| Wylie | e-texts produced with BDRC’s OCR application |
བར་མི་ནུས་སོ།། ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས།། སློབ་དེ་བོན་ཆེན་པོ་བྲདྡྷ་ཀཱར་བརྨས་མཛད་པ་རྫོགས་སོ།། ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱོག་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀླུ་རིགས ་ལྔ་ལ་དུག་ལྔ་སྟེ།། འགྲོ་བ་གཞན་ལ་གནོད་པ་བྱེད།། གནོད་པའི་མཚན་ཉིད་འདི་ལྟ་སྟེ།། བྲག་པར་གྲོག་པོ་གཏུང་རིངས་དང་།། རཱི་ཕུག་དོག་དང་སྒྲོ་དོག་མྱོར།། མོ་ཤོང་བཞིན་དུ་འཆང་བ་དང་།། ལྷ་ཁང་ཁང་ཧྲུལ་ཉམས་མི་དགའ།། ཆུ་དང་འངན ་རྫབ་ཟབ་པ་དཱ་ན།། གཡག་དང་བ་ལ་བར་ལུག་དང་།། རི་དྭག་ས་གཅན་གཟན་ཁྱི་ཡིས་འཚེ།། གཟར་བའི་རི་ལ་འཛེག་འབབ་རྨི།། ལུས་དང་ཤེས་པ་ལྕི་བ་དང་།། གཉིད་ཆེ་སེམས་དཀར་སྣང་གླུ་ལྡན།། སྤྲོ་ཐུང་སྙིང་མི་དགའ་བ་འོང་།། བཅོམ། ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་བསྲུང་དང་གསོ་བྱིའི་ཕྱིར།། རྫས་ཀྱི་སྦྱོར་བ་བསྟན་པར་བྱ།། ཐུན་མོང་སྦྱོར་བ་བཤད་བྱ་བ།། རི་དགས་ལྟེ་དྲི་འདྲེ་གསོད་ཆུ།། ནགས་ཀྱི་རྩི་དང་རྩེ་བོ་ཆེ།། དྲི་ཆེན་ཉྫ་ཡི་མཁྲིས་པ་དང་།། བྱི་སྐུ་བདུན་དུ ་སྦྱར་བ་ཡི།། ཀླུ་གཉན་ས་བདག་ནག་མོ་བསྐོར།། འབྱུང་པོ་རྣམས་ཀྱིས་མི་ཚུགས་ཤིང་།། མཛ་འབྲས་ཤུ་བ་སྟོང་པོ་དང་།། ལ་ལྡོགས་གཡེམ་པ་མེ་དཔལ་དང་།། གག་པ་ལྷོག་པ་རྨ་རིམས་དང་།། ཚད་རིམས་རྒྱུ་གཟེར་འབྱུང་པོ་འི་ནད།། ་བཟའ་དང་གདགས་དང་བྱུག་དང་དུག། ཐམས་ཅད་འཇོམས་པར་བྱེད་པའི་མཆོག། ཁྱད་པར་སྦྱོར་བ་རྣམ་པ་བཞི།། ལྟེ་དྲྀ་ཤཾ། ཀུན་ཨཱ་རུ་ར།། དྲི་ཆུས་སྦྱངས་ཤིང་ཁོང་དུ་བཏུང་།། སྐད་སྙན་ཆེ་རིང་ནད་སྐེམས་སྲུན།། ལྷ་དྲི་འདྲེ་གསོད་ཐང་ཆུ ་དང་།། ནགས་ཀྱི་རྩེ་དང་རྩི་བེ་ཆེ།། བྱ་སྭཱ་ཧ་ལ་ཛ་ཏི་དང་།། ཨ་མྲྀ་ཏ་སྦྱོར་བཅད་པའོ།། ལྷོ་དྲི་འདྲེ་ཞོ་སོད་རུ་རྟ་ནག། བདུད་རྩི་རྒྱ་ཆེ་ལ་ས་ཚིལ་དང་།། བྱི་སྐུ་ཧོ་ལ་མི་ཕྲག་བཅུད།། བྱུག་པའི་རྫས་སུ་བཤད་པ་ཡིན།། རུས་ཆེན་མནན་ལ་བདུག ་པ་བྱ།། ཉི་མའི་འོད་ལ་མུན་པ་བཞིན།། ཇོ་བོ་རྟྟི་དང་། རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷཱ་ར་བཛྲ་པཱ་ཎཱི་སཱ་དྷ་ནཾ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི ་