CLOSE WINDOW

GT1712: nam mkha' lding gi rgyal po rdo rje sgrub pa'i thabs zhes bya ba
Wyliee-texts produced with BDRC’s OCR application

སྔགས་བཟླས་བརྗོད་རྫོགས་སོ།། །། རྒྱ་གླར་སྐད་དུ། བཛྲ་པ་ཏི་རཱ་ཛ་ཏུ་ཎ་ཌཱ་ས་དྷ་ནཱཾ་ནཱ་མ། བོད་སྐང་དུ། ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ། གནོད་སྦྱིན་གྱི་སྟེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག ་འཚལ་ལོ།། རེ་ཞིག་དང་པོ་དབེན་པའི་གནས་སུ། རིག་པ་འཛིན་པ་དེས་ཁྲུས་བགྱིས་ཏེ་གཙང་མར་བགྱིས་ལ། གོས་གསར་པ་བགོས། དམ་ཚི་ག་དང་སྡོམ་པ་ལ་གནས་ཤིང་། གཙང་སྦྲའི་སྤྱོད་པ་དང་བཅས་པས་མཎྜལ་བའི་རྣམ ་ལྔས་བྱུགས་ལ། སྤོས་ཀྱི་དཀྱིལ་འཁོར་བགྱིས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཟུགས་སམ། མཆོད་རྟེན་སྐུ་གདུང་དང་བཅས་པ་དཀྱིལ་འཁོར་དེའི་དབུས་སུ་བཞག་སྟེ། སྤོས་ཆབ་ཀྱིས་བཀྲུ་བར་བྱའོ།། མེ་ཏོག་དང ་བདུག་པ་ལ་སོགས་ཏེ། མཆོད་རྫས་རྣམས་བཤམས་ལ་སྟན་བདེ་བ་ལ་འདུག་སྟེ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་ལ་དེའི་རང་བཞིན་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ཡོངས་སུ་བསམ་པར་བྱའོ།། དེའི་འོད་ཟེར་གྱིས་བླ་མ་དང་ལྷག ་པའི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཀུག་སྟེ། ཕྱག་འཙལ་བ་དང་། མཆོད་ཅིང་བཤགས་པ་དང་། རྗེས་སུ་ཡི་རང་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་མི་འདའ་བར ་གསོལ་བ་གདབ་པ་དང་། དེ་དག་དགེ་བའི་རྩ་བར་བསྔོས་ཏེ་གཤེགས་སུ་གསོལ། ཚངས་པའི་གནས་བཞི་བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་མཚན་དང་དཔེ་བྱད་ལྡན་པར་བསྐྱེད་ལ། སྙིང་རྗེ་དང་བྱམས་པ་དང་། བཏང ་སྙོམས་ཆེན་པོའི་ངང་གིས་སྔགས་འདི་བརྗོད་པར་བྱའོ།། ན་མོ་བྷ་ག་བ་ཏེ་ཤཱཀྵ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། བྷུ་ཛ་སཽ་མ་ཡེ། ཏུ་ས་ཊྚ་ཕེཾ། པྲ་བ་ར་བྷུ་ཛ། ས་མནྟ་ཨ་ཀ་བྷུ་ཛ། ཏུ་རུ་ཏྲོ་རུ་སྭཱ་ཧཱ། ས་མ་ཡ་པཱ་ལཱ་ཡ་སྭཱ་ཧཱ། ན་སརྦ་ས་ཙ་ན་ད་སྭཱ་ཧཱ། ་ཀླུ་མི་འགྲུངས་པ། དམ་ཚིག་མི་འཚལ་བ་རྣམས་སྐོར་བཟློག་ཅིང་བསྐང་པོའི་ཕྱིར་ལེནྡྲ་བདུན་བརྗོད་དོ།། སྭ་བྷྱོ་བ་བ~ཾ་ཤུདྡྷ་སརྦ་དྷརྨཱས་བྷཱ་བ་བི་ཤུདྡྷི་ཧཾ་ཞེས་བརྗོད་པས་ང་ཉིད་ཀྱི་ངང་ལས་བཛྲ་བ་ཏི་ག་རུ་ཌ་ཞེས་སྒྲའི་རྣམ་པ་དང་བཅས་ཏེ ་དྲོ་བོར་གནས་པ་ལས་དེ་ཉིད་ཡོངས་སུ་གྱུར་པ་ལཱསརིན་པོ་ཆེ་འབར་བ་ཧཱུཾ་གིས་མཚན་པཾ། འོད་ཟེར་གྱི་ཕྲེང་བ་རྣམ་པར་འཁྲུག་པར་གྱུར།། དེ་དག་ཡོངས་སུ་གྱུར་པཱ་ལས་རཱྀ་ཛ་སྲྀད་ཧཱུ~ཾ་ཞེས་པས་ན་མཁ ་ལྡིང་གི་རྒྱལ་པོ་གསེར་གྱི་འདབ་མ་ཙ་ན།། རྡོ་རྗེའི་མཆུ་ཅན་བདག་ཉིད་ཆེན་པོའི་ལུས་འབར་བ་རྡོ་རྗེའི་རིང་བཞིན། ཁྲོ་བོ་འཇིག་སུ་རུང་བའི་རྩལ་ཅན། རིན་པོ་ཆེ་ཐ་ངང་པ་སྣ་ཚོགས་དང་། མ་ཏིག་དང་། མ་ནི་ཤལ་དང་། གས ་གྱིས་སྤྲས་པའི་རྒྱན་མགོ་ལ་ཐོགས་པ། གསེར་གྱིས་ཀླུབས་པ། དྲེགས་པའི་གཟུགས་ཅན་འགྱིང་བར་ལྟ་བ། ཀླུ་ཆེན་པོ་བརྒྱད་གདན་དུ་བཅས་པ། ཀླུ་མགོ་དགུ་པ་བརྒྱན་དུ་བྱས་པ། ཀླུ་མགོ་གསུམ་པ་གཡས་ན་ཐོསྨྲས་པ། ནོར་བུ་རིན་པོ་ཆེའི ་དབྱུག་པ་གཡོན་ན་ཐོགས་པ། ལུས་ཐམས་ཅད་རྡོ་རྗེ་འབར་བ་གསེར་གྱི་རླུང་བཞིན་གཤོག་པའི་འདབ་མ་བརྐྱང་བས་ཀླུ་རིགས་དབང་དུ་བསྡུད་པ། མ་མྀག་འཁོང་རྣམ་པ་ལྡི་ན་མོ་ཀྱིས་བསྐོ་ཞིན་ཏུ་མ་རྒྱ་ག་སན་ལྡི་གི་རྒྱུ་བའི་ཕྲག་རྒྱ་ལསཏེ། ཨོཾ་སུ་པྲ་ཏཱིཥྛ་བཛྲ་དུནྟི་མི་ལི ་མི་ལྀ་སྭཱ་ཧཱ། དེ་ནས་བརྟན་པར་བྱས་ཏེ་ལུས་བསྲུང་བར་བྱའོ།། དེ་དང་འདྲ་བའི་ན་མཁའ་ལྡིང་གི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཡང་དག་པར་མཆོད་ཅིང་བསྟོད་ལ་དེ་ཉིད་ཀྱི་རྟེན་ལ་བསྟིམ་པར་བྱའོ།། དེ་ནས་ཇི་ལྟར་སྐྱོ་བར ་མ་གྱུར་གྱི་བར་དུ་སྤྲོ་བ་དང་བསྡུ་བའི་རིམ་པ་བྱའོ།། དེ་ཉིད་གསལ་བར་མ་གྱུར་ན་སྐྱོན་སྤངས་པའི་བཟླས་པ་བྱའོ།། ཨོཾ་བཛྲ་བ་ཏི་ག་རུ་ཎུ་བེ་ག་ཏ་ཧཱུཾ་ཧཱུཾ་ཛ་ཛ་ར་ཛ་ཧཱུཾ་ཕཊ་ཅེས་ཉནི་གཅིག་བཞིན་སྔགས་སྟོང་ངམ་ཁྲི་བརྗོད་དོ།། ནམ་ལུས་ཀྱི ་མི་ཐུབ་པར་སྐྱོ་བར་གྱུར་པའི་ཚེ་ཁེ་ཟས་དཀར་པོ་བཟའ་བར་བྱ་སྟེ། ཡང་ཁྲུས་བྱས་ལྀ་བསྒྲུབ་པར་བྱའོ།། གུ་གུལ་གྱི་དུང་པས་བདུག་གོ། མེ་ཏོག་དང་། བདུག་པ་དང་། ཡོན་ཆབ་དང་། མར་མེ་དང་། བ་ཤོས་གཙང་ལ་སོགས་ཏེ། གཏོར ་མའི་རྫས་ཅི་འབྱོར་པས་མཆོད་ཅིང་། ཡང་དག་པར་བསྟོད་ནས་ཉལ་ན། དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་ཞིང་ལས་ཐམས་ཅད་འགྲུབ་པར་འགྱུར་ལ། མཆོག་དང་ཐུན་མོང་ཐམས་ཅད་སྦྱིན་པར་འགྱུར་རོ།། ཅི་བསྒོ་བ་དེས ་བྱེད་པར་འགྱུར། གྲུབ་ནས་ཀྱང་རྟག་ཏུ་མཆོད་པར་བྱའོ།། ན་མཁའ་ལྡིང་གི་རྒྱལ་བ་སྟོན་པའི་ཆོ་ག། སློབ་དཔོན་པརྱ་ཙརྞྞས་མཛད་པ་རྟོགས་སོ།། ། རྒྱ་གར་སྐད་དུ། བཛྲ་པཱ་ཎཱི་སཱ་དྷ་ནཱ་ནཱ་མ། བོད་སྐད་དུ ་