་ལོན་མིག་ཡངས་པ།། ལུས་རྒྱུས་མགོ་སྐྱེས་གནས་པ་ཡི།། ཁྲོ་ཞིང་སྣ་ནི་ཉིག་གྱུར་པ།། བུ་མོ་བློ་ལྡན་གྱིས་བསྒྲུབ་བྱ།། བླངས་ཏེ་ཆུ་དང་འོ་མ་དང་།། དྲི་ཞིམ་ཆུ ་དོ་ང་ལྡན་པ་ཡིསོ།། ཁྲུས་བྱས་གོས་སྔོན་སར་པ་ནི།། དེ་ལ་ཡོངས་སུ་བསྐོན་པར་བྱ།། མེ་ཏོག་སྔོན་པོའི་ཕྲེང་བ་དང་།། སྒྲ་ཡི་ཞགས་པས་དཀྲི་བིར་བྱ།། དཔྲལ་བར་ཐིག་ལེ་བཀོད་ནས་སུཾ།། དེ་ལ་ལྕགས་ཀྱུ་བྲི་བར་བྱ།། ལྕགས་ཀྱུ ་རྩེ་མོ་རྣོན་པོ་ནི།། དེ་ནས་ལག་པ་གཡས་སུ་སྦྱིན།། མཁྲང་ཞིང་གསར་དུ་བྱས་པ་ཡིས།། སྣོད་ནི་དེ་ཡི་གཡོན་དུ་སྦྱིན།། བསྲུང་བའི་སྔགས་ཀྱི་བཟླས་པོ་ཡིས།། དེ་ལ་ཡུངས་ཀར་བརྡེག་པར་བྱ།། འཁོར་ལོས་སྒྱུར་བའི་སྔགས་འདི་ནི།། ་བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ།། དེ་ལ་འཁོར་ལོས་སྒྱུར་བའི་སྔགས་ནི་འདི་ཡིན་ཏེ།། ཨོཾ་བཛྲ་པཱ་ཎི་ཡེ་སརྦ་ཨརྠ་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་བྱའོ།། དེ་ནས་སྔགས་པས་རྔན་བྱིན་ཏེ།། ཐུན་མོང་སྦྱིན་པས་བདི་མཉེས་བྱ།། བདེན་བྲལ་མཚམས ་གནས་བཟང་པོ་ཡི།། ས་ནི་འདི་ཡིས་བླང་བར་བྱ།། ཞི་བའི་སྦུགས་ནི་བརྗོད་པར་བྱ།། ས་ནི་ནག་པོ་བརྐོ་བར་བྱ།། ཕྱུང་སྟེ་སྣོད། དུ་བླུགས་ནས་སུ།། རུང་བའི་གནས་སུ་བླངས་ལ་གཞག། དེ་ནས་ས་ནི་བླངས་པོ་ལ།། དྲི་ཞིམ་ཆུ་བཟླས་དེར ་གདབ་བྱ།། མཐོ་གང་དང་བཅས་སྨྲ་བ་ཡི།། ཁྲོ་ཀླུང་མཐོ་བའི་སྟེགས་སུ་དགེ་ས་ནི་ནག་པོ་དང་བཅས་པའི།། སྔོན་གསུངས་དྲི་ཡིས་བྱུག་པར་བྱ།། སྟེགས་བུ་མེ་ཏོག་སྔོན་པོ་ཡིས།། དུས་གསུམ་དུ་ནི་ཉེ་བར་བརྒྱན།། སྟེགས་བུ་འོག་གིས ་ལ་ནི། དེ་ནས་གོས་སྔོན་རྣལ་འབྱོར་གྱི།། ཏིང་འཛིན་གསུམ་ནི་རབ་བྱས་ཏེ།། བུམ་པར་ལྷག་པར་གནས་པར་བྱ།། ནཱག་ནོག་རྩ་བ་མེད་མཆུ་འཕྱང་།། མགྲིན་རིང་ལྟོ་བ་ཆེ་བ་ལ།། འབྲས་དང་འབྲས་བུ་གསུམ་འོག་མ།། རིན་ཆེནཱ་སྨན་དང་ཡང ་དག་ལྡན།། མེ་ཏོག་འབྲས་བུ་ལྗོན་གྱུར་པའི།། ཡལ་གྲཝ་དག་གིས་ཁ་བརྒྱན་ཏོ།། སྔོན་པོ་མགུལ་པར་གོས་ནི་སྔོ།། སྣ་ཚོགས་མེ་ཏོག་དགོ་གིས་བརྒྱན།། བསམ་གཏན་དཀྱིལ་འཁོར་ཡང་དག་ལྡན།། རྗེས་སུ་མཐུན་པའི་གདན་ལ ་གནས།། ཅི་སྲིད་བརྒྱ་རྩ་བརྒྱད་ཏུ་ནི།། རྩ་བའི་སྔགས་ནི་བཟླས་པར་བྱ།། མཎྜལ་དགུ་ཡི་རིམ་པ་ནི།། དེ་ནས་སྟེགས་བུ་དག་ལ་བྱ།། ལྷ་ཡི་གནས་སུ་ཡང་དག་གནས།། དཀྱིལ་འཁོར་རྣོན་པོ་འགྲོ་ཞུ་ལས།། ལྷ་ཡི་དཀྱིལ་འཁོར་དགེ ་བ་ནི། དཀྱིལ་འཁོར་སྟེང་དུ་ཡང་དག་བལྟ།། ཡེ་ཤེས་དཀྱིལ་འཁོར་བཀུག་ནས་སུ།། ཡང་དག་མཆོད་དེ་རབ་ཏུ་གཞུག། བཙོང་དང་དགྱེས་བྱའི་ཆོ་ག་ཡོས།། ཡང་ནི་ཨརྒྷ་ལ་སོགས་སྦྱིན།། སྣ་ཚོགས ་མཆོད་པས་མཆོད་ནས་ནི།། བསྟོད་དང་སྔགས་ནི་རབ་ཏུ་བཟླ།། ཞག་ནི་ཉི་ཤུ་རྩ་གཅིག་ཏུ།། དེ་ལྟར་ཉི་ར་བཞིན་དུ་བྱ།། སྔགས་པས་བཟླས་པ་ཁྲི་ཕྱུག་གཅིག། ཉི་མ་རེ་རོ་ཡོངས་སུ་བསྐང་།། དེ་ལྟར་བྱེད་པའི་རྣལ་འབྱོར་པས།། ་ཞི་དང་རྒྱས་དང་དབང་དང་ནི།། མངོན་སྤྱོད་ལས་ནི་ཐམས་ཅད་དུ།། དེས་ནི་ངེས་པར་འགྲུབ་པར་འགྱུར།། སྐྱོན་རྣམས་ཐམས་ཅད་ཟད་འགྱུར་ཏེ།། ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར།། དུག་དང་ཉེ་བའི་དུག་དང་ནི།། ཀླུ་ཡི་དུག ་ནི་མེད་པར་འགྱུར།། འཇིགས་པ་བརྒྱད་ཉིད་ཉམས་འགྱུར་ཞིང་།། རིམས་དང་ནད་རྣམས་དེ་བཞིན་ནོ།། མི་མ་ཡིན་ནི་འབྲོས་འགྱུར་ཞིང་།། རྒྱལ་པོ་རྐུན་པོ་དབང་དུ་འགྱུར།། སྡུག་བསྔལ་སྐལ་ངན་དབུལ་བ་དང་།། རྩོད་པ ་སྡིག་པ་བསགས་པ་རྣམས།། མི་འདོད་པ་ཡི་སྦྱོར་བ་ཡང་།། རིམས་ཀྱིས་ཟད་ཅིང་ཟིལ་གནོན་འགྱུར།། གཡེང་དང་ཚེ་དང་ལེགས་སྟོབས་དང་།། རིག་པ་དགའ་དང་འཁོར་གྱིས་རིགས།། ཕྱུགས་དང་ནོར་ནི་ཐམས་ཅད་དང་།། ་ནོར་དང་འབྲུ་ཡང་འཕེལ་བར་འགྱུར།། གཞན་ཡང་སྤོར་བ་ནི་ཡང་དག་པར་བསྐུལ་བ་རྩ་བའི་སྔགས་ནི་ཆུ་ལ་ལན་གསུམ་བཟླས་ཏེ། ཤར་ཕྱོགས་སུ་ཁ་བལྟས་པས་གཡོན་པའི་ལག་པ་ཕྱག་བྱེད་པ་ལྟར་བྱས་ཏེ་སྔགས ་པས་ཁྱོར་བུ་གསུམ་བཏུང་བར་བྱའོ།། ཟླ་བ་དྲུག་གི་ནང་དུ་ཤེས་རབ་དང་ལྡན་པར་འགྱུར་རོ།། སོར་ལྔ་ལྔ་བརྐོས་པའི་འོག་གིས་དཀར་པོ་དང་། འབྲས་ཟན་ལ་རྩ་བའི་སྔགས་ཀྱིས་ལནྡ་བརྒྱ་རྩ་བརྒྱད་བཟླས་ཏེ། རྐུན་པོ་ལ ་མངོན་པར་ཕྱོགས་ཏེ་གྲཏོར་ན་རྐུན་པོ་རངས་པར་བྱེད་དོ།། མྱི་མ་ཡིན་པས་གཟུང་བ་ལ་དེ་བཞིན་དུ་དེའི་དཔུང་པ་ལ་ཡོངས་སུ་བཟླས་ཏེ་སྐུད་པ་སྔོན་པོས་བཅིངས་ན་གྲོལ་བར་འགྱུར་རོ།། བྱི་ལ་འདུག་པའི་ས་ལ་དེ་བཞིན་དུ་ཡོངས ་སུ་བཟླས་ཏེ་དྲིའི་ཆུ་རྨ་བྱའི་སྒྲོའི་ཆུན་པོས་གཏོར་ཏེ། གྲུབ་པའི་དོན་དུ་ཆག་ཆག་བྱས་ན་བྱི་ལ་རབ་ཏུ་ཞི་བར་འགྱུར་རོ།། བ་ལང་གི་སྒྲ་འམ་རཱ་ལ་དེ་བཞིན་བཟླས་ཏེ། སྐུད་པ་སྔོན་པོ་ལ་མདུད་པོ་བརྒྱ་བྱས་ན་ཕྱུགས་ཀྱི་ནད་ཞི་བར ་འགྱུར་རོ།། མི་མང་པོ་འཆི་བའི་སེར་བཞིན་དུ་བཟླས་པའི་དྲི་ཆུ་ལ་འབུ་ཀའི་གཤོག་པས་གཏོར་ཞིང་ཡུངས་ཀར་སེར་པོ་གཏོར་ན་ཞི་བར་འགྱུར་རོ།། ཁྲག་དང་ཉ་དང་། ཤ་དང་། འབྲས་དང་། མོན་སྲན་རྗེ་དུ་བསྲེས་པའི་ཟན ་དང་ཁ་དོག་ཀུན་དང་། ཏིལ་དང་། སྤོས་དང་། མོན་སྲན་དྲིའུ་བཙོས་པས་སའི་ཁམས་སྐྱོང་གངདྲ་བ་ལ་དེ་བཞིན་དུ་བཟླས་ཏེ། གྲཏྟོ་ར་མ་དྲྀ་གང་གི་ཁྱིམ་དུ་གཏོར་བ་དེ་རྩ་བརྒྱུད་འཆད་དོ།། རང་གི་སྙིང་གའི་ཉི་མ་ལས་སྤྲོས ་པའི་རབ་ཏུ་གཏུམ་པའི་འོད་ཟེར་གྱི་ཚོགས་ཀྱིས་ཁམས་གསུམ་དུ་གཏོགས་པའི་དུག་བསྲེགས་བཞིན་པར་རྣམ་པར་བལྟས་ལ་རང་གི་སྙིང་གའི་ས་བོན་ལོས་སྤྲོས་པའི་རབ་ཏུ་དཀར་བའི་འོད་ཟེར་གྱི་བདུད་རྩིས་རྒྱས་པར་སྣང་བཞིན ་བཱར་བལྟ་བར་བྱའོ།། ཁམས་གསུམ་གྱི་དུག་ཉམས་པར་བྱེད་པའི་སྦྱོར་བའོ།། ན་མཁའ་ལ་སྤྱོད་པའི་ཉི་མའི་དཀྱིལ་འཁོར་ལྔ་ཁམས་སེར་པོ་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་མདོག་སེར ་བའི་དུག་གིས་ཕུང་པོར་ཉི་མའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བསྒོམ་པར་བྱའོ།། དེ་ནས་ཉི་མོ་ལས་བྱུང་བའི་དུག་གི་འོད་ཟེར་གྱི་ཚོགས་ཀྱི་ཟེལ་མའི་རྣམ་པ་དམུག་པ་ལྟ་བུ་ལྷུང་སྟེ། སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག ་རྟེན་གཉིས་ཁྱབ་པར་བྱའོ།། བརྟན་པ་དང་གཡོ་བ་དུག་དུ་བྱ་བའི་སྦྱོར་བའོ།། གལ་ཏེ་ཡང་། དུག་དེ་མེད་པར་བྱེད་འདོད་ན། གོང་དུ་བསྟན་པའི་སྦྱོར་བས་བྱའོ།། དུག་བསླང་བའོ།། ཀླུ་རྣམས་ཚར་བཅད་པར་འདོད་ན། ཀླུའི་གནས་སུ་སྔགས ་དེ་ཉིད་ཁྲོ་བོའི་ཚིག་གིས་བཟླས་པར་བྱའོ།། ཀླུ་འབྲོས་པར་འགྱུར་རོ།། གལ་ཏེ་མི་འབྲོས་ན་དེ་རྣམས་སྤྱི་བོ་དང་མིག་བག་གསོ།། མཚོ་སྐམ་མོ།། གཞན་ཡང་ཆུབ་སྐྱེ་བོ་འཆི་བར་འགྱུར་རོ།། ཀླུ་ལ་སོགས་པར་ཆར་བཅད་པའོ།། དེ་ནས ་ཕྱག་ན་རྡོ་རྗེ་གཏུམ་པོའི་སྔགས་ཀྱི་སྦྱོར་བ་བརྗོད་པར་བྱ་སྟེ། ན་མོ་རཏྣ་ཏཱ་ཡཱ་ཡ། ནཱ་མཿཙཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨ་ན་ལཾ། པ་ར་ལེ། དྷུ་རུ་ར་སྭཱ་ཧཱཾ་ཞེས་བྱ་བ་འདིས་སྐེ་ཚེའི་མཱ་རཱྀ་ཁུ་ལ་བརྒྱ་རྩ་བརྒྱད་བཟླས་ཏཾ། ད་ཡཱི་སྫ་རྦཱང ་པོ་བྱུགས་དཔག་ཚད་བནྡྷ་རུ་འགྲོ་ཞིང་སོང་ཡང་མི་འཚེད་དོ།། རྐང་པའི་ཉེ་བར་སྤྱོད་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡཾ། ན་མཿཙཎྜ་བཛྲ་པཱ་ཎ་ཡཾ། མ་ཧཱ་ཡཀྵ་སཽ་ནཱཾ་པ་ཏེ་ཡཻ། ཨོཾ་ཀཱ་མ་ཀ་མ་ཡ་ཀ་བཛྲི་ནི་ཀ་མ་ལ་ཡཽ། ཀཱ་མ་བཱ་སི་ནི་ཀ་མེ་ཤྭ་རི་ནི་མཾཏྟི ་ཀཱ་མ་བཛྲཱི་ནི། ཨཱ་ནཱ་ཡ་ལ་གྷུ་ཆེ་གེ་མོ། མེ་བ་ཤ་མཱ་ནཱ་ཡ་སྭཱ་ཧཱ་ཞེས་བྱ་བཱའི་སྔགས་བཟླས་པར་བྱའོ།། དེ་ནས་གློ་ཁ་ལ་ཚོན་སྣ་མ་ལུས་པས་སོར་བརྒྱད་ཀྱི་ཚད་ཕྱག་གཡས་པ་དང་གཡོན་པ་གཉིས་ན། ས་བོན་གྱིས་གང་བའི་ཤིང་ཏོག ་དང་། རྡོ་རྗེ་བསྣམས་པའི་རྡོ་རྗེ་འདོད་མ་བྲི་ལ། སྙིང་ཀར་དྲི་ཞིམ་པོའི་མེ་ཏོག་ལ་བརྒྱ་རྩ་བརྒྱད་བཟླས་ཤིང་སྙིང་གར་དུས་གསུམ་དུ་བརྡེག་པར་བྱའོ།། ཞག་བདུན་ཕྲག་གསུམ་ན་ཕྱག་རྒྱའི་སྦྱོར་བས་བརྒྱ་བྱིན་གྱི་བུ་མོ་ཡང་འགུགས ་པར་འགྱུར་རོ།། དེ་ལ་ཕྱག་རྒྱ་ནི་ལག་པ་གཉིས་ཕན་ཚུན་སྦྱར་ཏེ། སོར་མོའི་རྩེ་མོ་ཁབ་ལྟ་བུར་བྱས་ཏེ། རྡོ་རྗེའི་རྣམ་པར་མཐེབ་ཚན་གཉིས་ལ་སྦྱོར་བར་བྱའོ།། དབང་དང་དགུག་པའོ།། ན་མོ་རོཏྣོ་ཏཱ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། ་མཧཱ་