| Wylie | e-texts produced with BDRC’s OCR application |
ལྔ་དང་དྲི་ཆུ་ལྔ།། བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ལ།། ཆོ་ག་བཞིན་དུ་ལྟར་བསྐྱེད་དེ།། དེ་ནས་སྒྲུབ་པོའི་གནལ་མལ་བཅའ།། གཞོན་ནུས་བཀལ་བའི་སྐུད་པ་ཡིས།། བདག་དང་ལྷ་རུ་འབྲེལ་པར་བྱ།། སྤྲོ་བ་གསུང་གི་རང ་བཞིན་ལ།། བསྡུ་བ་སྔགས་ཀྱི་ཡན་ལག་ཡིན།། སྐྱེ་བར་གྱུར་ན་གཟུངས་ཐག་གཟུང་།། སྟེང་དང་འོག་གི་ལ་མོ་གཉིས་ལ།། བརྟེན་པས་མཚན་མ་འབྱུང་བར་འགྱུར།། མེད་ན་ལས་ཀྱི་སྦྱིན་སྲེག་བྱ།། དེ་ཡིས་འབྲས་བུ་འབྱིན་པར་བྱེད།། འདི་ནི་བུམ ་པའི་སྒྲུབ་པ་སྟེ།། ། ལམ་བརྟེན་བཟླས་པའི་སྒོར་འཇུག་ཡིན།། དབང་བསྐུར་བ་དང་ཁྲུས་ལ་སོགས།། གང་བྱས་དངོས་གྲུབ་འབྱུང་བར་བྱེད།། སྣོད་ལྡན་རྣམས་ཀྱིས་འདི་ཡི་དོན།། རྟོགས་ནས་ཐུན་མོང་མཆོག་ཐོབ་ཤོག། བུམ་པའི་སྒྲུབ་ཐབས ་ཞེས་བྱ་བ། སློབ་དཔོན་སུ་བཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཏཽཏྟ་པྲ་དཱི་པ་ནཱ་མ། བོད་སྐད་དུ། དཱི་ཁོ་ན་ཉིད་སྒྲོལ་མ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། མཐུ་སྟོབས་ཀུན་གྱི ་བདག་བོ་ནི།། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས།། བསྙེན་བསྒྲུབ་ལས་སྦྱོར་ལ་སོགས་པའི།། རྟགས་ཀྱི་རིམ་པ་བྲི་བར་བྱ།། དེ་ལ་རྟགས་ནི་བཞི་ཡིན་ཏེ།། ལྷ་གྲུབ་གདོན་རྣམས་ཐུབ་པ་དོང་།། ནད་ཕྱིར་བྱུང་དོང་མི་ལྡོག་པའོ།། ལྷ་ནི་ཉེ་བར་གྲུབ ་གྱུར་ན།། ཡང་དག་རྟགས་དང་བདུད་ཀྱི་རྟགས།། རྣམ་པ་གཉིས་སུ་ཤེས་པར་བྱ།། དང་པོ་རྣམ་པ་གསུམ་ཡིན་ཏེ།། མངོན་སུམ་རྨི་ལམ་ཉམས་མྱོང་ངོ་།། དབང་པོའི་མངོན་སུམ་དག་ཏུ་ཡང་།། ལྷ་ཡི་སྐུ་མདོག་ཕྱག་མཚན་གཟུགས།། རྟེན་དང ་ལུས་ལས་འོད་བྱུང་བ།། མིག་གིས་མཐོང་ངམ་ཉམ་སུ་འབྱུང་།། རྣ་བས་དག་པའི་གསང་སྔགས་ཐོས།། དེས་ནི་དངོས་གྲུབ་གཉིས་ཀ་འབྱུང་།། འབྲིང་ནི་རྨི་ལམ་གསལ་པོ་ལ།། དངོས་དང་ཕྱག་འཚལ་མཆོད་རྟེན་དང་།། མེ་ཏོག་སྔོ་དང་ཁྱེ་ཆུང་སྔོ།། ་བླ་མ་སངས་རྒྱས་མཐོང་བ་དང་།། རི་བོ་འཛེག་དང་ལྷ་ཡུལ་མཐོང་།། དངོས་གྲུབ་འགྲུབ་ཏུ་ཉེ་བ་སྟེ།། བསྙེན་པའི་རྟག་སུ་ཤེས་པར་བྱ།། རང་གི་ཉམསུ་འབྱུང་བ་ནི།། ལུས་ལ་སྲོག་ཆགོས་སྔར་བས་ནི།། ཕྱི་དང་ནང་དུ་ཉུང་བ་དང་།། རིག་པཾ་ཤྲཱིན ་ཏུ་བདེ་བ་དང་།། ཉོན་མོངས་རྣམ་རྟོག་ཤས་ཆུང་བའོ།། གོང་དུ་བསྟན་པ་དེ་རྣམས་ཀྱང་།། ཡང་ན་འཇིགས་དང་བཅས་པ་དང་།། ཁ་དོག་སྐྱེ་ལ་མདངས་མེད་དང་།། འོད་ཀྱང་སྔོ་ཞིང་མི་རྟག་དང་།། ནམ་གུང་མན་ཆད་རྨི་ལམ་ནི།། སང་ནས་འཇིགས་ཤིང ་སྐྱེསྤྱི་གཡབ་བ།། བདུད་ཀྱི་རྟགས་སུ་ཤེས་པར་བྱ།། སྔར་གྱི་རྟོག་པ་སངས་པ་ནི།། ནད་རྣམས་ཕྱི་ལ་ཐོན་པའི་རྟགས།། གཟུགས་བརྙན་བསྲེགས་པར་ཐལ་བར་གྱུར།། དགྲ་བོ་ཡུལ་ནས་ཐོན་གྱི་རྨི།། འོག་ཏུ་བཅུག་པས་དངོས་པོ་བརླག། ཕྱིརྱ་མི ་ལྡོག་པའི་རྟགས་ཡིན་ཏེ།། དེ་རྣམས་ལས་ཟློག་ངན་པ་ཡི།། རྟག་སུ་ངེས་པར་ཤེས་པར་བྱ།། འདི་ལ་བརྟེན་ནས་འདིར་ཞུགས་རྣམས།། འདི་ཡི་དངོས་གྲུབ་ཐོབ་པར་ཤོག། དེ་ཁོ་ན་ཉིད་སྒྲོལ་མ་ཞེས་བྱ་བ། སློབ་དཔོན་སུ་བཱ་གཱི་ཤྭ་ར་ཀོ་རྟིས ་མཛད་པ་རྫོགས་སོ།། ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། བསྙེན་སྒྲུབ་རྟགས་དང་ལྡན་གྱུར་ནས།། སྤུར་ཞིང་གསང་བའི་ལས་ངག་བརྩམ།། དེ་ཡང་ལས་ཚོགས་བསྡུས་པ་ལས།། ཞི་བར་མ་གྱུར ་