CLOSE WINDOW

GT1704: shes par byed pa'i don 'grel sgron ma
Wyliee-texts produced with BDRC’s OCR application

མཛད་པ་རྫོགས་སོ།། །། པཎྜི་ཏ་དཱ་པཱཾ་ཀ་རཱ་ཤྲི་ཛྙཱ་ན་དང་། ལོ་ཙ་བརྒྱ་བརྩོན་འགྲུས་སེང་གྲེས་བསྒྱུར་བའོ།། ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། སངས་རྒྱས་བྱེ་བ་ཕྲག་འབུམ་བྱེ་སྙེད་ཀྱིས།། རྗེས་གནང་ལས་ཀྱི་ཁྲོ་བོར ་དབང་བསྐུར་བའི།། མཐུ་སྟོབས་བདག་པོ་གདུག་པའི་གེ་ཉིན་པོ་ལ།། དང་བས་ཕྱག་འཚལ་སྒྲུབ་པའི་གོ་རི་མ་བྲི།། དང་པོར་གནས་དང་དཀྱིལ་འཁོར་བ་ཤོམ།། མཆོད་རྟེན་སྔོན་པོ་བུམོ་པ་བཅས།། གཏོ་བཅས་མཆོད་རྫས་ཁྲུས་བྱས་ལ།། ་མཆོད་རྟེན་སྔོན་པོ་བུམ་པ་དང་།། གཏའ་གཏོར་མཆོད་ཡོན་བྱིན་གྱིས་བརླབ།། སེམས་བསྐྱེད་སྣོད་བཅུད་སྔགས་ཀྱིས་སྦྱང་།། ཚོགས་བསགས་མགྲོན་གྱི་ལྷ་རྣམས་གཤེགས།། བགེགས་བསྐྲད་མཚམས་བཅད་ཆེད་མེད་བསྒོམ།། སྟོང ་ཉིད་བསྒོམས་ལ་འབྱུང་རྣམས་བསྐྱེད།། རི་རབ་སྟེང་དུ་སྲུང་འཁོར་བསྒོམ།། དེ་དཀྱིལ་གཞལ་ཡས་ཁང་དང་གཱ་དན།། ཡིག་འབྲུ་རྣམས་ལས་ལྷ་རྣམས་བསྐྱེད།། ཐུགས་ཀར་ཡེ་ཤེས་འཁོར་ལོ་བསྒོམ།། བྱིན ་བརླབས་ལུས་བསྲུང་བརྟན་པར་བྱ།། ཡེ་ཤྲཱིས་འཁོར་ལོ་དགུག་གྲདན་དབུལ།། ཕྱག་འཚལ་མཆོད་བསྟོད་སྡིག་བཤགས་བསྟིམ།། བྱིན་བརླབས་འོད་ཟེར་གསུམ་འཕྲོ་འདུ།། དབོང་བསྐུར་ལྷ་རྣམས་སྤྱན་དྲངས་མཆོད།། སྡིག་བཤློགས ་གཟུངས་ལྟར་རྗེས་གན་དུ་བྱ།། དབང་བསྐུར་བྱིན་བརླབས་དེ་ཉིད་བསྟིམ།། ལྕེ་ནི་བྱིན་བརླབས་སྐྱོན་སྤངས་བཟླས།། བསྙེན་དུས་ལྷར་གཏོང་སྤྲོ་བསྡུ་བྱ།། མཐུན་མཚམས་ཕྱེ་ལ་མཆོད་གཏོར་བཏང་།། གཤིགིས་གསོལ་བསྐྱེད་བསྡུ་མི ་དམིགས་བསམ།། བསྙེན་པ་རྟགས་ལྡན་དངོས་གྲུབ་བླང་།། རྟ་གཏོར་ནམ་གུང་ཐོ་རངས་དུས།། དབང་བསྐུར་རྒྱས་གདབ་བུམ་ལྷ་གཤེགས།། ལུས་བསྲུང་སྤྱོད་ལ་མཽ་རྣལ་འབྱོར་བྱ།། རྟགས་རྣམས་སྒྱུ་མ་ལྟ་བུ་གཟུང་།། དྲི་དོན ་གཞན་ལ་སྨྲ་མི་བྱ།། སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་འདི།། ཚིག་རྐང་སུམ་ཅུས་དེ་ཉིད་དོན་བསྡུས་ནས།། ཤེས་པར་བྱེད་པའི་དོན་འགྲེལ་སྒྲོན་མ་འོད།། བྱས་པའི་དགེ་བོ་སེམས་ཅན་ཀུན་ལ་བསྔོ།། ནོངས་པ་མཆིས་ན ་འཕགས་པས་བཟོད་པར་གསོལ།། སློབ་པོར་གསུང་གི་དབང་ཕྱུག་གྲགས་པས་མཛད་པ་རྫོག་སོ།། ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚོལ་ལོ།། དུས་གསུམ་བདེ་གཤེགས་སྐུ་གསུམ་སྲས་བཅས་ཀྱིས ་