ཡཀྵ་ས་ནཱ་པཱ་ཏ་ཡེ། ཏདྱ་ཐཱ། ན་མཿཙཎྜ་ཡཀྵི་ནི། ཨོཾསྠི་ནོ། ཙ~ཾ་བི་ཤ་ཧི་ས་ད་ཛཱ་མེ་ད་མ་ཧཱ་ཏ་སྭཱ་ཧཱ་ཞེས་བྱ་བས་ཤར་གྱི་གྲཝར་ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་མདུན་དུ་སྟོང་ཕྲག་གཅིག་བཟླས་པར་བྱའོ།། དེ་ནས་ཕྱག་ན་རྡོ་རྗེ་ལ་ཙཾ་འབྱོར་པས ་མཆོད་པ་བྱས་ལ། སྔགས་བརྒྱ་བླརྒྱའི་བར་དུ་བཟླས་པ་བྱས་ལ་ཉལ་བར་བྱའོ།། དེའི་ཚེ་གང་བསམས་པ་དེ་འགྲུབ་པ་འམོ་མི་འགྲུབ་པ་དེ་ཉིད་བརྗོད་པར་བྱེད་དོ།། རྨི་ལམ་བརྟག་པའོ།། ན་མཽ་རཏྣ་ཏྲ་སཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡ། ་མ་ཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ། ཨོཾ་བཱ་རཱ་ཏི། མ་ཧཱ་བཱ་རཱ་ཧ~ཾ། བཛྲ་བཱ་ར་ཧི། མ་ཧཱ་བཛྲ། མ་ནུ་ཥ་བཛྲ། ཨ་བེ་ཤཱ་ཡ། དེ་བ་ཧྲི་དཱ་ཡ། ཨ་བེ་ཤཱ་ཡ། ཡཀྵ་ཧྲྀ་ད་ཡ། ཨོཾ་བི་ཤ་ཡ། གནྡྷ་ར་བ་ཧྲི་ད་ཡ། ཨ་བེ་ཤི་ཡ། དཾ་ཥཱ་མ་དཾ་ཥྚ། ཨ་བེ་ཤ་ཡ། ་བྷྱ། ཨ་བེ་ཤ་ཡ། ཧཱུཾ་ཧྭཱ་བྷྱཱཾ། གཱརྫྫ་གརྞ། གྷུརྡྷ་གྷུཿ། ནར་ད་ན་ད། ཀཾ་པ་ཀཾ་པ། ཨ་བེ་ཤ་ཡ། ཨ་བཻ་ཤ་ཡ། བྷྲ་མོ་པ་ཏྱཱ་ཡ། སིདྡྷ་ཙཎྜཱ་བཛྲ་པ་ཎཱི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་བྱ་བས་ཨན་དཀར་བའི་ཤིང ་ལ་སོར་བརྒྱད་ཀྱི་ཚད་མའི་པགས་པ་བསྣམས་པའི་རྡོ་རྗེ་ཕག་མོ་མདུན་དུ་གཞག་སྟེ། འབུམ་ཕྲག་གཅིག་བཟླས་པ་བྱའོ།། དེ་ནས་ནག་པོའི་ཕྱོགས་ཀྱི་བརྒྱད་ནས་ནུབ་གསུམ་དུ་སྦྱང་བར་གནས་པས། ལྷ་མོའི་བདུན་དུ ་བུམ་པའི་ཆུ་ལ་བརྒྱ་ཕྲག་བརྒྱད་མངོན་པར་བསྔགས་པར་བྱས་ལ། མེ་ཏོག་གི་ཕྲེང་བ་ཡང་དག་པར་གཞག་སྟེ། ཅི་སྲོད་རང་ཉིད་ལ་མ་བབས་ཀྱི་བར་དུ་བཟླས་པ་བྱའོ།། དེ་ནས་དེ་གོས་དགུ་བྱེད་པའི་གཡོག་པོས་བུམ ་པའི་ཆུས་ཁྲུས་བྱས་ལ། མེ་ཏོག་གི་ཕྲེང་བ་རྐེད་པ་ལ་དཀྲིས་ན་དེ་ནས་བབས་པ་ལས་ལེགས་པར་འགྱུར་རོ།། དེ་ནས་བཟུང་སྟེ་མཐོང་བ་ཙམ་གྱིས་ཐམས་ཅད་ཕོབོས་པར་འགྱུར་རོ།། སྤྲ་ཚིལ་དང་མྱོས་བྱེད་ཀྱི་རང་བཞིན ་གྱི་སྦྲུལྀ་ལ་བརྒྱ་ཕྲག་བརྒྱད་མངོན་པར་བཟླས་ཏེ། ལྷ་ཆེ་གེ་མོ་ཤིག་ཅེས་ཀྱང་བརྗོད་པར་བྱའོ།། དེ་ནས་སྦྲུལ་གྱིས་འཛིན་པར་འགྱུར་རོ།། ཆུ་བོས་བར་དུ་ཆོད་པའི་གྲོང་ཡང་འཛིན་ཏེ། དེ་ཡང་གཞན་གྱིས་འཚེ་བའི་ནུས་པ ་མེད་དོ།། གཞན་ཡང་འཚོ་བར་འདོད་ན་གཟུང་བའི་མི།། ལྷ་མོའི་མདུན་དུ་ཁྲུས་བྱས་ལོ།། ལྷ་མོ་འོ་མས་ཁྲུས་བྱས་ན་དེ་ནས་སོས་པར་འགྱུར་རོ།། ཚ་བ་གསུམ་གྱིས་ལྟོ་བ་བཀང་བའི་སྤྲ་ཚིལ་གྱི་རང་བཞིན་གྱི་གཟུགས ་བྱས་ཏེ། མྱོས་བྱེད་ཀྱི་ཚེར་མས་ཕུག་ལ་སེང་ལྡེང་གི་མེ་ལ་ཉིན་ཞག་བདུན་དུས་གསུམ་དུ་གདུངས་ན། གང་གི་མིང་ནས་གཟུང་བ་དེ་དབང་དུ་འགྱུར་རོ།། དེ་ལྟར་ཕོ་བ་རིས་དཀར་པོའི་སྦྱིན་སྲེག་ཞག་བདུན་དུ་བྱས་ནཱ་དེ་དབང་དུ ་འགྱུར་རོ།། དེ་ཡོང་ལྷ་མོ་གཡོན་པའི་ཕྱག་གིས་རྡོ་རྗེ་གཟུང་བ། གཡས་པའི་ཕྱག་གིས་མདུང་འཕྱར་པ། མི་བཟད་ཅིང་བོང་ཐུང་ལ་ཁྲོ་བོའི་ལྟེ་སྟངས་ཅན་གཡས་བརྐྱང་བའི་ཞབས་ཀྱིས་གནས་པའོ།། ལོས་ཀྱི་སྦྱོར་བ ་གཞན་དང་གཞན་ནི་གཞུང་མངས་པས་འཇིགས་པས་ན་འདིར་མ་བརྗོད་དོ།། སྔོན་གྱི་སློབ་དཔོན་བྱས་པའི་གཞུང་།། བལྟས་ནས་མ་རྒྱས་འཁྲུག་པ་ལ།། དེ་དག་རྒྱས་ཕྱིར་འདི་བྱས་ལ།། བདག་ལ་མཁས་རྣམས་བཟོད ་པར་མཛོད།། གོས་སྔོན་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ནི།། རབ་རྒྱས་སྦྱོར་བ་དང་ལྡན་བྱས་པ་ལས།། བདག་གི་བསོད་ནམས་བསགས་པ་དེ་ཡིས་ནི།། གོས་སྔོན་རྡོ་རྗེ་འཛིན་པོ་དགྲ་རྒྱལ་ཤོག། ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས ་ཕྱག་བྱས་པའི་ཕྱག་ནི་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས། སློབ་དཔོན་མཁས་པ་ཆེན་པོ་དཔལ་སྟོང་པ་ཉིད་ཏིང་ངེ་འཛིན་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རང་གི་བླ་མ་ཉིད་ལ ་ཐོས་ནོས་ཁམས་པ་དགེ་སློང་བ་རི་ལོ་ཙ་བ་ཆེན་པོ་རིན་ཆེན་གྲགས་པས་བསྒྱུར་ཅིང་། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཨ་བི་ཡུགྣ་དང་། ཞུ་ཐིག་བྱས་ནས་གཏན་ལ་ཕབ་པའོ།། ། ་